ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས།
2023.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་དངོས་འབེབས་བྱེད་ཐབས་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ནས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་ལངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་སྒྲུབ་པ། ཇི་ལྟར་སྒྲུབ་པ་གསལ་བོར་བརྗོད་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བར་མ་ཟད། ང་ཚོའི་ཏང་གིས་དེང་རབས་ཅན་གྱི་ཆོས་ཉིད་ལ་ངོས་འཛིན་བྱས་ཚད་ཡུལ་ཁམས་གསར་བ་ཞིག་ཏུ་སླེབས་པ་མཚོན་པར་བྱས་ཡོད། གསུང་བཤད་ཀྱི་མཐོང་རྒྱ་ཡངས་ཤིང་དགོངས་དོན་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པས། ཆབ་སྲིད་ཀྱི་འབོད་སྐུལ་ནུས་ཤུགས་དང་རིགས་གཞུང་གི་གོ་སྐོན་བློ་འགུག་ནུས་པ། ལོ་རྒྱུས་ཀྱི་བློ་འབྱེད་ནུས་པ། ལག་ལེན་གྱི་སྣེ་ཁྲིད་ནུས་པ་བཅས་དྲག་པོ་ལྡན་པ་དང་། གསུང་བཤད་ལས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བདེན་དོན་ངོ་མ་མཚོན་པར་བྱས་ནས། ཏང་ཡོངས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཟུར་ཁྲིད་དང་རིགས་གཞུང་སློབ་གསོའི་སློབ་ཁྲིད། གནས་བབ་དབྱེ་ཞིབ་སློབ་ཁྲིད། ལག་ལེན་མཛུབ་སྟོན་སློབ་ཁྲིད་བཟང་བོ་ཞིག་བྱས་པར་སྙམ།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་དེང་སྐབས་ཅིས་ཀྱང་དམ་འཛིན་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་དགོངས་པ་གལ་ཆེན་དང་ལྟ་བ་གལ་ཆེན། ཆོད་གཏམ་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་འཕེལ་རིམ་དང་ཀྲུང་གོའི་ཁྱད་ཆོས། ངོ་བོ་དང་རེ་བ། ནང་ཁུལ་གྱི་གཏན་ཚིགས། རྩ་དོན་གལ་ཆེན་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། བསམ་བློ་དང་བྱ་སྤྱོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱས་ནས། སྐྱོད་ལམ་གསར་བའི་སྟེང་དུ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། བློ་རྩ་བརྟན་པོས་རང་རྟོགས་སྒོས་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་པའི་བགྲོད་ལམ་སྟེང་དུ་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་དགོས།

གྲོས་ཚོགས་ནས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རླབས་ཆེ་བ་དང་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན་པ་དང་། མཚོ་སྔོན་གྱི་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ཐད་བཏོན་པའི་ཕྱོགས་ཡོངས་ཀྱི་བཀོད་སྒྲིག་ལྟར། བློ་བརྟན་འགྱུར་མེད་སྒོས་རང་ཉིད་ཀྱི་ལམ་དུ་བསྐྱོད་པ་དང་སེམས་ལྷོད་ལྷོད་བྱས་ནས་རང་ཉིད་ཀྱི་དོན་དག་སྒྲུབ་དགོས་ལ། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་དེ་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། ལས་རིམ་སོ་སོ་རུ་དངོས་འབེབས་གང་ལེགས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཡང་དག་པའི་ཁ་ཕྱོགས་ལ་འགན་སྲུང་བྱེད་དགོས། ངེས་པར་དུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་གཏོང་བ་མི་དམངས་ཀྱི་དོན་དང་འཕེལ་རྒྱས་སུ་གཏོང་ན་མི་དམངས་ལ་བརྟེན་དགོས་པ་དང་། འཕེལ་རྒྱས་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་མུ་མཐུད་དུ་མངོན་འགྱུར་བྱས་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་སྒོས་རིགས་སོ་སོའི་མི་དམངས་ལ་ཁེ་ཕན་བསྐྲུན་དགོས། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩའི་ཁྱད་ཆོས་ཁྲོད་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ཁ་ཕྱོགས་དང་གོ་སྐབས་དང་འགྲན་རྩོད་ཁོང་དུ་ཆུད་པར་བྱས་ཏེ། ཞན་ཆ་ཁ་གསབ་དང་མི་འདང་ས་ལེགས་སྒྱུར། ཁྱད་སྟོབས་འདོན་སྤེལ་བྱེད་པའི་ཐད་ལ་ཤུགས་འདོན་པ་དང་། ཁུལ་ཁོངས་གཅིག་གིས་བརྩོན་ལེན་བྱས་ནས་ཁྱོན་ཡོངས་ལ་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས།

གྲོས་ཚོགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་སྐབས་འགོ་ཚུགས་པའི་ལོ་ཡི་བྱ་བ་དམ་འཛིན་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་ལ། འགོ་ཁྲིད་ལས་བྱེད་པས་བརྗོད་གཞི་གཏན་འཁེལ་བྱས་ཏེ་རྟོག་ཞིབ་བྱེད་པ་དང་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱེད་པ། ཞིབ་འཇུག་བྱས་ཏེ་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བ་འདོན་པ། ཡིད་ཆེས་བརྟན་པོས་སྒྲུབ་པ་དང་དཀའ་ངལ་ཁྱད་སེལ་བྱེད་པ། མཐུན་སྒྲིལ་འབད་འཐབ་སྒོས་སྒྲུབ་ནས་འགོ་བཟང་བོ་རྩོམ་པར་འགན་སྲུང་བྱེད་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། བརྟན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ་དང་། ཁོངས་གཏོགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་སྒོས་གོ་སྐབས་དམ་འཛིན་བྱེད་པ། ཧུར་ཐག་རང་འགུལ་སྒོས་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་པར་མ་ཟད། སྤོབས་པ་ཆེར་སྐྱེད་སྒོས་འཐབ་རྩོད་བྱས་པ་བརྒྱུད་ནས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་གསར་སྐྲུན་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་སྔར་ལས་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། ལས་བྱེད་པས་ཁག་ཁུར་བྱེད་འདོད་པ་དང་ཁག་ཁུར་བྱེད་ཕོད་པ། ཁག་ཁུར་བྱེད་མཁས་པར་སྐུལ་ལྕག་གཏོང་བ། ཚོང་གཉེར་གཙོ་གཞིའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྔོན་དཔག་དུས་སྐབས་བརྟན་འཇགས་སུ་གཏོང་བར་སྔར་ལས་ཁྲིད་སྟོན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཀྱི་ཕན་ནུས་མཐོར་འདེགས་དང་གྲངས་ཀ་ལུགས་མཐུན་སྒོས་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ། ཧུར་ཐག་སྒོས་གྲུབ་འབྲས་གསར་བ་ལེན་པ་དང་དཔལ་འབྱོར་འཁོར་སྐྱོད་ཡོངས་ཁྱབ་ཏུ་བཟང་ཕྱོགས་སུ་འཕེལ་བ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།