ཟླ་བཅུ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བ་དང་མཚོ་སྔོན་ཐཱན་མེད་ཐོན་ལས་ར་བའི་ཁུལ་དུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། བསམ་བློ་དང་ཆབ་སྲིད་། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་བསམ་ཕྱོགས་གསར་བ་དང་ཆོད་གཏམ་གསར་བ། བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་བཅས་ལག་བསྟར་ནན་མོ་བྱས་ཏེ། དུས་རབས་གསར་བ་དང་སྐྱོད་ལམ་གསར་བར་ཧུར་ཐག་གིས་བསྐྱོད་པའི་ལག་ལེན་ཁྲོད་གྲུབ་འབྲས་གསར་བ་བསྐྲུན་དགོས།
སྒྲོག་འགྲེལ་བྱེད་སྐབས། ཞིན་ཁྲང་ཞིང་གིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། སློབ་སྦྱོང་གི་མྱོང་ཚོར་གླེང་ལ། ཁོ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བར་སྣེ་ཁྲིད་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས། རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། དར་ཆ་མཐོན་པོར་བསྒྲེང་པ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་པ། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། ཆེས་རྩ་བ་དང་ཆེས་གལ་ཆེ་བ་ནི་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་དེ་ཡིན་པ་དང་། དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་རྩ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་སྣེ་ཁྲིད་ལ་རག་ལས་པས། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་རྒྱུ་ནི་བསྐྱོད་ལམ་གསར་བའི་སྟེང་ང་ཚོས་དཀའ་ངལ་ཡོད་ཚད་ཁྱད་སེལ་བྱེད་པ་དང་ཚོད་བགམ་ཡོད་ཚད་ཐེག་ཐུབ་པ། རྒྱལ་ཁ་ཡོད་ཚད་བརྩོན་ལེན་བྱེད་པའི་ཆེས་ཆེ་བའི་ངེས་གཏན་རང་བཞིན་དང་ཆེས་ཆེ་བའི་གདིང་ཤུགས། ཆེས་ཆེ་བའི་འགན་སྲུང་ཡིན་པས། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་ནས། མགོ་མཇུག་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཁོང་དུ་དམ་པོར་འཛིན་དགོས་པ་ལྔ་དང་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་རྒྱུས་ལོན། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་པའི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། རང་སོ་སོའི་ལས་རྐང་ལ་རྐང་འཛུགས་པ། བདེན་འཛིན་དངོས་གཉེར་དང་མཐུན་སྒྲིལ་འབད་བརྩོན་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཀོད་པའི་རླབས་ཆེན་འཆར་འགོད་མངོན་འགྱུར་ཡོང་བར་བྱེད་དགོས།
སྒྲོག་འགྲེལ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་ཕེབས་ནས་གཟིགས་ཞིབ་མཛད་མྱོང་བའི་པན་ཡན་སྡེ་བ་རུ། ཞིན་ཁྲང་ཞིང་འཚེམ་དྲུབ་ར་བ་དང་ནས་ཆང་བཙག་ས། སྡེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་བརྗོད་དོན་འགྲེམ་སྟོན་ཁང་བཅས་ལ་སོང་ནས། ཚང་མ་དང་མཉམ་དུ་དུས་རབས་གསར་བའི་ལོ་བཅུའི་རིང་གི་སྡེ་བའི་འགྱུར་ལྡོག་གླེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེའི་གཟེངས་བསྟོད་རྟགས་མའི་མདུན་དུ། ཁོས་འདི་ནི་པན་ཡན་སྡེ་བའི་གཟི་བརྗིད་ཡིན་ལ། མཚོ་སྔོན་གྱི་གཟི་བརྗིད་ཀྱང་ཡིན་པས། ཡུལ་མི་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ནས་གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་སྤེལ་ཏེ། འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས་ཞེས་བཤད། མཚོ་སྔོན་ཐཱན་མེད་ཐོན་ལས་ར་བའི་ཁུལ་དུ། ཞིན་ཁྲང་ཞིང་གིས་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ར་བའི་ཁུལ་གྱི་འཛུགས་སྐྲུན་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བརྟན་བརླིང་ངང་སྤེལ་བའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ཐད་ནས་བརྗེ་རེས་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་ཐཱན་རྩེར་སོན་མངོན་འགྱུར་བྱེད་པའི་ཕྱོགས་ནས་སྔོན་དུ་ཚོད་ལྟ་བྱེད་པའི་མངགས་བཅོལ་ཕྱིར་དྲན་བྱས་པ་མ་ཟད། ཁོ་ཚོས་ངལ་རྩོལ་གྱི་སྙིང་སྟོབས་དང་ལག་ཤེས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་ནུས་ཤུགས་འདོན་རྒྱུའི་སྐུལ་མ་བཏང་།
ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལིས་ཧྭན་དང་ཀྲུའུ་ཞང་ཧྥིན་གཉིས་སྒྲོག་འགྲེལ་ལ་ཞུགས།