ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བྱས་རྗེས་ཐོ་འགོད་བྱས་ནས་བྱ་དགའ་གནང་བའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱས་རྗེས་ཐོ་འགོད་ཀྱི་བྱ་དགའ་ཐོབ་མཁན་ཝང་ཀོང་ཆན་དང་ཧྲི་ཕེ་ཅུན་གཉིས་ལ་དཔང་ཡིག་དང་བྱ་དགའི་གཟེངས་རྟགས་གནང་།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཝང་ཀོང་ཆན་དང་ཧྲི་ཕེ་ཅུན་གཉིས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པར་མ་ཟད། མཚོ་སྔོན་ནས་གཞི་ཆགས་པ་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་བཞག་པའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་འཇོན་མི་དང་། མཐོ་སྒང་གི་ས་ཁུལ་སོ་སོ་དང་ཁྱབ་ཁོངས་སོ་སོ་རུ་འབད་འཐབ་བྱེད་པའི་རྒྱ་ཆེའི་འཇོན་མི་རྣམས་ལ་བླ་མེད་གུས་འདུད་ཞུས། ཁོས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་དང་པོར་བྱས་རྗེས་ཐོ་འགོད་ཀྱི་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པའི་མཚོན་བྱེད་གལ་ཆེན་ཡིན་ལ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞི་གཅིག་ཏུ་ལག་བསྟར་བྱས་པའི་ནུས་ལྡན་བྱེད་ཐབས་ཡིན་པ་དང་། རང་ཞིང་གི་མཐོ་རིམ་སློབ་གསོའི་ལས་དོན་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པའི་སློབ་གཙོ་གཉིས་ལ་ཁས་ལེན་གང་ལེགས་བྱས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་འཇོན་མིའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་གང་ལེགས་བྱས་ཏེ། འཇོན་མིར་བརྟེན་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་རྐྱེན་སྲོལ་ལ་བརྟེན་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་འཆར་འགོད་གནང་བའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཇུས་གཞི་ལ་དམིགས་ཏེ། འཇོན་མིའི་ཐབས་ལམ་མང་ཙམ་འཚོལ་བ་དང་། འཇོན་མི་བཀོལ་སྤྱོད་བྱེད་ཐབས་མང་ཙམ་གཏན་འཁེལ་བྱེད་པ། འཇོན་མི་གསོ་སྐྱོང་བྱ་བ་མང་ཙམ་སྒྲུབ་དགོས་ལ། ཞན་ཆ་ཁ་གསབ་དང་མི་འདང་ས་ལེགས་སྒྱུར། རྨང་གཞི་སྲ་བརྟན། ཁྱད་སྟོབས་འདོན་སྤེལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ཤུགས་ཆེན་པོས་ཝང་ཀོང་ཆན་དང་ཧྲི་ཕེ་ཅུན་གཉིས་ཀ་འཐུས་ཚབ་ཡིན་པའི་རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིའི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་བྱས་ཏེ། ཞིང་ཆེན་ཡོངས་སུ་སྔོན་ཐོན་ལ་ཡིད་འཇོག་དང་སྤྱོད་ཡོན་གཉིས་ལྡན་གྱི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་འཇོན་མི་རྣམས་ཀྱིས་འགན་འཁྲི་ཁག་ཁུར་བྱེད་པ་དང་ལས་སྒྲུབ་ལས་སྤེལ་བྱས་ནས། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་སྐུལ་ལྕག་གཏོང་དགོས།
ཝང་ཀོང་ཆན་དང་ཧྲི་ཕེ་ཅུན་གཉིས་ཀྱིས་གཏམ་བཤད་སྐབས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བྱས་རྗེས་ཐོ་འགོད་ཀྱི་བྱ་དགའ་གནང་བ་ནི་ཁོ་གཉིས་ཀྱི་གཟི་བརྗིད་ཡིན་པ་དང་། མི་སྒེར་དང་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། སྔོན་ཆད་དང་འདྲ་བར་མཚོ་སྔོན་ལ་སེམས་ཁུར་དང་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཧུར་ཐག་སྒོས་མཚོ་སྔོན་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ལ་རང་ཉིད་ཀྱིས་སྟོབས་ཤུགས་འདོན་ངེས་ཡིན་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཝང་ཏ་ནན་གྱིས་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བློ་མཐུན་ཝང་ཀོང་ཆན་གྱི་བྱས་རྗེས་ཐོ་འགོད་བྱེད་པའི་སྐོར་གྱི་ཆོད་དོན་དང་ མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བློ་མཐུན་ཧྲི་ཕེ་ཅུན་གྱི་བྱས་རྗེས་ཐོ་འགོད་བྱེད་པའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།