ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་གྲོས་འདོན་བྱ་བའི་བཞུགས་མོལ་ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་བསྡུས། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚུན་གྱི་གྲོས་འདོན་བྱ་བར་སྤྱི་སྡོམ་བྱས་པ་དང་། གྲོས་འདོན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཉམས་མྱོང་བརྗེ་རེས་བྱས་ལ། དུས་རབས་གསར་བའི་གྲོས་འདོན་བྱ་བ་བཟང་བོར་སྒྲུབ་པའི་དམིགས་འབེན་དང་ལས་འགན་གཏན་ཁེལ་གསལ་བོ་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ཏུ། དམངས་གཙོ་ཏང་ཁག་ཁ་ཤས་ཀྱི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་། གྲོས་གཞི་སྒྲུབ་པའི་སྡེ་ཁག་སྐོར་ཞིག་དང་། ཁུལ་དང་རྫོང་དང་ས་ཁུལ་བཅས་ཀྱི་སྲིད་གྲོས་ཀྱིས་གྲོས་འདོན་བྱ་བའི་ཉམས་མྱོང་དང་བྱེད་ཐབས་ངོ་སྤྲོད་བྱས་པ་དང་། ཚོགས་ཞུགས་མི་སྣས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་གྲོས་འདོན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ནས་ཞིབ་འཇུག་གྲོས་སྡུར་དང་བརྗེ་རེས་བྱས།
ཀྲང་ཞའོ་རུང་གིས་བསྟན་དོན། དུས་རབས་གསར་བར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཡང་དག་མགོ་ཁྲིད་འོག སྲིད་གྲོས་བྱ་བ་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། རང་འགུལ་གྱིས་གྲོས་འདོན་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱས་པ་དང་། རིམ་པ་སོ་སོའི་ཏང་སྲིད་སྡེ་ཁག་གི་རྒྱབ་སྐྱོར་འོག་དང་། སྤྱི་ཚོགས་ལས་རིགས་སོ་སོ་ཟབ་ཞུགས་བྱས་པ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འབད་འཐབ་བྱས་པས། གྲོས་འདོན་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ། དུས་རབས་གསར་བའི་གྲོས་འདོན་བྱ་བའི་འགན་འཁྲི་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་དམིགས་ནས། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་སྲིད་བྱ་བའི་སྤྱི་ཡོངས་ལ་བསམ་གཞིགས་གཏོང་བ། ཤུགས་འདོན་ས་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། གཙོ་རྒོལ་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་ཏེ། གྲོས་གཞིའི་རིན་ཐང་མངོན་པར་བྱེད་དགོས། སྤུས་ཚད་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གྲོས་གཞིའི་མདུན་ལྟ་རང་བཞིན་དང་ཚན་རིག་རང་བཞིན། ལག་བསྟར་རང་བཞིན། དམངས་བློ་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། གྲོས་གཞིའི་ནང་དོན་དང་བསྡུ་རུབ། ཞིབ་བཤེར། སྤྲོད་སྒྲུབ། ལྟ་སྒྲུབ། གྲོས་མོལ་སོགས་ལ་དམིགས་ནས་གནས་ཚུལ་དངོས་དང་མཐུན་པ་དང་ལག་བསྟར་རང་བཞིན་ཆེན་པོ་ལྡན་པའི་བྱེད་ཐབས་གྲུབ་པར་བྱས་ཏེ། གྲོས་གཞིའི་བྱ་བ་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།