ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གསུང་བཤད་གལ་ཆེན་གནང་།
2023.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས9ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གིས་ཡུན་རིང་སྲིད་སྐྱོང་བ་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བ། མི་དམངས་བདེ་སྐྱིད་བདེ་ཐང་ཡོང་བ་བཅས་དང་འབྲེལ་བའི་མཐོ་ཚད་དུ་ལངས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ཡུན་རིང་གི་འཐབ་ཇུས་དང་རྟག་བརྟན་གྱི་དཔྱད་གཞིར་བཟུང་སྟེ། དུས་ནམ་ཡང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱས་ཤིང་། མཐར་ཐུག་གི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། གདོང་མཆོང་དུང་བརྡ་གཏན་དུ་བསྒྲགས་ཏེ། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ནས། ཏང་གི་རླབས་ཆེན་རང་ངོས་གསར་བརྗེ་མཐའ་འཁྱོངས་བྱེད་དགོས། ནན་སྡོམ་དང་གཅེས་སེམས་ཟུང་དུ་སྦྲེལ་རྒྱུ་དང་སྐུལ་སློང་དང་ཚོད་འཛིན་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། “དབྱེ་བ་འབྱེད་པ་གསུམ”རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་ལས་བཟང་བོར་བསྐྱེད་ནས། སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འབུལ་བའི་སྣང་ཚུལ་ཟབ་མོ་དང་གསོན་ཤུགས་ལྡན་པའི་རྣམ་པ་གྲུབ་པར་བྱེད་དགོས།

ཟླ1ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས9ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཟླ1ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས9ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གསུང་བཤད་གལ་ཆེན་གནང་། ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་གྲོས་ཚོགས་ལ་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྐྱོང་ན་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་དར་བར་བྱས་ན་ད་གཟོད་རྒྱལ་ཁབ་སྟོབས་འབྱོར་ལྡན་ཐུབ། དུས་རབས་གསར་པའི་ལོ་བཅུའི་རིང་། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཏུ་བཞག་སྟེ། གྲི་ཁ་ནང་བསྐོར་དང་རུས་གཞོག་ནད་བཅོས། སྨན་བསྟེན་ནད་སེལ། ཁྲིམས་བརྟེན་ཟིང་བཅོས་བཅས་བྱས་ནས། ཏང་འདི་ཉིད་གསར་བརྗེ་རང་བཞིན་གྱི་རྡུང་བཟོའི་ཁྲོད་དུ་སྔར་ལས་སྲ་བརྟན་སྟོབས་ལྡན་དུ་འགྱུར་བར་བྱས་ཡོད། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནི་ནམ་ཡང་ལམ་དུ་ཡོད་པས། ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཐག་གཅོད་པའི་རྣམ་རིག་གསལ་བོ་དང་བློ་རྩ་བརྟན་པོ་དུས་རྟག་ཏུ་སྲུང་འཛིན་བྱེད་དགོས། ཇི་ལྟར་དུས་རྒྱུན་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་དང་། ཇི་ལྟར་དུས་རྒྱུན་དུ་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བྱེད་པ། ཇི་ལྟར་དུས་རྒྱུན་དུ་སྲིད་སྐྱོང་གི་ནུས་པ་ཆེན་པོ་དང་མགོ་ཁྲིད་ཀྱི་ཆུ་ཚད་མཐོན་པོ་ལྡན་པར་བྱེད་པ། ཇི་ལྟར་དུས་རྒྱུན་དུ་དོན་སྒྲུབ་ལས་སྐྲུན་གྱི་བསམ་བློའི་རྣམ་པ་སྲུང་འཛིན་བྱེད་པ། ཇི་ལྟར་དུས་རྒྱུན་དུ་རང་སྟེང་དུ་གནས་པའི་གནད་དོན་དུས་ལྟར་རྙེད་ཐུབ་པ་དང་ཐག་གཅོད་ཐུབ་པར་བྱེད་པ། ཇི་ལྟར་དུས་རྒྱུན་དུ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་སྲུང་འཛིན་བྱེད་པ་བཅས་ནི་ང་ཚོའི་ཏང་ཆེན་པོ་འདིས་ངེས་པར་དུ་ཐག་གཅོད་དགོས་པའི་ཁྱད་དུ་ཡོད་པའི་དཀའ་གནད་ཡིན། དཀའ་གནད་འདི་དག་ཐག་གཅོད་པ་ནི་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་ངེས་པར་དུ་བརྒལ་དགོས་པའི་ཐེམ་པ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གནས་བབ་གསར་པ་དང་བླང་བྱ་གསར་པར་བསྟུན་པར་ངེས་པར་དུ་བཏོག་དགོས་པའི་རུས་པ་མཁྲེགས་པོ་ཡིན།

ཟླ1ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས9ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཛུགས་པ་ནི་ཁྱོན་ཡོངས་རང་བཞིན་དང་གསར་འབྱེད་རང་བཞིན་ལྡན་པའི་བྱ་བ་ཞིག་ཡིན། དུས་རབས་གསར་པའི་ལོ་བཅུའི་རིང་ལ། ང་ཚོའི་ཏང་གིས་རང་ངོས་གསར་བརྗེའི་ཆོས་ཉིད་ཐད་ཀྱི་ངེས་ཤེས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་བ་དང་། ཏང་གི་འཛུགས་སྐྲུན་གྱི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་རྒྱུན་མ་ཆད་པར་སྤེལ་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་ཐོག་མར་བཙུགས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་ནི་ནང་དོན་ཕུན་སུམ་ཚོགས་ཤིང་བྱེད་ནུས་ཆ་ཚང་བ། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་ཀྱི་ཕན་ནུས་མཐོ་བ་བཅས་ཀྱི་འགུལ་རྣམ་མ་ལག་ཅིག་ཡིན་འོས། མ་ལག་འདི་འཐུས་ཚང་དུ་འཛུགས་ན། ལམ་ལུགས་ལྟར་ཏང་སྐྱོང་བ་དང་སྒྲིག་ཁྲིམས་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ནུས་ལྡན་སྦྲེལ་མཐུད་དང་མཉམ་འབྲེལ་མཉམ་སྡུད། གཞོགས་འདེགས་མཐུན་སྦྱོར་བཅས་བྱེད་རྒྱུ་སྔར་ལས་འབུར་དུ་ཐོན་པར་བྱེད་དགོས་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཁྲིམས་སྲོལ་ལམ་ལུགས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པར་བྱེད་རྒྱུ་སྔར་ལས་འབུར་དུ་ཐོན་པར་བྱེད་དགོས་ལ། བཅོས་སྐྱོང་གི་འདུ་ཤེས་དང་མ་ལག་གི་ལྟ་བ། རྩོད་སྒྲུབ་ཀྱི་བསམ་གཞིགས་བཅས་བཀོལ་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་འཛུགས་སྐྲུན་བཅས་བྱེད་རྒྱུ་སྔར་ལས་འབུར་དུ་ཐོན་པར་བྱེད་དགོས། ནང་དོན་གྱི་སྟེང་ཡོངས་སུ་ཁྱབ་པ་དང་ཁ་གཏད་ཀྱི་སྟེང་ཡོངས་སུ་ཁེབས་པ། འགན་འཁྲིའི་སྟེང་ཡོངས་སུ་མཐུད་པ། ལམ་ལུགས་ཀྱི་སྟེང་ཡོངས་སུ་འབྲེལ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་སྣ་ཚོགས་ཀྱིས་སྔར་ལས་བཟང་བོར་དུས་རབས་རང་བཞིན་གསལ་བོར་མཚོན་པ་དང་། ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་གྱིས་ཡོངས་སུ་ཕྱུག་པ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་དེར་ཕན་འབྲས་ཐོབ་པར་འགན་ལེན་བྱེད་དགོས། ཆབ་སྲིད་ལྟ་སྐུལ་ནི་ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བྱེད་པའི་ཐབས་ཤེས་ནུས་ལྡན་ཡིན་པས། བྱེ་བྲག་ཅན་དང་གནད་ཁེལ་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ཐད་དུ་འབད་བརྩོན་སྔར་ལས་ཆེན་པོ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དག་སྡེ་ཁག་དང་ལས་རིགས། ཁྱབ་ཁོངས་ཁག་གི་དོན་དངོས་དང་དམ་དུ་སྦྲེལ་རྒྱུར་སྐུལ་འདེད་བཏང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རང་འགུལ་གྱིས་བསྐྲུན་པ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཡོད་མེད་དང་དོན་འཁྱོལ་བྱས་པ་བཟང་མིན་ལ་ལྟ་དགོས་པ་དང་། ཏང་ཀྲུང་དབྱང་གིས་བཏོན་པའི་ལས་འགན་གལ་ཆེན་དང་བྱེད་ཐབས་གལ་ཆེན། སྲིད་ཇུས་གལ་ཆེན། བླང་བྱ་གལ་ཆེན་བཅས་ལག་བསྟར་ཇི་ལྟར་བྱེད་པར་ལྟ་དགོས་ལ། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་བཅས་སུ་གཏོགས་པའི་ལས་འགན་ཁུར་དུ་བླངས་ཡོད་མེད་ལ་ལྟ་དགོས། བཀའ་བསྒོས་ལག་བསྟར་མི་བྱེད་པ་དང་བཀག་ཀྱང་ཁ་ལ་མི་ཉན་པ། གདམ་གསེས་བྱེད་པ་དང་བསྟུན་འགྱུར་བྱེད་པ། ཕབ་གཅོག་བྱེད་པ། ཆེ་ཕྱོགས་མི་བསམ་པ་དང་། སྡེ་ཁག་དང་ས་གནས་སྲུང་སྐྱོབ་རིང་ལུགས་ཀྱི་སྣང་ཚུལ་ཡོད་པ། གཞན་དཔེ་འདྲ་བཤུས་བྱེད་པ། ལག་བསྟར་གྱི་རྣམ་པ་ཙམ་སྟོན་པ་སོགས་ཀྱི་འབུར་ཐོན་གནད་དོན་དུས་ལྟར་ཡང་དག་པར་རྙེད་པར་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱེད་སྐབས་ཀྱི་འགག་གནས་དང་དོག་གནས། དཀའ་གནས་བཅས་དངོས་སུ་སེལ་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ནུས་ལྡན་ཕན་ལྡན་གྱི་དུས་རྒྱུན་གྱི་ལྟ་སྐུལ་ལ་བརྟེན་ནས་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱེད་པར་ཡར་སྐུལ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་གཏན་འབེབས་དང་ལག་བསྟར་བྱེད་པ་ནི། ང་ཚོའི་ཏང་གི་དུས་རབས་གསར་པའི་ཡིད་རྟོན་འཕེར་བར་བྱེད་པའི་ཐབས་ཤེས་ཡིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་དང་ཡུན་རིང་འབད་བརྩོན་བྱས་ཏེ། དངོས་སུ་གོམས་སྲོལ་དུ་འགྱུར་བར་བྱས་ནས། ཏང་སྲོལ་བཟང་པོས་སྤྱི་སྲོལ་དང་དམངས་སྲོལ་བཟང་པོར་ཁྲིད་སྟོན་བྱེད་དགོས། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ངན་མུ་མཐུད་དུ་ཡོ་བཅོས་བྱས་ཏེ། ཀུན་སྤྱོད་འཛུགས་སྐྱོང་གི་ས་ཁུལ་རང་བཞིན་དང་ལས་རིགས་རང་བཞིན། དུས་རིམ་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་དང་། ཡོངས་ཁྱབ་ཏུ་འབྱུང་བ་དང་ཡང་བསྐྱར་འབྱུང་བའི་གནད་དོན་བཅོས་སྐྱོང་ཟབ་མོ་བྱེད་རྒྱུ་དམ་འཛིན་བྱས་ནས། ཀུན་སྤྱོད་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བཅོས་བྱེད་པ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་དང་། ཀུན་སྤྱོད་འཛུགས་སྐྱོང་གི་ལས་འགན་གཙོ་བོར་བརྩིས་ནས། ཁ་གཏད་རང་བཞིན་གྱི་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བར་འབེན་གཏོད་བཅོས་སྒྲིག་བྱས་ཏེ། དངོས་སྒྲུབ་ནན་སྒྲུབ་དང་དངོས་གཉེར་དངོས་ཕན་ཡོང་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ཁྲིམས་ནི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི“ཤིང་ལྕག”ལྟ་བུ་ཡིན་ལ། ཏང་ཡོན་དང་ལས་བྱེད་པས་རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ཚད་གཞི་དང་བསྲུང་བྱ་ཡང་ཡིན་པས། སྒྲིག་ཁྲིམས་འཛུགས་སྐྱོང་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། ཏང་སྲོལ་གཏན་འབེབས་དང་ཏང་ཁྲིམས་སློབ་གསོ། སྒྲིག་འཛིན་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་བླང་བྱ་ནན་མོ་ལག་བསྟར་བྱས་ཏེ། སྒྲིག་ལམ་ནན་མོ་ཡོང་བར་བྱས་ནས་ཟིལ་ཤུགས་སྟོན་དགོས་པར་མ་ཟད། ལས་བྱེད་པ་རྣམས་ཀྱིས་མཐོང་ཆེན་དང་དོགས་ཟོན། ཚོད་འཛིན་བཅས་བྱེད་ཤེས་པར་ཡང་བྱས་ཏེ། ཏང་ཡོངས་སུ་སྒྲིག་ཁྲིམས་བརྩི་སྲུང་གི་རང་རྟོགས་མཐོན་པོ་ཡོད་པར་བྱེད་དགོས། གུང་ཁྲན་ཏང་ཡོན་རེ་རེ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་རེ་རེས་ཏང་གི་སྒྲིག་ཡིག་གི་འདུ་ཤེས་བརྟན་པོར་བཅངས་ཏེ། སྔར་ལས་རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱས་ནས། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ལམ། ཏང་གི་སྒྲིག་ཁྲིམས་བཅས་ཀྱིས་རང་གི་གཏམ་སྤྱོད་ཡོད་ཚད་ལ་ཚོད་འཛིན་བྱེད་པ་དང་། སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་ལམ་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ལྟ་སྐུལ་དང་ཚོད་འཛིན་ཐེབས་པའི་ཁོར་ཡུག་འོག་ཏུ་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བའི་གོམས་སྲོལ་སྔར་ལས་ལོབས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གནས་བབ་སྔར་བཞིན་ཚབས་ཆེ་ཞིང་རྙོག་འཛིང་ལྡན་ལ། འཕར་ཚད་འགོག་པ་དང་བསགས་ཚད་སེལ་བའི་ལས་འགན་སྔར་བཞིན་ཧ་ཅང་ལྗིད་པས། ངེས་པར་དུ་རྩ་ལག་མཉམ་བཅོས་ཟབ་སྤེལ་བྱེད་པ་དང་མ་ལག་གི་བཅོས་སྐྱོང་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པའི་སྟེང་རྒྱུན་མཐུད་སྒོས་གནོན་ཤུགས་བསྣན་ནས། དུས་རྒྱུན་དུ་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་ཟིལ་ཤུགས་མི་འགྱུར་བ་དང་། མཐོ་གནོད་ཆད་གཅོད་ཀྱི་སྟོབས་ཤུགས་རྒྱུན་དུ་ཡོད་པ་སྲུང་འཛིན་གྱིས་མཚམས་དང་ཚོད་མེད་པ་དང་། ཧམ་པ་ཚ་བོ་ཡོད་མཁན་ལ་མཐའ་གཅིག་ཏུ་ཆད་པ་གཅོད་དགོས་ཤིང་། ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་ཁེ་ཕན་ཚོགས་པ་དང་སྟོབས་ཤུགས་ཚོགས་པའི་མགྲིན་ཚབ་པ་དང་ལས་ཚབ་པར་འགྱུར་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་། སྲིད་ཚོང་ངན་འབྲེལ་དང་མ་རྩ་ཆབ་སྲིད་ཁྱབ་ཁོངས་སུ་སིམ་པ་སོགས་ཆབ་སྲིད་སྐྱེ་ཁམས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བརླག་བཟོ་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཅུང་འབུར་དུ་ཐོན་པའི་ལས་རིགས་རང་བཞིན་དང་མ་ལག་རང་བཞིན། ས་ཁོངས་རང་བཞིན་གྱི་རུལ་སུངས་གནད་དོན་ཆེད་དུ་བཅོས་སྒྲིག་བྱེད་དགོས། རུལ་སུངས་བྱེད་མི་རུང་བའི་སྟེང་དུ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་བསྐྱེད་དེ། རུལ་སུངས་འགོག་སྒོ་སྔུན་ལ་བསྣུར་བ་དང་། མགོ་ཁུངས་བཅོས་སྐྱོང་ཟབ་མོར་སྤེལ་བ། ཁྱབ་ཁོངས་གཙོ་བོའི་ལྟ་སྐུལ་རྐྱེན་སྲོལ་གྱི་བཅོས་སྒྱུར་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རུལ་སུངས་འབྱུང་བར་བྱེད་པ་དང་རྒྱ་ཡན་དུ་འགྲོ་བར་འགོག་བཅོས་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རུལ་སུངས་བྱེད་མི་འདོད་པའི་སྟེང་སྲ་བརྟན་མཐོར་འདེགས་སུ་བཏང་སྟེ། གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བས་འཕེལ་ལ་སྔར་ལས་གཙིགས་འཛིན་གྱིས་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་བསྣན་ནས། བདེན་འཚོལ་དངོས་གཉེར་དང་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་སྲོལ་གསར་བསྐྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ནུས་ལྡན་གྱིས་སྦྲེལ་མཐུད་བྱས་ཏེ། གསུམ་གར་དུས་མཉམ་དུ་ཤུགས་འདོན་པ་དང་ཕྱོགས་གཅིག་ཏུ་ཤུགས་འདོན་པ། ཕྱོགས་བསྡུས་སྒོས་ཤུགས་འདོན་པ་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པའི་དབང་ཟིལ་གྱི་ཤུགས་དང་། རུལ་སུངས་བྱེད་མི་རུང་བའི་ཚོད་འཛིན་གྱི་ཤུགས། རུལ་སུངས་བྱེད་མི་འདོད་པའི་འབོད་སྐུལ་གྱི་ཤུགས་བཅས་གཅིག་ཏུ་སྡུད་དགོས། ལྐོག་རྔན་བརྫངས་པར་ཆད་པ་གཅོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་བཙུགས་ནས། ལྐོག་རྔན་རྫོང་མཁན་ལ་དམིགས་པའི་མཉམ་འབྲེལ་ཆད་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། “རྒྱབ་ལྗོངས་ཡོད་མཁན”དང“ཆབ་སྲིད་མགོ་སྐོར་གཏོང་མཁན”་ཟེར་བ་དེ་ཚོར་རྒོལ་རྡུང་དྲག་པོ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གིས་གཅིག་གྱུར་གྱིས་མགོ་ཁྲིད་པ་དང་། ཡོངས་སུ་ཁེངས་པ། དབང་གྲགས་མཐོ་ནུས་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་འཛུགས་པ་ནི། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་མཚོན་རྟགས་གལ་ཆེན་ཡིན་པས། ཏང་ཨུ་དང་ཏང་ཙུའུ་ཡིས་གཙོ་ཁྲིད་ནུས་པ་བཏོན་ནས། ལྟ་སྐུལ་སྟོབས་ཤུགས་སྣ་ཚོགས་གཅིག་སྡུད་དང་གོ་རིམ་འཚམ་མཐུན། བྱ་བ་མཉམ་འདྲེས་བཅས་གཅིག་གྱུར་གྱིས་སྤེལ་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་གྱི་བཅོས་སྒྱུར་བསྟུད་མར་ཟབ་མོར་སྤེལ་ནས། ཆེད་འགན་ལྟ་སྐུལ་རྣལ་མར་སྒྲུབ་པ་དང་། ལྟ་སྐུལ་སྟེགས་བུ་འཛུགས་པ། ལྟ་སྐུལ་དྲ་བ་ཚགས་དམ་པར་བྱེད་པ་བཅས་བྱས་ཏེ། ཏང་ཨུས་ལྟ་སྐུལ་མ་ལག་ཕན་འབྲས་མཐོན་པོས་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས། སྐོར་ཞིབ་ཀྱི་རལ་གྲི་རྣོ་དབལ་ཅན་སྔར་ལས་འོད་ཆེམ་ཆེམ་དུ་བྱས་ཏེ། རལ་གྲི་ཕྱར་ཕོད་པར་བྱས་ནས། དུས་རྒྱུན་དུ་རལ་གྲི་རྣོ་དབལ་ཅན་མཐོ་རུ་དཔྱངས་ཏེ་དེར་ཟིལ་ཤུགས་རྒྱུན་དུ་ལྡན་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྗིད་པས། ངེས་པར་དུ་ཏང་ལ་བློ་དཀར་བ་དང་། འགན་འཁྲི་ལྕི་མོ་སྤོབས་པས་ཁུར་བ། འབད་འཐབ་དྲག་པོ་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱས་ཏེ། མཁྲེགས་གཏོར་དམག་འཐབ་དང་རྒྱུན་རིང་དམག་འཐབ་ཁྲོད་དུ་དུས་ནམ་ཡང་ཆེས་སྔོན་ལ་གདོང་མཆོང་བྱེད་དགོས། ཏང་གཤིས་ཀྱིས་ཚུགས་ཐུབ་དོན་སྒྲུབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་གཡུལ་ས་རུ་གཤིས་སྤྱོད་ཀྱི་ཞུན་བརྡར་ཐོབ་པར་བྱེད་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གྱི་བྱས་པ་མངོན་པར་བྱས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཁྲོད་དུ་སྲ་ཞིང་འཐས་པའི་འགོག་ར་བརྟན་པོ་བསྐྲུན་དགོས། ཁྲིམས་སྐྱོང་འདུ་ཤེས་དང་གོ་རིམ་འདུ་ཤེས། བདེན་དཔང་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས། ནང་སྡོམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་སོ་སོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པར་དོ་དམ་ནན་མོ་བྱེད་པ་དང་། ཁོངས་གཏོགས་ཀྱི་རུལ་སུངས་པར་ཆད་པ་ནན་མོ་བཅད་ནས། “སྒྲོན་འོག་མུན་པ”མཐའ་གཅིག་ཏུ་འགོག་སེལ་བྱེད་དགོས། ཏང་ཡོངས་སུ་སྤེལ་རྒྱུ་ཡིན་པའི་བརྗོད་དོན་སློབ་གསོ་དང་སྦྲེལ་ནས། བསམ་བློ་གཙང་སྒྱུར་དང་རྩ་འཛུགས་གཙང་སྒྱུར་དེ་འབུར་ཐོན་གནད་དོན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཆབ་སྲིད་སློབ་གསོ་དང་ཏང་གཤིས་སློབ་གསོར་དངོས་སུ་ཤུགས་སྣོན་པ། སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ། ཕུང་འདྲེ་ལྟ་བུའི་མི་ངན་མཐའ་གཅིག་ཏུ་གཙང་སེལ་བྱས་ནས། རྣོ་ལྕགས་ལྟ་བུའི་སྒྲིག་ཁྲིམས་ཀྱིས་བློ་དཀར་ཁག་ཁུར་གྱི་རྣོ་ལྕགས་ལྟ་བུའི་དཔུང་སྡེ་བསྐྲུན་དགོས།

ལིས་ཞི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཀྱི་འབྱུང་རྐྱེན་དང་དེའི་རྣམ་པ་གཙོ་བོ། དཀའ་གནད་སེལ་ཐབས་བཅས་ལ་དབྱེ་ཞིབ་ཟབ་མོ་མཛད་ཡོད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་འཛུགས་པའི་དམིགས་འབེན་ལས་འགན་དང་། ལག་ལེན་བླང་བྱ་རྒྱས་བཤད་ཟབ་མོ་མཛད་ཡོད་ལ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་ཀྱིས་མཐོ་འགྱིང་ཐུར་གཟིགས་གནང་བ་དང་། དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། དཔྱད་བརྗོད་གནད་ལ་འཁེལ་བས། ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་བཅས་ཧ་ཅང་དྲག་པོ་ལྡན་ཞིང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྩ་བའི་བསྲུང་བྱ་ཡིན་ལ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བའི་རྩ་བའི་ཁྲིད་སྟོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་སྐད་ཅིག་ཙམ་ཡང་མཚམས་མ་བཞག་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གཏིང་ཟབ་མོར་སྤེལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོ་རྩོམ་པར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ཡིན་པའི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་གཞན་པ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་མི་དམངས་ཚོགས་པ་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་དེ་བརྙན་རིས་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དང་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་སུ་ཡན་ལག་ཚོགས་ར་བཙུགས།

ཟླ1ཚེས9ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་སྐྱོད་ལམ་གསར་པའི་སྟེང་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

 ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ་དང་པོའི་ཚེས་དགུ་ཉིན་པེ་ཅིང་དུ་ཚོགས་མགོ་བརྩམས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚེས9ཉིན་གྱི་ཕྱི་དྲོར་ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ 《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་སྐྱོད་ལམ་གསར་པའི་སྟེང་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།