ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།
2022.11.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་ཟི་ལིང་གི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་པར་མ་ཟད་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་མྱོང་ཚོར་ལ་རྐང་འཛུགས་པ་དང་མང་ཚོགས་ཀྱི་ལངས་ཕྱོགས་སྟེང་འགྲེངས་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་གནད་དོན་ཐག་བཅད་དེ། རིམས་ནད་འགོག་སྡོམ་གྱི་བྱ་བའི་བྱེད་ཐབས་སྣ་ཚོགས་རྒྱུན་མ་ཆད་པར་ལེགས་སྒྱུར་དང་ལག་བསྟར་བྱེད་དགོས།

ཉིན་དེར། ཞིན་ཁྲང་ཞིང་གིས་ཁ་པར་སྣེ་ལེན་བྱས་པའི་གནས་ཚུལ་ལ་སྐབས་བསྟུན་འཐེན་ཞིབ་བྱས་པར་མ་ཟད། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྲོང་ཁྱེར་འཁོར་རྒྱུག་བཀོད་འདོམས་ལྟེ་གནས་སུ་སོང་ནས་ཁ་པར་སྣེ་ལེན་བྱས་པའི་གྲངས་ཀ་དང་རོགས་སྐྱོར་ནང་དོན། དང་ལེན་རྐྱེན་སྲོལ། ཕྱིར་བཅར་ཡིད་ཚིམ་ཚད་སོགས་གནས་ཚུལ་ལ་རྒྱུན་ལོན་གསལ་བོ་བྱས། ཁོས་བསྟན་དོན། ངེས་པར་དུ་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་ལས་རེས་ལས་སྲུང་བྱས་ཏེ། བློ་འདྲི་ཁ་པར་དུས་ཚོད་ཉེར་བཞིའི་ནང་གེགས་མེད་སྣེ་ལེན་བྱེད་པར་ཁག་ཐེག་བྱེད་དགོས། མང་ཚོགས་ཀྱི་རོགས་སྐྱོར་གནང་རོགས་ཞུ་བའི་བྱ་བ་ལྗིད་ཡང་དུས་ཐོག་ཏུ་དང་ལེན་བྱེད་པ་དང་། དམིགས་བསལ་ལྡན་པའི་བྱ་བ་དམིགས་བསལ་སྒོས་སྒྲུབ་པ་དང་བྲེལ་མྱུར་ཆེ་བའི་བྱ་བ་མྱུར་དུ་སྒྲུབ་ནས། རང་ནུས་ཅི་ཐུབ་ཀྱིས་བྱ་བ་སྒྲུབ་པའི་དུས་ཚོད་ཇེ་ཐུང་དུ་གཏོང་དགོས། བྱ་བ་སྒྲུབ་པའི་གནས་ཚུལ་ཐད་ནས་རྗེས་འདེད་བྱེད་པ་དང་། ཕྱིར་བཅར་བྱེད་པ་བརྒྱུད་དེ་བྱ་བ་སྒྲུབ་ཚད་དང་བར་ཆད་དང་མི་འདང་སར་རྒྱུས་ལོན་བྱས་ནས། དུས་ཐོག་ཏུ་ལེགས་སྒྱུར་བྱེད་དགོས།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྲོང་ཁྱེར་འཁོར་སྐྱོད་བཀོད་འདོམས་ལྟེ་གནས་ཀྱི་སྒོ་ཁ་རུ་བཀའ་སྒུག་བྱེད་པའི་བརྩེ་ལྡན་རླངས་འཁོར་རུ་ཁག་གི་དང་བླངས་པ་མཐོང་ཚེ། ཞིན་ཁྲང་ཞིང་གིས་ཁོ་ཚོའི་འཚོ་བའི་འགན་སྲུང་དང་མི་སྒེར་གྱི་འགོག་སྲུང་། རླངས་འཁོར་གཏོང་ཐེངས། ཞབས་ཞུའི་ནང་དོན་སོགས་གནས་ཚུལ་གསལ་བོར་དྲིས། ཁོས་བཤད་རྒྱུར། ཁྱེད་ཚོ་ནི་རིམས་ནད་འགོག་སྡོམ་གྱི་དང་བླངས་པ་ཡིན་ལ། འགོག་སྡོམ་བྱ་བའི་དྲིལ་སྒྲོག་པ་ཡང་ཡིན་པ་དང་། བློ་སེམས་རྩེ་གཅིག་གིས་རིམས་འགོག་བྱེད་པའི་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱེད་མཁན་དེ་ལས་ཀྱང་ཡིན། ཚང་མས་རིམས་འགོག་ཡུལ་དངོས་སུ་འབད་འཐབ་བྱས་ཏེ། ཁྱིམ་སྡོད་སྡོད་དམངས་ཀྱི་སེམས་བདེ་བར་བྱས་པ་དང་ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྒྲོག་བྱས། འབྲེལ་ཡོད་སྡེ་ཁག་གིས་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་། རིགས་མི་འདྲ་བའི་ཆེད་ལས་དང་བླངས་དཔུང་སྡེ་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། མང་ཚོགས་ཀྱི་དཀའ་ཁག་སེལ་ཐུབ་པར་བྱེད་དགོས།

ཞིན་ཁྲང་ཞིང་ཧྲིན་ཏཱ་རྒྱལ་སྤྱི་མཁར་གསར་དུ་སོང་ནས། གཞིས་ཁུལ་གྱི་རིམས་འགོག་མི་སྣའི་འཚོ་བའི་དངོས་ཟོག་འགན་སྲུང་དང་ཉིང་སྐྱུར་དཔེ་ལེན། དམིགས་བསལ་མི་ཚོགས་ལྟ་སྐྱོང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ལས་བྱེད་མི་སྣས་མང་ཚོགས་ཀྱི་ཟུར་ངོས་ནས་གནད་དོན་ལ་བལྟ་བ་དང་གནད་དོན་ལ་བསམ་གཞིགས་གཏོང་བ། མང་ཚོགས་ཀྱི་རེ་སྒུག་དང་སེམས་ཁྲལ་བྱེད་པའི་བྱ་བར་བསམ་གཞིགས་གཏོང་བ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་དགོས་མཁོ་ཐག་གཅོད་པ། ཁེར་སྡོད་ལོ་ལོན་སོགས་ལ་དམིགས་བསལ་གྱི་སེམས་ཁུར་དང་རོགས་སྐྱོར་བྱས་ནས། དྲོད་ཁོལ་ལྡན་པའི་ཞབས་ཞུ་བརྒྱུད་དེ་མང་ཚོགས་ཀྱི་རྒྱུས་ལོན་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་པའི་མངགས་བཅོལ་བྱས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་རིམས་ནད་འགོག་སྡོམ་མཁོ་འདོན་འགན་སྲུང་སྡེབ་འཚོང་བྱེད་ས་རུ། ཞིན་ཁྲང་ཞིང་གིས་བསྟན་དོན། མང་ཚོགས་ཀྱི་དགོས་མཁོ་དང་བསམ་ཚུལ་ལ་ཉན་པ་དང་། སྔོ་ཚལ་དང་སིལ་ཏོག་གི་མཁོ་འདོན་འགན་སྲུང་གི་རིགས་སྣའི་གདམ་གསེས་སྟེང་གི་ཆེས་ཆེ་བའི་མཐུན་ཆ་འཚོལ་བ། གྲངས་ཀར་འགན་སྲུང་བྱེད་པའི་རྨང་གཞིའི་སྟེང་རིགས་སྣ་ཇེ་མང་དུ་བཏང་སྟེ། མང་ཚོགས་ལ་གདམ་གསེས་སྔར་ལས་མང་པོ་ཡོད་པར་བྱེད་དགོས།

རྟོག་ཞིབ་བྱེད་སྐབས་ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན་པ་དང་། རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ལེན་ཐུབ་པ་ཁོ་ཐག་ཡིན། རིམས་ནད་འགོག་སྡོམ་ནི་ལས་བྱེད་པའི་ནུས་པ་དང་སྤྱོད་ཚུལ། མི་དམངས་བསམ་པའི་བརྩེ་སེམས་ཐད་ཀྱི་ཞིབ་དཔྱད་ཡིན་པས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་བརྟན་པོ་ལ་བརྟེན་ནས་རིམས་འགོག་སྲིད་ཇུས་ལག་བསྟར་བྱེད་པ་དང་མང་ཚོགས་ཀྱི་དགོས་མཁོ་སྐོང་བར་ཁག་ཐེག་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གྱི་ཚན་རིག་རང་བཞིན་དང་གནད་ཕིགས་རང་བཞིན་ལ་སྔར་ལས་ཤུགས་སྣོན་པ་དང་། མང་ཚོགས་ཀྱིས་རང་ངོས་འགོག་སྲུང་ལ་ཤུགས་སྣོན་པར་སྣེ་ཁྲིད་བྱེད་པ། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་བྱེད་པའི་འགོག་ར་དང་པོ་བརྟན་སྲུང་བྱེད་པ། ལས་སྒོའི་བྱང་ཚད་བཟང་བའི་རིམས་ནད་བརྟག་བཤེར་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། འགག་སྒོ་སྔོན་སྣུར་བྱེད་པ་དང་ཉིན་རྒྱུན་དུ་འགོག་སྲུང་བྱེད་དགོས།

ཞིང་ཆེན་གྱི་མགོ་ཁྲིད་པ་ཁྲིན་རུའེ་ཧྥིན་དང་ཀྲུའུ་ཞང་ཧྥིན། ཁོང་ཡུང་བཅས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།