ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས།
ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ཟི་ལིང་དུ་བསྡུས། ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་སྐོར་གྱི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་དམིགས་འབེན་དང་ལས་འགན་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།
ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ཡང་བསྐྱར་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཁྲིན་རུའེ་ཧྥིན་དང་ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན་བཅས་གྲོས་ཚོགས་ལ་ཞུགས།
ཚང་འཛོམས་གྲོས་ཚོགས་སྟེང་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་བསྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་སྐུལ་སློང་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྔ་འཛིན་ཕྱི་གཏོད་བྱེད་པ་དང་འབྲེལ་བ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལྗོངས་ལས་སྐལ་དང་འབྲེལ་བ་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་པ་དང་། མིའི་རིགས་ཀྱི་ཤེས་རིགགི་་རྣམ་པ་གསར་བ་བསྐྲུན་པར་འབྲེལ་བ་ཡོད་ལ། ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ཁེལ་བྱས་པའི་དམིགས་འབེན་དང་ལས་འགན་སྟེང་གཅིག་སྡུད་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་དཔའ་སྐྱེད་མདུན་སྐྱོད་བྱེད་དགོས་པར་འདོད།
ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གསར་གཏོད་རང་བཞིན་དང་ཚབ་མཚོན་རང་བཞིན་ལྡན་པའི་དགོངས་པ་གལ་ཆེན་དང་ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་སྙིང་བོར་རྒྱུས་ལོན་ཟབ་མོ་བྱས་ཏེ། ཕུན་སུམ་ཚོགས་པའི་ནང་དོན་དང་དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་རེ་བར་རྒྱུས་ལོན་ཡང་དག་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་སྦྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ཐུན་མོང་གི་ལྟ་བ་དང་འགུལ་སྐྱོད་ཀྱི་རང་རྟོགས་སུ་བསྒྱུར་དགོས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པར་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་གྱུར་བྱེད་པའི་དེ་བྱ་སྤྱོད་ལས་མངོན་པ་དང་དེར་ཕན་འབྲས་ཐོབ་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཅི་ཞིག་ལ་སེམས་ཁུར་བྱེད་པ་དང་ཅི་ཞིག་ནན་སྟོན་བྱེད་པར་ནམ་ཡང་དོ་སྣང་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ཆེས་གལ་ཆེ་བའི་ཁེ་ཕན་ནི་ཅི་ཞིག་ཡིན་པ་དང་། བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས་པའི་ལངས་ཕྱོགས་ཅི་ཞིག་ཡིན་པར་རྒྱུས་ལོན་ཟབ་མོ་བྱས་ནས། ཏང་ཀྲུང་དབྱང་གི་འབོད་སྐུལ་མཐའ་གཅིག་ཏུ་དང་ལེན་དང་ཏང་ཀྲུང་དབྱང་གི་ཐག་གཅོད་མཐའ་གཅིག་ཏུ་ལག་བསྟར། ཏང་ཀྲུང་དབྱང་གིས་བཀག་འགོག་བྱེད་པ་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་བྱེད་དགོས། ཚོགས་ཆེན་གྱི་བརྗོད་དོན་ལ་གོ་བ་ཟབ་མོ་ལེན་པར་འབད་བརྩོན་བྱས་ནས། བློ་བརྟན་འགྱུར་མེད་སྒོས“རྩ་འཛིན”དང“སྲོག་རྩ”ལ་བརྟེན་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ། སྤོབས་པ་ཆེ་རུ་བསྐྱེད་པ་དེ་བྱ་སྤྱོད་ལས་མངོན་པ་དང་དེར་ཕན་འབྲས་ཐོབ་པར་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་བྱེད་ཕྱོགས་དང་འཐབ་ཇུས་བཀོད་སྒྲིག་གི་ལོ་རྒྱུས་ཀྱི་གཏན་ཚིགས་དང་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་་ཚིགས་བཅས་ཀྱི་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཏང་གིས་དཀའ་བ་ཁྱད་དུ་བསལ་ནས་གསར་གཏོད་བྱས་པའི་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས་དང་རིག་གནས་བཅས་ལ་སྔར་ལས་གཅེས་སྤྲས་བྱེད་པ་དང་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ། རྒྱུན་མ་ཆད་པར་འཕེལ་རྒྱས་སུ་བཏང་སྟེ། བློ་རྩ་སྔར་ལས་བརྟན་པོ་དང་རང་རྟོགས་སྒོས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་དང་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་གྱི་འཕོ་འགྱུར་ལ་རྒྱུས་ལོན་ཟབ་མོ་བྱེད་པར་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ་དེ་བྱ་སྤྱོད་ལས་མངོན་པ་དང་དེར་ཕན་འབྲས་ཐོབ་པར་བྱེད་དགོས། མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་བརྩོན་སེམས་ཆེ་རུ་བསྐྱེད་པ། རྒྱལ་ངེས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྔར་ལས་ཞུམ་མེད་ཀྱི་འབད་འཐབ་རྣམ་པ་དང་རང་འགུལ་གྱི་བྱ་བའི་རྣམ་པར་བརྟེན་ནས་རྒྱུགས་སྤྲོད་ཀྱི་ལམ་གསར་པར་བསྐྱོད་པ་དང་། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཡར་ཐོན་གསར་པ་དང་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དེང་རབས་ཅན་དུ་བསྒྱུར་བའི་ཡུལ་ཁམས་གསར་པ་འབྱེད་པར་གོ་བ་ཟབ་མོ་ལེན་པར་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་དེ་བྱ་སྤྱོད་ལས་མངོན་པ་དང་དེར་ཕན་འབྲས་ཐོབ་པར་བྱེད་དགོས། དུས་རབས་གསར་པའི་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་སྟངས་འཛིན་བཟང་བོ་བྱེད་པ་དང་། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས། གནས་ལུགས་བཅས་ཁོང་དུ་ཆུད་པར་བྱེད་པ། དེའི་ཁྲོད་ནས་དགོངས་པའི་སྟོབས་ཤུགས་དང་ལག་ལེན་གྱི་ནུས་པ་རྒྱུན་མ་ཆད་པར་བསྡུ་ལེན་བྱས་ཏེ། དེ་གནད་དོན་ལ་ལྟ་ཞིབ་དང་གནད་དོན་ལ་དབྱེ་ཞིབ། གནད་དོན་ཐག་གཅོད་པ་བཅས་ཀྱི་ཐད་བཀོལ་ནས། དེ་ང་ཚོས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་གོ་སྐབས་གསར་པ་བསྐྲུན་པ། རྣམ་པ་གསར་པ་འབྱེད་པ་བཅས་ཀྱི་བསམ་བློའི་མཚོན་ཆ་སྟོབས་ཆེན་དུ་འགྱུར་བར་བྱེད་དགོས། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་ལ་གོ་བ་ཟབ་མོ་ལེན་པར་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེ་བྱ་སྤྱོད་ལས་མངོན་པ་དང་ཕན་འབྲས་ཐོབ་པར་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་རེ་བ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་ཁྲོད་ལག་བསྟར་བྱེད་པ་དང་། རང་འགུལ་གྱིས་འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ། རང་འགུལ་གྱིས་ཉེན་ཁ་བཀག་འགོག་བྱེད་པ་དང་ཐག་བཅད་དེ། གོམ་སྟབས་རེ་རེ་བཞིན་དང་ཏན་ཏན་ཏིག་ཏིག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་ལེན་པར་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ་དེ་བྱ་སྤྱོད་ལས་མངོན་པ་དང་དེར་ཕན་འབྲས་ཐོབ་པར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་ན་ཐོན་སྐྱེད་ནུས་ཤུགས་དང་པོ་ཡིན་པ་དང་དང་ཤེས་ལྡན་མི་སྣ་ནི་ཐོན་ཁུངས་དང་པོ་ཡིན་ལ། གསར་གཏོད་ནི་སྒུལ་ཤུགས་དང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་བསྐྲུན་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པར་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏོང་བ་དེ་བྱ་སྤྱོད་ལས་མངོན་པ་དང་དེར་ཕན་འབྲས་ཐོབ་པར་བྱེད་དགོས། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱུགས་སྤྲོད་ཀྱི་རྣམ་རིག་གསལ་བོ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་ལག་བསྟར་བྱེད་པ། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱས་ཏེ། ཏང་གི་དར་ཆ་ནམ་ཡང་མཚོ་སྔོན་མཐོ་སྒང་དུ་ལྷབ་ལྷུབ་སྐྱོད་པར་བྱེད་དགོས། མཐུན་སྒྲིལ་འབད་འཐབ་རྒྱུན་འཁྱོངས་བྱེད་པའི་དུས་རབས་ཀྱི་རེ་བར་གོ་བ་ཟབ་མོ་ལེན་པར་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་སྐྱོད་ལམ་གསར་པར་བསྐྱོད་པ་དང་རྒྱལ་ཁ་གསར་པ་ལེན་པ་དེ་བྱ་སྤྱོད་ལས་མངོན་པ་དང་དེར་ཕན་འབྲས་ཐོབ་པར་བྱེད་དགོས། འཐབ་རྩོད་ཀྱི་དགོངས་པ་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། མཐུན་སྒྲིལ་འབད་འཐབ་རྒྱུན་འཁྱོངས་བྱེད་པ། སྟོབས་ཤུགས་ཡོད་རྒུས་མདུན་སྐྱོད་ཀྱི་ལམ་དུ་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ལས་རྒྱལ་བར་བྱེད་པ། ལས་དོན་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་་པ་འབྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཀོད་པའི་ཇུས་བཀོད་བཀོད་སྒྲིག་གལ་ཆེན་དེ་མཚོ་སྔོན་ནས་ལག་བསྟར་བྱས་ཏེ། རྒྱུན་མ་ཆད་པར་གྲུབ་འབྲས་གསར་པ་ལེན་ཐུབ་པར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་མྱུར་དུ་སློང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་དོན་དངོས་དང་ཟུང་དུ་སྦྲེལ་ནས་གོ་བ་ཟབ་མོ་ལེན་པ། ཕུ་ཐུང་བརྫེས་ནས་བྱ་བ་སྒྲུབ་དགོས་ལ། ཏན་ཏིག་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས་མུ་མཐུད་དུ་སློབ་སྦྱོང་གྲུབ་འབྲས་དེ་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་སུ་བསྒྱུར་བ་དང་། ཞན་ཆ་ཁ་གསབ་དང་མི་འདང་ས་ལེགས་སྒྱུར། རྨང་གཞི་སྲ་བརྟན་དུ་གཏོང་བ། ཁྱད་སྟོབས་འདོན་སྤེལ་བྱེད་པའི་ཆོད་སེམས་དང་སྒུལ་ཤུགས་སུ་བསྒྱུར་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྤྱི་འདོམས་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་དང་སྐྱེ་ཁམས་མཛའ་མཐུན་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྨང་གཞི་བྱེད་པ། བདེ་འཇགས་ཀྱི་རྣམ་པ་གསར་པས་འགན་སྲུང་བྱེད་དགོས་པར་མ་ཟད། མཚོ་སྔོན་གྱི་ཐོན་ཁུངས་ལ་རྐང་བཙུགས་ཏེ། མཚོ་སྔོན་གྱི་ཁྱད་སྟོབས་བསྐྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་རྒྱུར་དམིགས་ཏེ། སྒོ་འབྱེད་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཀྱི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གསར་སྐྲུན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་ཐད་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ནས། བློ་ཐག་རྦད་ཆོད་སྒོས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་ལྗིད་མོ་དང་ལེན་བྱེད་པ་དང་། ལངས་གནས་ཇེ་བརྟན་དུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཇུས་འགོད་བྱེད་དགོས་ཤིང་། ཆུ་ཚད་མཐོ་བའི་སྒོ་ནས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་བརླན་ས་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་པ། ནུས་ལྡན་སྒོས་ཐཱན་ཉུང་འདོན་ལག་བསྟར་བྱས་ནས་མུ་མཐུད་དུ་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ནས། མི་དམངས་ཀྱི་དགའ་སྐྱིད་འཚོ་བར་རེ་སྒུག་བྱེད་པ་མངོན་འགྱུར་བྱེད་རྒྱུ་དེ་བྱ་བ་ཡོད་ཚད་ཀྱི་གཞི་འཛིན་ས་དང་རྐང་འཛུགས་སར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་གྱིས་འབྲེལ་མཐུད་བྱེད་དགོས་ལ། མང་ཚོགས་ཡོངས་ཀྱིས་སེམས་ཁུར་བྱེད་པའི་སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་ཁྱབ་ཁོངས་ལ་སྔར་ལས་དམ་དུ་དམིགས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་སྟེ་རིམ་པ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་་ཐན་མོང་ཚོགས་པའི་འདུ་ཤེས་གཙོ་སྙིང་དུ་འཛིན་པ་དང་། མི་རིགས་སོ་སོས་འབྲེལ་འདྲིས་འགྲོ་འོང་དང་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བ། མི་རིགས་སོ་སོའི་ཁས་ལེན་ལྔ་ཇེ་དྲག་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་སྤྱི་ལ་དབང་བའི་བསམ་བློའི་ཁྱིམ་གཞི་གསར་སྐྲུན་བྱེད་པ། ཚད་མཐོན་པོས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པར་མ་ཟད། རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་ཏང་ལ་དྲིན་ལན་འཇལ་བ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ནས། ཡུན་རིང་ལ་གནས་པ་གཉིས་དང་ནམ་ཡང་ལམ་དུ་ཡོད་པ་གཉིས་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ངེས་པར་གསུམ་ཡིད་ལ་དམ་པོར་བཅངས་ཤིང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། གཞི་རིམ་གྱི་ཁྲིད་ཕྱོགས་གཙོ་བོ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། མི་འདེམ་པ་དང་མི་བཀོལ་སྤྱོད་བྱེད་པའི་ཡང་དག་པའི་ཁྲིད་ཕྱོགས་ཆགས་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་ཆ་ཚང་དུ་བཏང་ནས་རྒྱུན་མཐུད་སྒོས་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་བཟང་པོ་གསར་སྐྲུན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་སྐོར་གྱི་ལག་བསྟར་བསམ་འཆར་ལས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཅས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་མྱུར་དུ་སློང་བ། བློ་བརྟན་འགྱུར་མེད་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་སྐུལ་འདེད་གཏོང་བ། རྩ་འཛུགས་དང་མགོ་ཁྲིད་ལ་དངོས་སུ་ཤུགས་སྣོན་པ་བཅས་ཕྱོགས་ལྔ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། དེ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ལ་བཀོད་སྒྲིག་ཆ་ཚང་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ནས་བླང་བྱ་བཏོན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོར་བརྩིས་ཏེ། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། ཞུམ་པ་མེད་པའི་བསམ་པའི་རྣམ་འགྱུར་དང་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་དམིགས་འབེན་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་མཚོ་སྔོན་ནས་རྩ་བ་ཚུགས་པར་ཁག་ཐེག་བྱེད་དགོས། གཙོ་གནད་དམ་འཛིན་དང་གཞུང་ལུགས་སློབ་སྦྱོང་གཙིགས་སུ་བཟུང་ནས་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱ་བ་རྒྱ་ཆེར་སྤེལ་བ་དང་། ལས་བྱེད་པ་རྩ་འཛུགས་བྱས་ཏེ་རེས་སྐོར་གསོ་སྦྱོང་སྤེལ་བ། ཞིབ་འཇུག་དང་འཆད་ཁྲིད་ལེགས་པོར་སྒྲུབ་སྟེ། མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་བསྐྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ལས་དོན་སྣ་ཚོགས་ཐད་ཀྱི་བཀོད་སྒྲིག་ལག་བསྟར་བྱས་ཏེ་གྲུབ་འབྲས་ལེན་པར་ཟུང་འབྲེལ་བྱས་ཏེ། ལག་བསྟར་དང་དངོས་འབེབས་ཀྱི་ཟུང་འབྲེལ་བྱེད་གནས་དང་ཤུགས་འདོན་ཡུལ་སྔར་ལས་གནད་ཁེལ་དང་དམ་འཛིན་བྱེད་དགོས་ལ། རང་རྟོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཀྱི་ཁྲོད་དུ་མཚོ་སྔོན་གྱི་བྱ་བར་ཞིབ་ལྟ་བྱེད་པ་དང་། འཆར་འགོད་དང་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་ཇེ་བཟང་དུ་གཏོང་བར་ཤུགས་བསྣན་ནས་སྲོལ་རྒྱུན་བཟང་པོ་སྐྱོད་ལམ་གསར་པའི་ཁྲོད་མངོན་པ་དང་། བྱེད་ཕྱོགས་བཟང་པོ་དུས་གསར་པར་དར་སྤེལ་ཡག་པོ་བྱེད་པ། ཞིང་ཆེན་ཏང་ཨུའི་ཀུན་སྤྱོད་འཛུགས་སྐྲུན་སྐོར་གྱི་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱས་ནས། གོམ་པ་རེ་རེ་བཞིན་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་མཚོ་སྔོན་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ད་ལོར་མཚོ་སྔོན་ལ་མཚོན་ན་ཧ་ཅང་སྤྱིར་བཏང་མིན་ཞིང་དཀའ་ཁག་ཆེ་བའི་ལོ་ཞིག་ཡིན། ང་ཚོར་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ཐལ་ཆེའི་ནམ་ཟླའི་ཤུགས་རྐྱེན་དང་དཀའ་ཚེགས་རྙོག་འཛིང་ཆེ་བ་ལ་འབྱུང་ཐེངས་མང་བའི་རིམས་ནད་ཀྱི་བརྡབ་གསིག་གིས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་འགྲན་ཆེན་པོ་བསླངས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་གྱི་གོང་འོག་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། དཀའ་ངལ་ཁྱད་སེལ་གྱིས་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་ཏེ་དཀའ་གནད་གཅིག་རྗེས་གཉིས་མཐུད་ཀྱིས་སྒྲོལ་ཞིང་། གདོང་ཐུག་དམག་འཐབ་དང་འཇབ་རྒོལ་དམག་འཐབ། མཁྲེགས་གཏོར་དམག་་འཐབ་མང་པོ་བརྒྱབ་པས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྔོན་དཔག་ལས་བརྒལ་ཞིང་སྤྱིའི་ཆ་ནས་བརྟན་འཇགས་དང་རིམ་བཞིན་སླར་གསོ་ཡོང་བའི་རྣམ་པ་བཟང་བོ་མངོན་ཡོད། མུ་མཐུད་དུ་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་བརྟན་འཇགས། འཕེལ་རྒྱས་བདེ་འཇགས་བཅས་ཀྱི་རེ་བ་གལ་ཆེན་ལྟར། ཡིད་ཆེས་བརྟན་པོ་དང་ངར་ཤུགས་གཅིག་སྒྲིམ། ཡང་འབད་བསྐྱར་འབད་དང་དཀའ་སེལ་ཡར་བརྩོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཤུགས་ཡོད་སྒོས་དཔལ་འབྱོར་བརྟན་འཇགས་དང་དམངས་ཚིས་ཀྱི་ཚད་མཐའ་སྲུང་བ། སྤྱི་ཚོགས་ཕྱོགས་ཡོངས་ནས་རྒྱུན་མཐུད་སྒོས་གཏན་འཇགས་ཡོང་བར་འགན་སྲུང་བྱེད་པ་དང་། ནུས་པ་གང་ཡོད་བཏོན་ཏེ་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་ཡོང་བར་བྱས་ཏེ་སང་ལོ་དང་མ་འོངས་པའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། ལྷག་པར་ཏུ་རིམས་ནད་འགོག་སྡོམ་གྱི་སྤྱིའི་འཐབ་ཇུས་དང་སྤྱིའི་བྱེད་ཕྱོགས་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲི་སྔར་ལས་དང་ལེན་དང་བྱ་བར་སྔར་ལས་གཙིགས་འཛིན་བྱེད་པ། བྱེད་ཐབས་སྔར་ལས་གནད་ལ་འཁེལ་བར་བྱེད་པ། ཏན་ཏིག་དང་ཞིབ་ཕྲ། ཚན་རིག་དང་མཐུན་ཞིང་ནུས་ལྡན་བཅས་ཀྱི་སྒོ་ནས་བྱ་བ་བཟང་བོར་སྒྲུབ་ནས་རིམས་ནད་འགོག་སྡོམ་གྱི་བྱ་བའི་ཐད་ནས་རྒྱལ་ཁ་ལེན་དགོས།
ཚང་འཛོམས་གྲོས་ཚོགས་ནས། འཆར་གཞི་བཟོས་ཚར་བ་དང་འབོད་སྐུལ་བསྒྲགས་ཟིན་ལ། སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་བསམ་གྱིས་ཁེངས་པའི་ལམ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ཏུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། རང་རྟོན་རང་བརྩོན་དང་། བདེན་སྲུང་གསར་གཏོད། ངར་སེམས་ཆེར་སྐྱེད། དཔའ་སྐྱེད་མདུན་སྐྱོད་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏང་།
མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྲོས་ཚོགས་ལ་ཞུགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་གྱི་སྲིད་ཏང་གི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་འགན་ཁུར་མི་སྣ། རང་ཞིང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་པའི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
བཀྲ་ཤིས་འབུམ།རིན་ཆེན་མཚོ།རིག་འཛིན་ཐར།རིག་འཛིན་སྒྲོལ་མ་བཅས་ཀྱིས་བསྒྱུར།