ཞི་ཅིན་ཕིང་གིས་ཐུར་ཁེ་དང་སི་རི་ཡར་ས་ཡོམ་དྲག་པོ་བྱུང་བའི་ཐད་ནས་ཐུར་ཁེའི་ཙུང་ཐུང་དང་སི་རི་ཡའི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་བྱས།
2023.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་གཉིས་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེ་དང་སི་རི་ཡར་ས་ཡོམ་དྲག་པོ་བྱུང་བའི་ཐད་ནས་ཐུར་ཁེའི་ཙུང་ཐུང་དང་སི་རི་ཡའི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་ངས་ཁྱེད་ཚོའི་རྒྱལ་ཁབ་ཏུ་ས་ཡོམ་དྲག་པོ་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་པ་ཤེས་མ་ཐག་ཏུ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་སྣར་སེམས་སྡུག་ཆེན་པོས་མྱ་ངན་ཞུས་པ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་རྨས་མ་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན། ཙུང་ཐུང་སྐུ་ཞབས་ཀྱི་མགོ་ཁྲིད་འོག་ཏུ། ཁྱེད་ཚོའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་གནོད་འཚེ་ཡི་འགལ་རྐྱེན་གང་མགྱོགས་ངང་སེལ་ནས། ཁྱིམ་གཞིས་བསྐྱར་སྐྲུན་བྱ་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།