ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ2023ལོའི་ཟླ2པའི་ཚེས26ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་
ཐེངས་གཉིས་པའི་སྤྱི་བསྒྲགས།
(སྤྱི་ལོ2023ལོའི་ཟླ2པའི་ཚེས28ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་
ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་། )
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ2023ལོའི་ཟླ2པའི་ཚེས26ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་འཚོགས།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན203དང་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན170ཞུགས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཟུར་ཞུགས་བྱས།
ཚང་འཛོམས་གྲོས་ཚོགས་དེར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་འགོ་འཛིན་བྱས་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ2023ལོའི་ཟླ2པའི་ཚེས26ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས།
ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར་ཕུལ་བའི་ལས་དོན་སྙན་ཞུར་ཉན་ནས་གྲོས་བསྡུར་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་ཕྱི་ནང་གི་བསམ་འཆར་ལ་རྒྱ་ཁྱབ་ཏུ་ཉན་པ་དང་གྲོས་བསྡུར་ཡང་ཡང་བྱས་པའི་རྨང་གཞིའི་ཐོག་བཏོན་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་ཞུ་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་འོས་འདེམ་མི་སྣའི་གྲོས་འགོའི་མིང་ཐོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་ཞུ་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱི་འོས་འདེམས་མི་སྣའི་གྲོས་འགོའི་མིང་ཐོར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། གྲོས་འགོའི་མིང་ཐོ་དེ་གཉིས་སོ་སོར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པར་འོས་སྦྱོར་ཞུ་རྒྱུའི་ཐག་བཅད། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་བཏོན་པའི《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞི》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞི(འཆར་ཟིན)》གྱི་སྐོར་ནས་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་། ཚང་འཛོམས་གྲོས་ཚོགས་ཀྱིས《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞི》ཡི་ནང་དོན་ཁག་ཅིག་ཁྲིམས་བཅད་གོ་རིམ་ལྟར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་བར་གྲོས་འཆམ་བྱུང་།
ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ལས་དོན་ལ་ཁས་ལེན་གང་ལེགས་བྱས། ཚང་མས་མགྲིན་གཅིག་ཏུ། ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ཁུར་དུ་ལྕི་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་གསུམ་གྱི་ལས་འགན་མདུན་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱས་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བཅས་བྱེད་པའི་ཚ་རླབས་བསླངས་པ། བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་གཟབ་རྒྱས་ཞུས་པ། རྒྱལ་ཡོངས་མི་དམངས་འཐུས་་མི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེའི་གྲ་སྒྲིག་བྱ་བ་ལེགས་པར་བསྒྲུབས་པ། པྲོག་གསར་རིམས་ནད་འགོག་སྡོམ་བྱེད་ཐབས་ལ་འགུལ་རྣམ་ཅན་གྱི་ལེགས་སྒྲིག་བྱས་པ། དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་བསྣན་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། དམངས་ཚིས་འགན་ལེན་དང་ལེགས་བཅོས་ཏན་ཏིག་བྱས་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟནའཇགས་་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་སྐྱོད་ལམ་གསར་པ་བཏོད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སྔར་ལས་གཏིང་ཟབ་ཏུ་བཏང་ནས་ལས་དོན་སྣ་ཚོགས་ཐད་གོམ་སྟབས་གསར་པ་སྤོས་ཡོད་པའི་ངོས་འཛིན་བྱས།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ2023ལོའི་ཟླ2པའི་ཚེས26ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་འཚོགས། འདི་ནི་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།
ཚང་འཛོམས་གྲོས་ཚོགས་ཐོག སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ཡག་པོར་བསྡུ་རྒྱུ་དེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་སློང་སྔར་ལས་ལྷག་པ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཞེས་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། ལེགས་སྒྱུར་མཐུན་སྦྱོར་ལས་ཆོད་ཆེ་བ་བཅས་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་དོན་རྒྱུན་འཁྱོངས་བཅས་བྱེད་པའི་རྩ་དོན་ལྟར་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འགན་ནུས་དེ་བརྒྱུད་རིམ་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་ཆེད་ཉམས་མྱོང་རྩ་ཆེན་བསགས་ཡོད་པའི་ངོས་འཛིན་བྱས།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ2023ལོའི་ཟླ2པའི་ཚེས26ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་འཚོགས། འདི་ནི་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་པ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་པ།ས ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱུར་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་རྒྱུ་ཁྲིད་སྟོན་དུ་འཛིན་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བའི་བླང་བྱ་དང་འཚམ་པར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་འཚམ་པར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གི་ལས་ཁུངས་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས། རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཀྲུང་དབྱང་དང་ས་གནས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱ་རྒྱུར་སྐུལ་འདེད་བཏང་ནས་ལས་ཁུངས་བཀོད་སྒྲིག་སྔར་ལས་ཚན་རིག་དང་མཐུན་པ་དང་། འགན་ནུས་བཀོད་སྒྲིག་སྔར་ལས་ལེགས་པ། སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་ཡིན་པ། འཁོར་སྐྱོད་དོ་དམ་སྔར་ལས་ཕན་ནུས་ཆེ་བ་བཅས་ཡོང་བར་བྱ་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་གནས་བབ་ཧྲིལ་པོའི་མཐོ་ཚད་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་བྱེད་པའི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས” སྒྲུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རང་འགུལ་ངང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བཅོས་སྒྱུར་གྱི་སེམས་ཤུགས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ནས། ལས་ཁུངས་བཅོས་སྒྱུར་གྱི་ལས་འགན་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་ཕྱིན་ཆད་ཀྱི་དུས་མཚམས་ཤིག་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་ཡིན་པས། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་ས་དང་དངོས་དོན་གཉེར་བའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཐབས་ལམ་ཕུན་སུམ་ཚོགས་པར་གཏོང་བ་དང་བྱེད་ཐབས་གསར་གཏོད་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ལས་ཁུངས་དང་ཁེ་ལས། ལས་དོན་ལས་ཁུངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། སློབ་གྲྭ། དམག་སྒར། དཔལ་འབྱོར་སྒྲིག་འཛུགས་གསར་པ་དང་སྤྱི་ཚོགས་སྒྲིག་འཛུགས་གསར་པ་སྣ་ཚོགས། དྲ་ཚིགས་བཅས་སུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་དངོས་སུ་གཏིང་ཟབ་མོར་ཟུག་ཐུབ་པར་བྱ་དགོས། འགོ་ཁྲིད་ལས་བྱེད་པས་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱ་རྒྱུའི་ཐད་མུ་མཐུད་མིག་དཔེ་སྟོན་པ་དང་། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེ་བཞིན་དེའི་ཁྲོད་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་འཐབ་ཇུས་བཀོད་སྒྲིག བྱེད་ཐབས་གལ་ཆེན་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། རང་ས་ཁུལ་དང་རང་སྡེ་ཁག་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་པའི་ཞིབ་ཕྲའི་ཇུས་གཞི་དང་ཞིབ་ཕྲའི་བྱེད་ཐབས་གཏན་འབེབས་ཡག་པོ་དང་ལག་བསྟར་ཡག་པོ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་ངོས་འཛིན་བྱས།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ2023ལོའི་ཟླ2པའི་ཚེས26ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས།
ཚང་འཛོམས་གྲོས་ཚོགས་ཐོག མིག་སྔར་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གྱི་དུས་མཚམས་གསར་པར་སླེབས་ཡོད། རང་རྒྱལ་གྱི་འཕེལ་རྒྱས་ཐད་འཐབ་ཇུས་གོ་སྐབས་དང་ཉེན་ཁ་དང་འགྲན་རྩོད་མཉམ་དུ་གནས་པ་དང་། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་མཚམས་སུ་སླེབས་ཡོད་པས། ངེས་པར་དུ་དྲག་ཆར་རླུང་འཚུབ་དང་ཐ་ན་རྦ་རླབས་དྲག་པོའི་ཚོད་བགམ་ཆེན་པོ་ཐེག་པའི་གྲ་སྒྲིག་བྱེད་དགོས། རང་རྒྱལ་གྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་བང་རིམ་པ་ཟབ་པའི་འགལ་ཟླ་སྔར་བཞིན་གནས་ཡོད་པ་དང་། དགོས་མཁོ་ཇེ་ཆུང་དུ་འགྲོ་བ་དང་མཁོ་སྤྲོད་ལ་བརྡབ་གསིག་ཕོག་པ། སྔོན་དཔག་ཉམས་ཞན་དུ་འགྲོ་བ་བཅས་གནོན་ཤུགས་གསུམ་སྔར་བཞིན་ཆེ། དཔལ་འབྱོར་སླར་གསོའི་རྨང་གཞི་ད་དུང་བརྟན་པོ་མིན་པ་དང་། སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་སྣ་ཚོགས་དུས་ངེས་མེད་དུ་ཐོན་ཉེན་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སེམས་ཤུགས་ཇེ་བརྟན་དུ་གཏོང་བ་དང་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྔར་ལས་བཟང་བའི་གཅིག་གྱུར་འཆར་འགོད་གསུམ་སྒྲུབ་ཐུབ་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་ད་ལོའི་དམིགས་འབེན་ལས་འགན་ཁག་མངོན་འགྱུར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་དུས་མཚམས་གསར་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། རིམས་ནད་རིགས་ཁ་པར་དོ་དམ་བྱེད་ཐབས་ཁ་པ་སྤྱོད་པའི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། འབད་བརྩོན་ཆེན་པོས་ནང་མཁོ་རྒྱ་སྐྱེད་དུ་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་ལྡེམ་ཤུགས་དང་བདེ་འཇགས་ཆུ་ཚད་ཏན་ཏིག་གིས་ཇེ་མཐོར་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་པ་བཅས་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པར་བྱེད་པའི་མཐའ་ཚད་བརྟན་སྲུང་བྱེད་དགོས། དམངས་ཚིས་འགན་ལེན་དང་ལེགས་བཅོས་བྱེད་པའི་ལས་དོན་ཁག་ལ་ཤུགས་སྣོན་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱེད་པ། སྤྱི་ཚོགས་འགན་སྲུང་དྲ་བ་བརྟན་པོ་འཛུགས་པ། སྨན་བཅོས་འཕྲོད་བསྟེན་དང་ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པ། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཐེབས་རྒྱུར་བཀག་འགོག་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་གཞིགས་ཏེ། འཐབ་ཇུས་རང་བཞིན་དང་གསར་གཏོད་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་བཅོས་སྒྱུར་བྱེད་ཐབས་ཁག་གཅིག་འདོན་པ་དང་། བཅོས་སྒྱུར་འདི་ཉིད་མ་ལག་གཅིག་སྡུད་དང་། མཐུན་སྦྱོར་ནུས་ཆེ་ཡོང་བར་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ཏེ། ཁྱབ་ཁོངས་གལ་ཆེན་དང་། འགག་རྩའི་ལྷུ་ཚིགས་ཐད་འགག་གཏོར་གསར་པ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ། དེང་རབས་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། ཁྱབ་ཁོངས་ཁག་གི་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་བཅས་བྱེད་དགོས། བཅོས་སྒྱུར་དོན་འཁྱོལ་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་བཟང་ཆ་དེ་སྔར་ལས་བཟང་བོར་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་བསྒྱུར་དགོས་ཞེས་བསྟན།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ2023ལོའི་ཟླ2པའི་ཚེས26ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་འཚོགས།
ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཏང་གི་འཛུགས་སྐྲུན་སྐོར་ལ་གནང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་སེལ་བའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་རྟག་ཏུ་རྒྱུན་འཁྱོངས་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱས་ཏེ་ཏང་གི་ཕྱོགས་ཁག་གི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དུས་རབས་གསར་པའི་ཏང་འཛུགས་ཀྱི་རླབས་ཆེན་བཟོ་སྐྲུན་གསར་པ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་སྒྲིག་འཛུགས་ཚགས་སུ་ཆུད་པ་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་བཏང་ནས་ཕན་པ་ངོ་མ་ཐོབ་པར་བྱེད་དགོས། སྐབས་བརྗེས་པའི་རྗེས་ཀྱི་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་གཏོད་པ་བརྒྱུད། མཐུན་སྒྲིལ་རོགས་ལས་དང་། འགན་འཁུར་ཕོད་པ། སྒྲུབ་མཁས་ལ་གྲུབ་འབྲས་ལེན་མཁས་པ་བཅས་ཀྱི་རྣམ་པ་གསོན་ཉམས་དོད་པོ་ཞིག་ཆགས་པར་བྱེད་དགོས། གཞི་རྩའི་བྱེད་ཕྱོགས་ནན་མོར་བརྟེན་ནས་སྤྱོད་གཙང་སྒྲིག་ནན་ལ་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་དང་། སྤྱོད་ངན་བཞི་ཡོ་བསྲང་གཏིང་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བརྒྱུད་དེ། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་ངོ་མ་ལེན་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུང་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ངེས་པར་དུ་བསྒྲུབ་དགོས་པ་གསུམ་བློ་ལ་བརྟན་པོར་ངེས་པར་བྱེད་པ། རང་རྟོན་རང་བརྩོན་དང་དག་སྲུང་གསར་གཏོད་བྱེད་པ། འབད་པ་ལྷུར་ལེན་དང་འབད་འབུངས་ཡར་བརྩོན་བྱེད་པ། ཀྲུང་གོའི་ལུགས་ཀྱི་་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་།
ཕྱུག་ལོས་བསྒྱུར།