ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་སྒྲོག་འགྲེལ་བྱས།
2022.11.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་གྲོས་ཚོགས་ཟི་ལིང་དུ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་ཞང་ཀང་དང་ཨོ་མིན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཏིན་ཀྲུང་ཧྭ་ཡིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།

སྒྲོག་འགྲེལ་སྙན་ཞུ་འབུལ་སྐབས། ཏིན་ཀྲུང་ཧྭ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན་དང་གྲུབ་འབྲས་གཙོ་བོ། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་སོགས་ཕྱོགས་བདུན་ལ་དམིགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་འགྲེལ་ཀློག་ཆ་ཚང་དང་འགྲེལ་བཤད་གསལ་བོ་བྱས། ཏིན་ཀྲུང་ཧྭ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་ཡིད་ལ་དམ་འཛིན་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བློ་གཅིག་སེམས་གཅིག་བྱེད་པ། དཀའ་སྤྱད་ལས་བརྩོན་བྱེད་པ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ཞིན་ཁྲང་ཞིང་གིས་སྙན་ཞུ་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བརྩིས་ནས། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་དྲིལ་སྒྲོག ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། ཡིད་རྟོན་བཅངས་ནས་ཏང་ལ་བློ་དཀར་བར་བྱེད་པ་དང་། གཏན་ཕབ་གཉིས་ལ་རྒྱུས་ལོན་གཏིང་ཟབ་བྱེད་རྒྱུ་ནི་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་གཞི་རྩ་དང་། དུས་རབས་གསར་བར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་རྒྱལ་ཁ་ནས་རྒྱལ་ཁ་གསར་བར་བསྐྱོད་པར་སྣེ་ཁྲིད་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན་ལ། བློ་རྩ་སྔར་ལས་བརྟན་པོས་སྲོག་ཤིང་ལ་སྲུང་སྲུང་སྐྱོང་བྱེད་པ་དང་སྲོག་ཤིང་གི་རྗེས་སྙེག་པ། སྲོག་ཤིང་ལ་བརྩི་མཐོང་བྱས་ནས། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གཙོ་གནད་ཁོང་དུ་ཆུད་པར་བྱེད་པ་དང་ལོ་རྒྱུས་ཀྱི་རང་འགུལ་གྲུབ་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་སློབ་སྦྱོང་དང་རྒྱུན་འཁྱོངས། བཀོལ་སྤྱོད་བཟང་བོ་བྱེད་པ། ཧུར་ཐག་གིས་དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་དང་གནས་ལུགས་ཁོང་དུ་ཆུད་པར་བྱེད་པ། དེ་ང་ཚོའི་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་རུ་འགྱུར་བར་བྱས་ནས། དུས་རབས་གསར་བའི་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། དམིགས་འབེན་ལག་བསྟར་བྱེད་པ་དང་མི་དམངས་བསམ་པའི་བརྩེ་སེམས་ཇེ་དྲག་ཏུ་གཏོང་བ། རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་ཡིད་ལ་དམ་པོར་འཛིན་པ། རང་རྟོགས་སྒོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་བྱ་བ་སྣ་ཚོགས་ཁྲོད་དུ་ཁྱབ་པར་བྱེད་པ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་བྱེད་པ་དང་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་སུ་བཏང་སྟེ། མི་དམངས་ཀྱི་དགའ་སྐྱིད་འཚོ་བའི་ཐད་ཀྱི་རེ་སྒུག་མངོན་འགྱུར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། འགན་འཁྲི་ཕྲག་ཏུ་ལེན་པ་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། སྒྲོག་འགྲེལ་གྱི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པ། སློབ་སྦྱོང་གི་གཏིང་ཚད་དང་དྲིལ་སྒྲོག་བྱེད་ཚད། ལག་བསྟར་བྱེད་ཚད་རྒྱུན་མ་ཆད་པར་རྒྱ་བསྐྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོདད་ཀྱི་རང་རྟོགས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་སྙན་ཞུ་གྲོས་ཚོགས་ལ་ཞུགས། ཐེངས་འདིའི་སྙན་ཞུ་གྲོས་ཚོགས་ཀྱི་གྲུབ་འབྲས་སྔར་ལས་བཀོལ་སྤྱོད་བཟང་བོ་བྱེད་ཆེད། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། སྙན་ཞུ་གྲོས་ཚོགས་ཀྱི་ནང་དོན་འོད་སྡེར་དུ་ཕབ་ནས། གྲོང་ཁྱེར་དང་སྡེ་ཁག་སོ་སོས་ཡང་བསྐྱར་སློབ་སྦྱོང་དང་ལྟ་ཉན་བྱེད་པར་རྩ་འཛུགས་བྱས།

སྙན་ཞུའི་གྲོས་ཚོགས་གྲོལ་རྗེས། ཏིན་ཀྲུང་ཧྭ་སྔ་གཞུག་ཏུ་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་ཟི་ལིང་ཉི་འོད་ནུས་པའི་གློག་ཤུགས་ཡན་ལག་ཀུང་ཟི་དང་། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ལ་སོང་ནས། ལས་བྱེད་པ་དང་ན་གཞོན་སློབ་མར་ཁ་གཏད་སྒྲོག་འགྲེལ་དང་བསམ་ཚུལ་བརྗེ་རེས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཐད་ནས་མྱོང་ཚོར་གླེང་།

རིན་ཆེན་མཚོས་བསྒྱུར།