མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2022.10.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལག་བསྟར་བྱེད་པ། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གྱི་ཚ་རླབས་བསླངས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་བསྒྲུབ་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་དར་ཆ་མཐོན་པོར་བསྒྲེང་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བ། མཐུན་སྒྲིལ་མདུན་སྐྱོད་བྱེད་པའི་ཚོགས་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་གཏན་ཁེལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་སྟེང་ཕུལ་བའི་སྙན་ཞུ་ཡི། མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བདེན་ལུགས་ཀྱི་འོད་སྣང་འཚེར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་དང་བསམ་བློ་བ། འཐབ་ཇུས་པ་ཡིན་པའི་བློ་སྤོབས་ཆེན་པོ་དང་མཐོང་རྒྱ་ཆེན་པོ་དང་ལྟ་བ་ཟབ་མོ། རླབས་ཆེན་གྱི་ཇུས་འགོད་མངོན་པར་བྱས་ཡོད་ལ། ཏང་དང་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་པོ་དང་། ཏང་གི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་བརྩོན་ལེན་བྱེད་པའི་ཆབ་སྲིད་ཀྱི་སྒྲོག་གཏམ་དང་འགུལ་སྐྱོད་ཀྱི་རྩ་གནད་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་འོད་སྟོང་འབར་བའི་ཚད་ལྡན་ཡིག་ཚགས་ཡིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཏང་ནམ་ཡང་ལམ་དུ་ཡོད་པའི་རིག་པ་གསལ་བོ་དང་བློ་རྩ་བརྟན་པོ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བའི་ཆོད་སེམས་བརྟན་པོ་གསལ་བསྒྲགས་བྱས་ཡོད། ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་ཐད་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི་ཏང་གི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་མངོན་པར་མཚོན་ཡོད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་ཐད་རེ་བ་གསལ་བོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བསམ་བློའི་སྣེ་ཁྲིད་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་མུ་མཐུད་དུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རུ་བདམས་ལ། དེ་ནི་ཏང་ཡོངས་ཀྱི་འདོད་བློ་དང་མི་དམངས་ཀྱི་རེ་འདོད། དུས་རབས་ཀྱི་ལྡོག་མེད་ཆོས་ཉིད་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆབ་སྲིད་ཀྱི་བློ་གྲོས་དང་ལོ་རྒྱུས་ཀྱི་ཁག་ཁུར། རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ། ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་བའི་བསམ་བློ་མངོན་ཡོད་་པ་དང་། ཏང་སེམས་དང་དམག་སེམས། དམངས་སེམས་འདུས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་བའི་ཐད་ཆབ་སྲིད་བསམ་བློ་དང་རྩ་འཛུགས་སྟེང་གི་གྲ་སྒྲིག་བཟང་བོ་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་གྱི་འཕོ་འགྱུར་གྱི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་པའི་སྟེང་ཤུགས་འདོན་པ་དང་། གཏན་ཕབ་གཉིས་བརྩི་སྲུང་བྱེད་པ་དང་སྲུང་སྐྱོང་གཉིས་བསྒྲུབ་པའི་སྟེང་འགུལ་སྐྱོད་བྱེད་དགོས། ཏང་དང་རྒྱལ་ཁབ་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་ཐུབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་བྱས་པའི་མཛུབ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་འབྲེལ་ཐབས་མེད། དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ཁྲོད་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། བསྐྱོད་ལམ་གསར་བ་ཧུར་ཐག་གི་སྐྱོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཁྲོད། གཏན་ཕབ་གཉིས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་ལས་དོན་གསར་བ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཛམ་གླིང་གི་ལྟ་བ་དང་བྱེད་ཐབས་སྨྲ་བར་རྒྱུས་ལོན་བྱེད་པའི་སྟེང་ཤུགས་འདོན་པ་དང་། ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་སྟེང་འགུལ་སྐྱོད་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་གཞུང་ལུགས་མཛུབ་སྟོན་ནི་ང་ཚོ་ཏང་གི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱེད་པའི་རྩ་བ་ཡིན། མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་གནས་ཚུལ་དངོས་གཉིས་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ན། ད་གཟོད་ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བར་ལན་འདེབས་ཐུབ་པ་དང་། ད་གཟོད་མར་ཁེ་སི་རིང་ལུགས་ཀྱི་སྐྱེས་སྟོབས་དང་གསོན་ཤུགས་ཆེན་པོ་སྲུང་འཛིན་བྱེད་ཐུབ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གནས་ལུགས་དང་འཇིག་རྟེན་ཁམས་དང་མི་ཚེ་སྐོར་གྱི་གནས་ལུགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་ལྟ་ཚུལ་དང་བྱེད་ཐབས་བཀོལ་སྤྱོད་དང་རྒྱུན་འཁྱོངས་བཟང་བོ་བྱེད་པ། ཟུང་འབྲེལ་གཉིས་དང་ངེས་པར་དྲུག་གི་སྲོག་ཤིང་གོ་དོན་དང་ལག་ལེན་རེ་བ་ཁོང་དུ་ཆུད་པར་བྱེད་པ། ནང་དོན་ལ་གོ་བ་ཟབ་མོ་ལེན་པ། དེའི་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་རུབ་བྱེད་པ་དང་ལག་ལེན་གྱི་ནུས་པ་མཐོར་འདེད་བཏང་སྟེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་མར་ཁེ་སི་རིང་ལུགས་ཀྱི་དུས་རབས་གསར་བའི་ལེའུ་གསར་བ་འབྲི་བའི་ཐད་བྱས་རྗེས་འཇོག་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལས་འགན་ཁོང་དུ་ཆུད་པར་བྱེད་པའི་སྟེང་ཤུགས་འདོན་པ་དང་། ཏན་ཏན་ཏིག་ཏིག་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་སྟེང་འབད་འཐབ་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་རེ་བ། རྩ་དོན་གལ་ཆེན་བཅས་ཀྱིས། ང་ཚོ་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་བ་དང་འཐབ་ཇུས་སྟེང་རྒྱུན་མ་ཆད་པར་ཇེ་ལེགས་སུ་བཏང་བ། ལག་ལེན་སྟེང་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དེ་དང་མཉམ་དུ་འཛམ་གླིང་གི་དེང་རབས་ཅན་གྱི་གཞུང་ལུགས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མཚོན་པ་དང་། འཛམ་གླིང་ལ་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་བ་གསལ་སྟོན་བྱས་ནས། མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཐད་གདམ་གསེས་གསར་བ་འདོན་སྤྲོད་བྱས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བ་བྱེད་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ། བཅོས་བསྒྱུར་གྱི་གནད་འགག་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱེད་པ། ཚན་རིག་ཐོན་སྐྱེད་ནུས་པ་དང་པོ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་དང་པོ། གསར་གཏོད་ཀྱི་སྒུལ་ཤུགས་དང་པོ་བཅས་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་གིས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་སྔོན་རྩིས་གཏན་འཇགས་སུ་གཏོང་བ། ཡུན་རིང་ལ་ཕན་འདོགས་པའི་འགན་སྲུང་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། རང་རྟོན་རང་ཚུགས་དང་རང་དར་བྱེད་པ། བགྲོད་ལམ་མི་འགྱུར་བ་དང་བློ་རྩ་བརྟན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་དར་གྱི་ལམ་བུ་དང་བསྐྱར་དར་གྱི་ལམ་བུ་རུ་བསྐྱོད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། རླབས་ཆེན་གྱི་རང་ངོས་བཅོས་བསྒྱུར་ལ་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་རེ་བ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པའི་སྟེང་ཤུགས་འདོན་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་སྟེང་འབད་འཐབ་བྱེད་དགོས། ཏང་ཀྲུང་དབྱང་གིས་ལོ་བཅུར་གྲ་སྒྲིག་འབད་འཐབ་བྱེད་པའི་ངེས་ཤུགས་ལ་བརྟེན་ནས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་མང་པོར་འགལ་རུང་། མི་གྲངས་དུང་ཕྱུར་བཅུ་བཞིའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་འགན་འཁྲི་ཁག་ཁུར་དང་ཞུམ་མེད་སྙིང་སྟོབས་ཀྱིས། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་སྔ་ན་མེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། རང་ངོས་གསར་བརྗེའི་མཉམ་སྡེབ་བྱེད་ཐབས་བཀོལ་ནས། ང་ཚོ་ཏང་རྙོག་བཅོས་རྒུད་དར་གྱི་ལོ་རྒྱུས་ཀྱི་དུས་འཁོར་རེའུ་མིག་ལས་ཕྱིར་འབུད་པའི་དྲི་བ་གཉིས་པར་ལན་བཏབ་པ་དང་། ཏང་དེ་གསར་བརྗེ་རང་བཞིན་གྱི་རྡུང་བཟོ་ཁྲོད་སྔར་ལས་བརྟན་བརླིང་སྟོབས་ལྡན་དུ་བསྒྱུར། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་སྤེལ་ན། ངེས་པར་དུ་བྱེད་དགོས་པ་གསུམ་ཡིད་ལ་དམ་པོར་འཛིན་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པའི་བློ་རྩ་བརྟན་པོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་རང་ངོས་གཙང་བསྒྱུར་དང་རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་ཆེར་སྐྱེད་པ་དང་། སྤྱོད་གཙང་སྲོལ་བཟང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་གྲུབ་པར་བྱེད་པ་དང་ལས་གཉེར་ལས་སྐྲུན་གྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་རེ་བ་ཁོང་དུ་ཆུད་པར་བྱེད་པའི་སྟེང་ཤུགས་འདོན་པ་དང་། བསྐྱོད་ལམ་གསར་བར་ཧུར་ཐག་གིས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པའི་ཐད་ནས་འབད་འཐབ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོ་ཏང་གིས་མི་དམངས་ལ་རྒྱབ་རྟེན་ནས་འབད་འཐབ་ལྷོད་མེད་བྱས་ཏེ། རྒོལ་ཐབས་མེད་པའི་འགག་སྒོ་རེ་རེ་བཞིན་བརྒལ་གཏོར་བྱས་པ་དང་། མི་སེམས་འགུལ་བའི་གྲུབ་འབྲས་ངོ་མཚར་བ་བསྐྲུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སེམས་གཅིག་ལ་ཕྱོགས་པ་དང་ཤུགས་མཉམ་འདོན་བྱེད་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། མཐུན་སྒྲིལ་འབད་འཐབ་རྒྱུན་འཁྱོངས་བྱེད་པའི་དུས་རབས་གསར་བའི་རླབས་ཆེན་འཐབ་རྩོད་ཀྱི་ལག་ལེན་ཁྲོད་སྤྱི་སྡོམ་བྱས་པའི་ཉམས་མྱོང་གལ་ཆེན་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་བཀོལ་སྤྱོད་བཟང་བོ་དང་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ། འབད་བརྩོན་ལྷོད་མེད་བྱེད་པ། གོམ་སྟབས་རེ་རེ་བཞིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཀོད་པའི་ཇུས་ཆོད་བཀོད་སྒྲིག་ལག་ཆེན་ལག་ཏུ་བསྟར་བ་དང་ཕན་འབྲས་ལེན་ཐུབ་པར་བྱས་ནས། སྟོབས་ཤུགས་ཡོད་རྒུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པ་དང་། སྤྱི་ཁོག་ནས་རྒྱུས་ལོན་བྱེད་པ་དང་ཕྱོགས་ཡོངས་ཆ་ཚང་ཡིན་དགོས་པ་མ་ཟད། གཙོ་གནད་འབུར་དུ་ཐོན་པ་དང་གནད་འགག་དམ་འཛིན་བྱེད་དགོས་པ་དང་། སློབ་སྦྱོང་དང་རྒྱུས་ལོན་བཟང་བོ་བྱེད་དགོས་པ་མ་ཟད། ལག་བསྟར་དེ་ལས་ནན་མོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་འོག་རིམ་ལ་སྣེ་ཁྲིད་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མྱུར་དུ་འགུལ་སྐྱོད་བྱས་ནས། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་ཚིག་འབྲུ་རེ་རེ་བཞིན་སློབ་སྦྱོང་བྱས་ཏེ། རྒྱུས་ལོན་ཡང་དག་པ་དང་ཆ་ཚང་བ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་དགོས། དྲིལ་སྒྲོག་སྒྲོག་འགྲེལ་ལ་རྩ་འཛུགས་ཞིབ་མོ་བྱེད་པ་དང་། བསམ་བློའི་རང་བཞིན་དང་ཁ་གཏད་རང་བཞིན། སྐྱེ་སྟོབས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསལ་བོར་བཤད་པ་དང་། ཏང་ཡོན་ལས་བྱེད་པས་གོ་དོན་ལེན་ཐུབ་པ་དང་རྒྱུས་ལོན་བྱེད་པ། ལག་བསྟར་བྱེད་ཤེས་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་གྱི་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོའི་ཁྲོད་ལག་བསྟར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་ཐད་ནས་བདེ་ཐང་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་ད་ལོའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། སང་ལོའི་བྱ་བར་འཆར་འགོད་བྱས་ཏེ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།