མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།
2023.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་བླངས་པ་དང་། མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཁྲིན་ཀང་གིས་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཝང་ལིས་མེན་གྱིས་གཏམ་བཤད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་གྲོས་ཞིབ་ལ་ཞུགས་པ་དང་འཐུས་མིའི་བསམ་འཆར་ལ་ཉན།

འཐུས་མི་ཁྲིན་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཅང་སུའུ་ལ་བཏོན་པའི་རེ་བ་ཡིན་ལ། ཏང་ཡོངས་ལ་བཏོན་པའི་རེ་བ་དེ་ལས་ཀྱང་ཡིན་པས། བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་མཐོ་ཚད་དུ་འགྲེང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་གཉིས་སྦྲེལ་མཐུད་བྱེད་པ་དང་། དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་ལེན་པ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་ངེས་གནས་གཏན་ཁེལ་ལ་རྒྱུས་ལོན་གསལ་བོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་འཕེལ་རྒྱས་ཀྱི་འཆར་གཞི་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དམ་འཛིན་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་གྲངས་ཚད་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། སྤུས་ཚད་གོ་གནས་དང་པོར་བཞག་སྟེ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པ། ནོར་གནག་དང་བོད་ལུག ལིས་གྲོ། འཕང་འབྲས། ཆུ་གྲང་ཉ་རིགས་སོགས་ལྗང་མདོག་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། གྲོང་གསེབ་དར་སྤེལ་གྱི་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། བསྩལ་བ་གསུམ་དང་ཕན་ཡོད་གཅིག་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཤེས་པར་བྱེད་པ། ཞིང་ཆེན་རིམ་པའི་ཚན་ཁག་ནས་དམ་འཛིན་བྱེད་པ། གཟབ་ནན་གྱི་དགོངས་གཞིར་བརྟེན་ནས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱས་ནས། ཏང་གི་མཚོ་སྔོན་ནས་སྲིད་སྐྱོང་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གོ་དོན་དང་དགོངས་པ་གཏིང་ཟབ་ཅིང་ཁ་ཕྱོགས་གནད་ལ་འཁེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་འགྲེལ་བཤད་སྔར་ལས་བཟང་བོ་བྱས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ཀྱི་འགྱུར་བ་མེད་པའི་མ་ལག་བསམ་གཞིགས་དང་འཐབ་ཇུས་འཆར་འགོད་མངོན་པར་བྱས་ཏེ། ང་ཚོར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་ལ་བརྩི་མཐོང་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་སྦྲེལ་མཐུད་བྱས་ནས་གོ་བ་ལེན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་བརྒྱུད་ལམ་བུ་དང་འཐབ་ཇུས་ཀྱི་གཞི་རྩ། དགོས་ངེས་ཀྱི་རེ་བ། མཐའ་མཇུག་གི་དམིགས་འབེན་བཅས་ཁོང་དུ་ཆུད་པར་བྱེད་པ། གསར་གཏོད་དང་མཐུན་སྦྱོར། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་ནང་ཁུལ་གཅིག་གྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་གོ་བ་ལེན་པ་དང་འཕེལ་རྒྱས་ལ་བསམ་གཞིགས་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་དེ་སྣེ་ཁྲིད་དུ་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། ཞིང་ལས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། གཞི་རིམ་བཅོས་སྐྱོང་དང་དམངས་ཚིས་འགན་སྲུང་ལ་སྔར་ལས་ཤུགས་སྣོན་པ། ལས་ཆོད་བཅོས་སྒྱུར་དང་སྒུལ་ཤུགས་བཅོས་སྒྱུར་ལ་བརྟེན་ནས་སྤུས་ཚད་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྤུས་ཚད་ཀྱི་ཕན་འབྲས་མཐོར་འདེགས་དང་གྲངས་ཚད་ཀྱི་ལུགས་མཐུན་འཕར་སྣོན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་གསར་པར་སྐུལ་འདེད་གཏོང་དགོས།

འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་གཙོར་བཟུང་ནས། ཅང་སུའུ་དང་ཐ་ན་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འཆར་གཞི་བཀོད་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས་པས། ང་ཚོས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་རྒྱུ་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་དགོས། སྲིད་གཞུང་བྱ་བའི་སྙན་ཞུའི་འགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་པར་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོདཔ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་རེ་བ་ཁོང་དུ་ཆུད་པར་བྱས་ཡོད་ལ། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དཀྱིལ་སྙིང་དུ་འཛིན་པ་དང་བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཡོད་ལ། ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཡོད་པ་དང་། དེ་ནི་ལངས་ཕྱོགས་བརྟན་པ་དང་ཁྲིམས་སྐྱོང་མངོན་པ། སེམས་ཤུགས་གཅིག་བསྡུས་དང་དཀའ་སྤྱད་མདུན་སྐྱོད་བྱེད་པའི་སྙན་ཞུ་བཟང་བོ་ཞིག་རེད་ཟེར། ཝང་ལིས་མེན་གྱིས། གཅིག་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་མཐོང་ཆེན་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། གཉིས་ནས་མདོ་དབུས་མཐོ་སྒང་གི་གཞི་གྲངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱས་ནས། མཚོ་སྔོན་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་རྒྱ་རྒྱལ་ཁབ་ལྟེ་གནས་ཁྲོད་འཇོག་པ། གསུམ་ནས་ནུབ་རྒྱུད་གསར་སྤེལ་ཆེན་མོར་མཐོར་ཆེན་བྱེད་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བར་གཅིག་འདོམས་བྱས་ནས། དཀའ་ཁག་ཆེ་བའི་མི་རིགས་ས་ཁུལ་ལ་སྲིད་ཇུས་དང་ལས་གཞི། མ་དངུལ་བཅས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུའི་གྲོས་གཞི་བཏོན།

མཱ་ཧྲི་གུང་། མཱ་ཧྥུའུ་ཁྲང་། ལིའུ་ཞའོ་རུང་། ཞུས་ཆིན་མེན། ཡུན་ཧུང་ཝེ། དབྱང་ཡུང་། བསོད་ནམས་བསྟན་འཛིན་སོགས་འཐུས་མིས་གཏམ་བཤད།

རིན་ཆེན་མཚོས་བསྒྱུར།