ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་བསྡུས།
2023.02.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གཉིས་པའི་ཚེས་དགུ་ཉིན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

པད་ཁོ་ཡིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་གཙོ་སྙིང་དུ་བྱས་ཏེ། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་རྒྱུན་འཁྱོངས་དང་། དཀྱིལ་སྙིང་ལ་དམིགས་ཤིང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་གྲུབ་འབྲས་གསར་བ་བླངས། ཁོས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་སྒྲུབ་ན། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་གླེང་བ་དང་། རྒྱུན་སྲིང་ལྷོད་མེད་ཀྱིས་རྨང་གཞི་འདིང་བ། ཁག་ཁུར་ཡོད་པའི་སྒོ་ནས་འགན་འཁྲི་གཙོ་བོ་སྒྲུབ་པ། དངོས་སྒྲུབ་གསར་གཏོད་ཀྱིས་ཐོལ་བརྒལ་བརྩོན་ལེན་བྱེད་དགོས། ཁོས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་མ་ལག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བློ་དཀར་རྒྱུགས་ལན་དང་། མཐུན་སྒྲིལ་འབད་འཐབ་དང་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོའི་ངོས་འཛིན་རྒྱུགས་ལན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་མཐུན་སྒྲིལ་རྒྱུགས་ལན། བོད་འབྲེལ་ཁུལ་དང་རྫོང་གི་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་བའི་བརྟན་འཇགས་རྒྱུགས་ལན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་བཅོས་སྐྱོང་རྒྱུགས་ལན། དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ཞབས་ཞུའི་རྒྱུགས་ལན། འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པ་དང་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཕྱོགས་རྒྱུགས་ལན་བཅས་ནུས་ཤུགས་ཡོད་དགུས་སྤྲད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ངོས་འཛིན་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

དབྱང་ཀྲི་ཝུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་མ་ལག་གིས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་། གཅིག་གྱུར་བཀོད་སྒྲིག་བྱེད་པ།  ལག་བསྟར་དངོས་འབེབས་དམ་འཛིན་བྱེད་དགོས་ལ། ཆབ་སྲིད་ལངས་གནས་མཐོར་འདེགས་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལོ་ཧྲིལ་བོའི་བྱ་བའི་ལས་འགན་དང་དམ་པོར་སྦྲེལ་བ་དང་། བྱ་བའི་ལམ་ཕྱོགས་སྔར་ལས་གསལ་བར་བྱེད་པ། གཞི་རིམ་འཐབ་ཕྱོགས་གཅིག་གྱུར་བྱ་བར་མཛུབ་སྟོན་ཞབས་ཞུ་བྱེད་ནུས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བས་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་འབྱེད་བྱེད་པར་སྐུལ་འདེད་གཏོང་དགོས།

                                                                                                  རིག་འཛིན་སྒྲོལ་མས་བསྒྱུར།