རྒྱལ་ཡོངས་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་པེ་ཅིང་དུ་བསྡུས།
2023.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཉེ་ལམ། རྒྱལ་ཡོངས་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་པེ་ཅིང་ནས་བསྡུས། གྲོས་ཚོགས་ནས་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བཟང་བོ་བྱས་ཤིང་། ཉིས་སྟོང་ཉེར་གཉིས་ལོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་ཕྱིར་དྲན་དང་སྤྱི་བསྡོམས་བྱས་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་བྱ་བར་ལས་འགན་གསར་བ་དང་རེ་བ་གསར་བ་བཏོན་པར་མ་ཟད་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཅན་ཁྲུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་ལོ་གལ་ཆེན་ཞིག་ཡིན་པ་དང་། བསམ་བློ་དཔལ་ཡོན་གསར་སྐྲུན་བྱེད་པའི་ལོ་ཡང་ཡིན། ལོ་གསར་བའི་བྱ་བ་བཟང་བོར་སྒྲུབ་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་གཙོ་སྙིང་དུ་འཛིན་པར་དམིགས་པ་དང་། སྐབས་གསར་བའི་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་དཔེ་མཚོན་འདེམས་པ་དང་གཟེངས་བསྟོད་བྱེད་པ་གོ་སྐབས་སུ་བཟུང་སྟེ། དཔལ་ཡོན་གསོ་སྦྱོང་དང་དཔལ་ཡོན་ལག་ལེན། དཔལ་ཡོན་གསར་སྐྲུན་བཅས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་བསམ་བློའི་ཁག་ཐེག་དང་བསམ་བློའི་སྟོབས་ཤུགས་ཆེན་པོ། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་བཅས་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་ནས་བསྡུས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཀྲུང་དབྱང་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།