ཟླ་དང་པོའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་མཚོ་སྔོན་ཧྥའོ་ཏིས་གློག་གཡིས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ལ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱར་ཕྱིར་དྲན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ལ་བཀའ་དྲིན་ཞུས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལྟེ་གནས་སུ། ཁྲིན་ཀང་གིས་ཐོག་མར་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་མཁའ་དབུགས་བཙོག་བཟོ་འགོག་བཅོས། རྩ་ཆེན་དངོས་རིགས་སྲུང་སྐྱོབ། སྐྱེ་ཁམས་དོ་སྲུང་བའི་ལས་རྐང་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་གསལ་བོར་དྲིས། དེའི་རྗེས། ཁྲིན་ཀང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང་དང་འབྲི་ཆུའི་ཁུགས་སོ་དང་པོ། རྨ་ཆུའི་འགོ་ཁུངས་ཀྱི་མཚོ་སྔོ་རེངས། རྫ་ཆུའི་རྣམ་སྲས་གྲོག་རོང་ཆེན་མོ་བཅས་ལྟ་ཞིབ་བྱེད་ས་གསུམ་གྱི་གཞི་རིམ་ལས་བྱེད་པ་དང་སྐྱེ་ཁམས་དོ་སྲུང་པར་བརྙན་རིས་ཀྱི་ལམ་ནས་ཁ་པར་བརྒྱབ་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་རྐང་སྟེང་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་པ་དང་མང་ཚོགས། ལག་རྩལ་མི་སྣ་བཅས་ལ་དད་གུས་ཞུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཀྲུང་ཧྭའི་ཆུ་མཛོད། རྒྱལ་ཁབ་སྤྱི་གླིང་བཅས་ལ་ཐུགས་ཁུར་གནང་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་དོན་གལ་ཆེན་ཡིན་ཞེས་ནན་གྱིས་བསྟན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་ཡུན་རིང་གི་འཕེལ་རྒྱས་བྱུང་བ་དང་། དེ་ནི་བྱ་སྤྱོད་དངོས་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བྱས་པའི་མཚོན་རྟགས་ཡིནཔས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རི་བོ་གཉིས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། རང་རྟོགས་སྒོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་གྱི་མཐོ་ཚད་དུ་འགྲེང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་དེ། ཆུ་དྭངས་རི་ལྗང་དེ་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས།
མཚོ་སྔོན་ཧྥའོ་ཏིས་གློག་གཡིས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འཁོར་ཁང་དུ། ཁྲིན་ཀང་གིས་ཐོན་སྐྱེད་ལས་གནས་ཀྱི་ལས་བཟོ་བ་དང་ཁ་གཏད་བརྗེ་རེས་བྱས་ནས། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་རྒྱུག་དང་ཚོང་རའི་ཉོ་ཚོང་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། མཚོ་སྔོན་གྱི་ཆེད་ཡོད་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ཏེ། ཁྱད་ལྡན་ཐོན་ལས་དང་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། ཁོས་ནན་གྱིས་བསྟན་དོན། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་འཐབ་ཇུས་གལ་ཆེན་དང་། དེ་ནི་མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་དུས་ཡུན་དེ་ལས་རིང་བའི་ལས་འགན་གལ་ཆེན་དང་བྱེད་ཐབས་གལ་ཆེན་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོན་སྐྱེད་རྒྱུ་རྐྱེན་དེ་དགེ་མཚན་ཐོན་ལས་སུ་འདུ་རུབ་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་ཁོར་ཡུག་ལ་སྐུལ་སློང་དང་རྒྱབ་སྐྱོར། སྣེ་ཁྲིད་བྱེད་པ། རིགས་མི་འདྲ་བའི་ཚོང་རའི་གཙོ་གཞི་སྣ་ཚོགས་ཀྱིས་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཁྲོད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རིགས་མི་འདྲ་བའི་ཚོང་རའི་གཙོ་གཞིས་གོ་སྐབས་དམ་འཛིན་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར། དོ་དམ་ལེགས་སྒྱུར་བྱེད་པ་བརྒྱུད་དེ། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཁྲིན་རུའེ་ཧྥིན་དང་ཀྲུའུ་ཞང་ཧྥིན། ལིའུ་ཐོ་བཅས་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།