ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ལོ་སར་གྱི་ཤིས་ཚིག་ལ་དམག་ཡོངས་ཀྱི་དམག་དཔུང་གི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
2023.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 190

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ལོ་སར་གྱི་ཤིས་ཚིག་ལ་དམག་ཡོངས་ཀྱི་དམག་དཔུང་གི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་བརྩོན། འབད་འབུངས་ཡར་བརྩོན། དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ནས། དམག་དཔུང་བཙུགས་ཏེ་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཟེར།

དམིགས་འབེན་གྱིས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་ལངས་ཕྱོགས་གསལ་སྟོན་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ཉིས་སྟོང་ཉེར་གཉིས་ལོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་འགོད་བཟོས་ཏེ། འབད་འཐབ་ཀྱི་སྐྱོད་ལམ་གསར་པའི་སྟེང་དངོས་སུ་ཞུགས་ཟིན་པའི་དུས་རབས་ཀྱི་དུང་བརྡ་བསྒྲགས། དམག་ཡོངས་ཀྱི་དཔོན་དམག་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་དང་ཟུང་འབྲེལ་དམ་ཟབ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ཏེ། སེམས་སྒྲིལ་ས་དང་ཤུགས་འདོན་ས་དེ་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བའི་སྟེང་བཞག་ནས། ཏན་ཏན་ཏིག་ཏིག་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱེད་དགོས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། མི་དམངས་དམག་དཔུང་བཙུགས་ནས་ལོ་གོ་ལྔ་འཁོར་བའི་འཁྲུངས་སྐར་བསུས་ཏེ། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རླབས་ཆེན་གྱི་སྐྱོད་ལམ་སྟེང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ནུབ་བྱང་བྱེ་ཐང་ཆེན་མོར་གནས་བཅས་པའི་སྦྱོང་བརྡར་བྱེད་གནས་ནས་ཤར་ལྷོའི་མཚོ་རྒྱུད་གྱི་སྦྱོང་བརྡར་བྱེད་གནས་བར་དང་། མཐའ་སྲུང་སོ་ལྟ་ཁང་ནས་རྒྱ་མཚོ་ཆེན་མོའི་སྲུང་སྐྱེལ་དམག་དཔུང་བར་གང་ལ་མཚོན་ནས་བཤད་ནའང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་རྒྱ་ཆེའི་དཔོན་དམག་ཚོར་གཟི་བརྗིད་ལྡན་པའི་འགན་འཁྲི་འཁུར་དུ་བཅུག་ནས་ཕྲག་སྟེང་གི་འགན་འཁྲི་ཚོར་དུ་བཅུག རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་ལྟར་དུ། དཀའ་སྤྱད་སྙིང་རུས་ཀྱིས་དངོས་གཉེར་ལ་བརྩོན་ནས། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འབད་འཐབ་དམིགས་འབེན་གང་མགྱོགས་གྱིས་མངོན་འགྱུར་ཡོང་བར་འབད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།