ཟླ་གསུམ་པའི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་རྒྱུས་ལོན་ཟབ་མོ་བྱེད་པ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་བྱ་བ་བཟང་བོར་སྒྲུབ་པའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་ནན་མོ་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་རྗེས་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་མ་བསྡུས་པའི་སྔོན་དུ། ཏང་ཀྲུང་དབྱང་གིས་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མངག་བཅོལ་དང་ལེན་བྱས་ནས་བྱ་བའི་སྙན་ཞུ་ཕུལ་ཏེ། སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིབྱ་བར་ཕྱོགས་ཡོངས་ནས་ཕྱིར་ལྟ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་སྤྱི་སྡོམ་བྱས། འདས་པའི་ཟླ་ངོ་བཞིའི་རིང་ནི། ང་ཚོས་ཏང་གིས་ལོ་བརྒྱའི་འོད་སྟོང་འབར་བའི་གྲུབ་འབྲས་བརྒྱུད་དེ་མུ་མཐུད་དུ་བསྐྱོད་ལམ་གསར་བ་འབྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཡིན་པ་དང་། སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གསལ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་དམིགས་འབེན་གཙིགས་སུ་བཟུང་ནས་བྱ་བ་བསྒྲུབས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་བཟང་བོ་རྩོམ་པར་ཁག་ཐེག་བྱས། རིམས་ནད་འགོག་སྡོམ་ཐད་ནས་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་པ་དང་། ཚོང་ར་སླར་གསོ་བྱེད་པའི་གསོན་ཤུགས་དང་དཔལ་འབྱོར་གྱི་རྣམ་པ་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་བཏང་ལ། འཕེལ་རྒྱས་ཀྱི་ཡིད་ཆེས་མངོན་གསལ་སྒོས་ཇེ་མཐོང་སོང་། འཐབ་རྩོད་བརྟན་པོར་རྒྱབ་རྟེན་ནས་རང་རྒྱལ་གྱི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོང་སྔར་ལས་བཟང་བོ་བྱས་པ་དང་། རྒྱལ་ཁབ་ཆེན་པོའི་ཁག་ཁུར་དང་རྒྱལ་སྤྱིའི་འགན་འཁྲི་མངོན་པར་བྱས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་རང་ངོས་གསར་བརྗེ་བྱེད་མཚམས་ནམ་ཡང་མ་བཞག་པ་དང་། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་པའི་རིག་པ་གསལ་བོ་དང་བློ་རྩ་བརྟན་པོ་མངོན་པར་བྱས། གྲུབ་འབྲས་དེ་དག་བླངས་པ་དེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆབ་སྲིད་ཀྱི་བློ་གྲོས་དང་ལོ་རྒྱུས་ཀྱི་ཁག་ཁུར་མངོན་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་མངོན་པར་བྱས་ཡོད་པ་དང་། དེ་ནི་ང་ཚོས་བྱ་བ་ཡོད་ཚད་བཟང་བོར་བསྒྲུབ་པའི་ཡིད་ཆེས་ཀྱི་འབྱུང་རྩ་དང་རྒྱལ་ཁ་ལེན་པའི་གཞི་རྩ་ཡིནཔས། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་ཀྱི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ། ལག་བསྟར་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་ནས། ཏན་ཏན་ཏིག་ཏིག་གིས་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཐད་ནས། བསྐྱོད་ལམ་གསར་བ་དང་ལས་འགན་གསར་བར་རྐང་བཙུགས་པ་དང་། དུས་རབས་ཀྱི་རེ་བ་དང་འཕེལ་རྒྱས་ཀྱི་དགོས་མཁོ་བསྟུན་ལ། སྤྱི་ཡོངས་དང་ཡུན་རིང་ལ་དམིགས་ནས། དེང་རབས་ཅན་གྱི་ཁ་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་མངོན་པར་བྱས་པ་དང་། བཅོས་བསྒྱུར་གཏིང་ཟབ་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གོང་རིམ་ཇུས་འགོད་དང་སྔ་རྗེས་ཤུགས་མཐུད། བཀོད་སྒྲིག་གལ་ཆེན་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅིའི་བཅོས་བསྒྱུར་གྱི་ཆོད་སེམས་དང་བཅོས་བསྒྱུར་གྱི་བློ་སྤོབས། བཅོས་བསྒྱུར་གྱི་ཇུས་ཆོད་མཚོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས། ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང་། བཅོས་བསྒྱུར་གྱི་ཁ་ཕྱོགས་ཡང་དག་ཇེ་བརྟན་དུ་གཏོང་བ། བཅོས་བསྒྱུར་གྱི་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་གཏོང་བ། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་དབང་ཟིལ་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། ཀྲུང་དབྱང་གི་རེ་བ་ལྟར་བཅོས་བསྒྱུར་གྱི་བྱེད་ཐབས་མཚོ་སྔོན་ནས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། བཅོས་བསྒྱུར་གྱི་གྲུབ་འབྲས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་ལྟ་ཚུལ་དང་བྱེད་ཐབས་རྒྱུས་ལོན་གསལ་བོ་བྱེད་པ། རང་ས་ཁུལ་དང་རང་སྡེ་ཁག་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་ཇུས་གཞི་དང་བྱེད་ཐབས་གཙོ་བོ་སྒྲིག་བཟོ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་དུ་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱིའི་ཡོངས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། ཧུར་ཐག་གིས་ནང་མཁོ་རྒྱ་སྐྱེད་པ། ཕན་ལྡན་དངུལ་གཏོང་རྒྱ་སྐྱེད་པ། དཔལ་འབྱོར་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་མེད་པར་བཟོ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་འཁོར་རྒྱུག་སྤྱི་ཁོག་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་བྱ་བ་སྣ་ཚོགས་ལ་ཤུགས་སྣོན་པ། དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་ནན་མོ་བྱེད་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། དམངས་ཚིས་དོན་དངོས་བཟོ་སྐྲུན་ཏན་ཏན་ཏིག་ཏིག་ལག་བསྟར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྒྱུན་རིམ་ཁྲོད། རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་བསྒྱུར་དང་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་ཐུབ་པར་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་དབྱང་གི་བཀོད་སྒྲིག་དང་མཚོ་སྔོན་གྱི་གནས་ཚུལ་དངོས་ཟུང་འབྲེལ་བྱེད་པ། སྤྱི་ཡོངས་ཀྱི་བྱ་བ་དང་གཙོ་གནད་བྱ་བར་གཅིག་འདོམས་བྱེད་པ། མིག་སྔར་དམ་འཛིན་དང་ཡུན་རིང་ལ་ཕན་འདོགས་པ་གཉིས་གཅིག་གྱུར་བྱས་ནས། སྔར་ལས་གཏིང་ཟབ་པ་དང་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། བློ་བརྟན་འགྱུར་མེད་ཀྱིས་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། སྐབས་བརྗེ་རྗེས་ཀྱི་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་དམ་འཛིན་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པ་རྒྱུན་འཁྱོངས་བྱེད་པ། འབད་བརྩོན་ལྷོད་མེད་ཀྱི་བསམ་པའི་རྣམ་པ་བརྟེན་ནས་མིག་སྔར་གྱི་བྱ་བ་བཟང་བོར་བསྒྲུབ་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།