མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་སོ་དྲུག་པ་བསྡུས།
2022.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དྲུག་པ་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་ང་། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ང་གསུམ་གྲོས་ཚོགས་ལ་ཞུགས། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། ཞིན་ཁྲང་ཞིང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།

ཚོགས་ཐོག་ནས་རིམ་པ་བཞིན་མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་གྲུབ་འབྲས་དོ་དམ་སྲོལ་ཡིག་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཉེན་རྟོག་ལག་རོགས་མི་སྣའི་དོ་དམ་སྲོལ་ཡིག་འཆར་ཟིན། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག་འཆར་ཟིན་བཅས་ཀྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་བྱ་བའི་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་དང་། མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་བར་སྟོང་གི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་འཆར་འགོད། སྒྲིག་བཟོ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་དང་སྐབས་འདིའི་ཚུན་གྱི་འཐུས་མིའི་གྲོས་གཞི་ལྟ་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་གྲོས་གཞི་ལག་བསྟར་བྱ་བའི་སྔོན་ཐོན་སྡེ་ཁག་ལ་གཟེངས་བསྟོད་བྱེད་པའི་ཆོད་དོན་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་ལ་ཉན།

ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་གྱི་སྦྲགས་སྲིད་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལྔའི་སྐོར་གྱི་བཟོ་བཅོས་ཇུས་གཞིའི་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཞི་བཀོལ་མཚམས་འཇོག་པའི་སྐོར་གྱི་འཆར་ཟིན། ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་སྦྲགས་སྲིད་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལྔའི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་རེ་ཞུ། མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ལག་བསྟར་བྱེད་མཚམས་འཇོག་པའི་གྲོས་གཞིའི་སྐོར་གྱི་གྲོས་ཞིབ་བསམ་འཆར། ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་བགར་དོ་དམ་སྲོལ་ཡིག་དང་ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་བགར་དོ་དམ་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་ཤར་གྲོང་ཁྱེར་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་སྲོལ་ཡིག་དང་མཚོ་ཤར་གྲོང་ཁྱེར་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་སྲོལ་ཡིག་གི་ཞིབ་བཤེར་སྙན་ཞུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་གྱི་སྐུལ་སྤེལ་སྲོལ་ཡིག་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་གྱི་སྐུལ་སྤེལ་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་དང་ཉེ་བའི་ལོ་ལྔའི་རིང་གི་འཐུས་མིའི་གྲོས་གཞི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་བསྡུ་བའི་སྐོར་གྱི་ཆོད་དོན་འཆར་ཟིན་བཅས་བཀྲམས་པ་རེད།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པའི་སྙན་ཞུ་ལ་ཉན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་དང་། ཧྲིན་ཀྲང་གཞོན་པ་ལིས་ཧོང་ཡ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ་ཀྲ་ཆིན་ཅིག་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རིན་ཆེན་མཚོས་བསྒྱུར།