མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་འདེམ་སྒྲུག་ཨུ་ཡོན་ལྷན་ཁང་སྐབས་གསུམ་པ་འཛུགས་པའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་དུ་བསྡུས་ཏེ། འདེམ་སྒྲུག་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་མཆན་འགོད་བཀའ་ལན་སྒྲོག་འདོན་བྱས་ལ། ཨུ་ཡོན་ལྷན་ཁང་གི་ལེགས་སྒྲིག་དང་སྐབས་བརྗེ་བྱ་བའི་གནས་ཚུལ་སྐོར་གསལ་བཤད་བྱས་པར་མ་ཟད། གསར་དུ་འདེམ་བསྐོ་བྱུང་བའི་སྐབས་གསུམ་པའི་ཨུ་ཡོན་ལ་གདན་ཞུའི་ཡི་གེ་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡིས་གཏམ་བཤད། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་འགོ་གཙོ་ཀྲ་ཆིན་ཅིག་གཉིས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྲིད་ཁྲིམས་བཅོས་སྒྱུར་ཐད་ཆེས་གསར་བའི་བཀོད་སྒྲིག་བྱས་ནས། དྲང་གཞག་ཁྲིམས་འཛིན་གཟབ་ནན་དུ་གཏོང་བ་དང་། ཁྲིམས་འཛིན་སྒྲིག་གཞི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་འཛིན་འགན་འཁྲི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ། དྲང་གཞག་ཕན་མཐོ་དང་དབང་ཟིལ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་འཛིན་ལམ་ལུགས་མྱུར་དུ་འཛུགས་སྐྲུན་བྱས་ནས། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་འདྲ་མཉམ་དྲང་བདེན་མྱོང་ཚོར་བྱེད་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་འདེམ་སྒྲུག་བྱ་བར་འཆར་འགོད་བཟང་བོ་བྱེད་པ་དང་ལག་བསྟར་བཟང་བོ་བྱས་ཏེ། སྲིད་ཁྲིམས་བཅོས་སྒྱུར་ཇེ་ཟབ་ཏུ་གཏོང་བ་དང་ཁྲིམས་འཛིན་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དྲང་གཞག་ཁྲིམས་འཛིན་ལ་ཁག་ཐེག་བྱེད་པའི་ཐད་བློ་གཏད་ཆོག་པའི་རྩ་འཛུགས་ཀྱི་འགན་སྲུང་དང་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། སྒྲིག་ལམ་ཚད་ལྡན་དུ་བསྒྱུར་བ། ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཆབ་སྲིད་ཀྱི་འགག་སྒོ་བརྟན་སྲུང་བྱེད་པ། འདེམ་བསྐོའི་ཚད་གཞི་དང་འདེམ་བསྐོའི་སྒྲིག་ལམ་གཟབ་ནན་དུ་བཏང་ནས། བྱ་བའི་སྒྲིག་ལམ་དང་འཁོར་རྒྱུག་རྐྱེན་སྲོལ་ཚད་ལྡན་དུ་གཏོང་དགོས། ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། འགན་འཁྲི་ཁག་ཁུར་མངོན་པར་བྱེད་པ། སྐབས་གསར་བའི་ཨུ་ཡོན་གྱིས་འགན་འཁྲི་གླེང་བ་དང་མཉམ་ལས་གླེང་བ། ཁག་ཁུར་གླེང་བ་དང་། ཁྲིམས་ལྟར་བྱ་བ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་མི་དམངས་ལ་ཕུལ་དུ་བྱུང་བའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོ་འདེམ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྣེ་ཁྲིད་དུ་བྱེད་པ། ཆབ་སྲིད་ཀྱི་ཁག་ཁུར་དང་ལོ་རྒྱུས་ཀྱི་ཁག་ཁུར། འགན་འཁྲིའི་ཁག་ཁུར་དྲག་པོས་འདེམ་སྒྲུག་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་དཔུང་སྡེ་འཛུགས་སྐྲུན་ཡང་བསྐྱར་སྟེགས་བུ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།