མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2022.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་བཅུ་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། མིག་སྔའི་ཞིང་ཆེན་ཡོངས་དང་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་ཞིང་། མིག་སྔའི་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་བརྡར་གཅོད་བྱས་པ་མ་ཟད། གོ་རིམ་རྗེས་མའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།

ཚོགས་ཐོན་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་རྒྱུས་ལོན་བྱེད་པ། ལག་བསྟར་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དམིགས་ཚད་དུ་འཛིན་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་སྔར་ལས་ཇེ་ཆེར་གཏོང་བ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་གྱི་སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། རིམས་ནད་འགོག་སྡོམ་བྱེད་པ་དང་དམངས་ཚིས་འགན་སྲུང་བྱེད་པ་དམ་འཛིན་བྱེད་པ། ཕྱོགས་གཅིག་གི་རིམས་ནད་མྱུར་དུ་འགོག་སྡོམ་བྱེད་པ་དང་། སྤྱི་ཚོགས་ངོས་ཀྱི་གཙང་སེལ་མྱུར་དུ་མངོན་འགྱུར་བྱེད་པ། སེམས་ཁུར་མངོན་པར་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་དང་མི་ཚོགས་གཙོ་བོའི་དམིགས་བསལ་དགོས་མཁོར་འགན་སྲུང་བྱས་ཏེ། རྣམ་འགྱུར་བརྟན་པོ་དང་འགུལ་སྐྱོད་མགྱོགས་པོ། སྤྱོད་ཚུལ་བཟང་བོས་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་དགོས།

ཚོགས་ཐོག་ནས་གྱིས་བསྟན་དོན། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་ཇེ་བརྟན་དུ་གཏོང་ན། རིམས་ནད་གྱི་འགོག་ར་ཇེ་བརྟན་དུ་གཏོང་བ་མ་ཟད། དམངས་ཚིས་འགན་སྲུང་ཇེ་བརྟན་དུ་བཏང་སྟེ། འགོག་སྡོམ་ཐད་སྟོབས་ཤུགས་ལྡན་པ་དང་གཟིགས་སྐྱོང་ཐད་ནས་དྲོད་ཁོལ་ལྡན་པར་བྱེད་དགོས། འགུལ་སྐྱོད་ནི་ཆེས་སྟོབས་ཤུགས་ལྡན་པའི་སྒྲོག་གཏམ་ཡིན་པ་དང་། ལག་བསྟར་ནི་ཆེས་ཕན་འབྲས་ལྡན་པའི་ཁག་ཁུར་ཡིན་ལ། རིམས་ནད་ནི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་རྒྱུགས་ཆེན་ཡིན་པས། ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཙོ་གནད་སྔོན་སྣུར་དང་སྟོབས་ཤུགས་གཞི་རིམ་དུ་བཀོད་སྒྲིག་བྱེད་པ། ཚད་མཐའ་བསམ་བློ་དང་མཐར་ཐུག་བསམ་བློ་ཇེ་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་རིམས་ནད་འགོག་སྡོམ་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། རིམས་ནད་འགོག་སྡོམ་བྱ་བ་སྟབས་བདེ་ཅན་དུ་བསྒྱུར་བ་དང་དབྱེ་འབྱེད་མི་བྱེད་པ། རིམ་པ་བཞིན་གོང་དུ་སྤར་བ་སོགས་ཀྱི་སྣང་ཚུལ་མི་འབྱུང་བར་བྱེད་པ། དུས་ཐོག་ཏུ་སྤྱོད་ཚུལ་སྟེང་གི་གནད་དོན་མི་བཟང་བ་ཡོ་བསྲང་བྱེད་པ། བརྩེ་སེམས་ལྡན་པ་དང་འགན་འཁྲི་ཁྱེར་ནས་མང་ཚོགས་ལ་དྲོད་ཁོལ་ལྡན་པའི་ཞབས་ཞུ་འདོན་སྤྲོད་བྱེད་པ། དུས་ཐོག་ཏུ་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་སེམས་ཁྲལ་བྱེད་པ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་བཅད་དེ། འཚོ་བའི་ཉེར་མཁོའི་དངོས་རྫས་ཀྱི་མཁོ་འདོན་ཕུན་སུམ་ཚོགས་པ་དང་དངོས་གོང་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་པ་དང་། མང་ཚོགས་ཀྱིས་སྨན་བཅོས་སྨན་བཀོལ་ཐད་གནོད་པ་མི་ཐེབས་པར་ཁག་ཐེག་བྱེད་དགོས། གླེང་ཕྱོགས་དྲིལ་སྒྲོག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། དྲ་ཐོག་ཡུལ་དངོས་དང་དོན་ཆེན་དོན་ཆུང་ལ་གཅིག་འདོམས་བྱེད་པ། དུས་ཐོག་ཏུ་ཁུངས་བཙན་པ་དང་ཡང་དག་པའི་རིམས་ནད་ཆ་འཕྲིན་དང་འགོག་སྡོམ་བྱ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ། སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ལ་ཕྱིར་ལན་བཏབ་ནས། རིམས་ནད་འགོག་སྡོམ་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས།

རིན་ཆེན་མཚོས་བསྒྱུར།