ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2023.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཨ་ལ་ཧྲན་ཆི་གཡོན་མའི་ཀླད་བཀབ་མེད་པའི་སོལ་གཏེར་བརྡིབས་པའི་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་ལས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་པར་བླང་བྱ་གསལ་བོ་བཏོན་པ་དང་ང་ཚོར་ཡང་བསྐྱར་ཉེན་བརྡ་བཏང་བས། གཤིབ་བསྡུར་བྱས་ཏེ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། དོན་རྐྱེན་བྱུང་བའི་བསླབ་བྱ་དང་ལེན་གང་ལེགས་བྱེད་དགོས་ལ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་བརྟན་པོར་ཆགས་པར་བྱེད་པ་དང་།  ནམ་ཡང་བདེ་འཇགས་ཐོན་སྐྱེད་དང་དམ་པོར་སྦྲེལ་ཞིང་དུས་དང་རྣམ་པ་ཀུན་ཏུ་གཟབ་ནན་དང་དོགས་ཟོན་ནན་མོ་བྱེད་པ་སྲུང་འཛིན་བྱེད་དགོས་པར་མ་ཟད་ནམ་ཡང་མཐོང་ཆེན་བྱེད་པའི་འགན་འཁྲིའི་བསམ་བློ་བཅངས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དེ་ཁྱབ་ཁོངས་སོ་སོ་དང་ལས་རིམ་སོ་སོ་རུ་དངོས་འབེབས་བཟང་བོ་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། དེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆོས་ཉིད་དང་ཁྱད་ཆོས་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། འབྱུང་སྲིད་པའི་བདེ་འཇགས་དང་ཉེན་ཁར་སྔོན་དཔག་སྒོས་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱོད་པ། མགོ་ཁུངས་ནས་ཉེན་ཁར་དོགས་ཟོན་དང་ཉེན་ཁ་གཙང་སེལ་བྱེད་པར་ཡིད་འཇོག་བྱས་ནས། བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་དགོས། ལས་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་ནུས་པ་ཇེ་ཆེར་བཏང་སྟེ། བཟོ་གྲྭ་དང་གཏེར་རི། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས། ཞིང་སྡེའི་རང་སྐྲུན་ཁང་བ། གནས་སྐོར་སྒྲིག་ཆས། འགྲིམ་འགྲུལ་སྐྱེལ་འདྲེན། མི་སྣ་འདུ་འཛོམས་བྱེད་ས། བཟོ་སྐྲུན་ཨར་ལས་སོགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། རིགས་སོ་སོའི་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་ལ་དོགས་ཟོན་ནན་མོ་བྱེད་དགོས། རྒྱུན་རྣམ་ཅན་ལ་བརྟེན་ནས་བདེ་འཇགས་ཉེན་ཁར་ཞིབ་བཤེར་བྱེད་པ་དང་། ཡང་དང་བསྐྱར་དུ་བཅོས་སྐྱོང་དང་ཡང་དང་བསྐྱར་དུ་བྱུང་བའི་ཉེན་ཁ་ཚབས་ཆེན་ལ་དམ་པོར་དམིགས་ཏེ། ཏན་ཏིག་སྒོས་རྩ་བཅོས་མཁྲེགས་གཏོར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། བདེ་འཇགས་འགག་སྒོ་བརྟན་སྲུང་བྱས་ནས། ཆེད་དོན་དག་ཐེར་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཕྱོགས་སོ་སོའི་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ལྟ་སྐུལ་དོ་དམ་གྱི་ཞན་ཆ་གཙང་སེལ་བྱེད་པ་དང་། དོ་དམ་གྱི་མི་འདང་ས་ལེགས་སྒྱུར་བྱེད་དགོས་ལ། འཕྲལ་བསྟུན་སྦྱོང་བརྡར་བྱེད་པ་དང་། ངེས་པར་དུ་མཁོ་བའི་འཕྲལ་བསྟུན་རྒུད་སྐྱོབ་ཡོ་བྱད་དང་རྒྱུ་རྫས་གསོག་འཇོག་བྱེད་པ། ལས་རེས་བརྟན་སྲུང་རྒྱུན་འཁྱོངས་བྱེད་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་བདེ་འཇགས་དོགས་ཟོན་བྱེད་ཐབས་དངོས་འབེབས་བཟང་བོ་བྱས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས།

                                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།