ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲི་ཅང་དུ་སོང་ནས་ལྟ་ཞིབ་བྱེད་པར་མ་ཟད། ཀྲི་ཅང་ནས་ཀྲི་ཅང་དང་མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲི་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱི་ལེན་ཧུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཀྲི་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཧའོ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་བཅས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་དང་ཀྲི་ཅན་ཞིང་ཆེན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཚབ་བྱས་ནས་ཀྲི་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ནས་རོགས་སྐྱོར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་སྒྲོམ་གཞིའི་གྲོས་མཐུན་བཀོད།
དབྱི་ལེན་ཧུང་གིས་ཀྲི་ཅང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲི་ཅང་དུ་ལྟ་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཀྲི་ཅང་གི་བཅོས་བསྒྱུར་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པ་དང་། ཀྲི་ཅང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཀྲི་ཅང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་མཛའ་བརྩེ་ཟབ་ཅིང་རྩ་ཆེ། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་ཞིང་གྲུབ་འབྲས་བཟང་བོ་བླངས། ང་ཚོས་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ངེས་ཤུགས་་དང་། མཉམ་དུ་ཕྱུག་པོར་བསྒྱུར་བ་དང་མང་ཚོགས་ཀྱི་སྐྱིད་སྣང་ཇེ་ཆེར་གཏོང་བའི་མི་དམངས་བསམ་པའི་བརྩེ་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲོད་མི་རིགས་ཆོས་ལུགས་ཀྱི་མཐུན་སྒྲིལ་འཆམ་མཐུན་མངོན་འགྱུར་བྱེད་པའི་འགན་འཁྲི་ཁག་ཁུར། མཐོ་སྒང་གི་ས་གཞི་རུ་བསམ་པའི་མཐོ་ས་འཛུགས་སྐྲུན་བྱེད་པའི་གཤིས་རྒྱུད་བཟང་བོ་བཅས་ལ་སློབ་སྦྱོང་བྱེད་དགོས། མཚོ་སྔོན་གྱི་མཚོ་ནུབ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཀྲི་ཅང་ལ་བསྩལ་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཡིན་ལ། ཀྲི་ཅང་གིས་བརྒྱད་བརྒྱད་འཐབ་ཇུས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། སྔོན་སྐྱོད་གཉིས་ལ་བརྟེན་ནས་སྒེའུ་ཁུང་གཙོ་བོ་གསར་སྐྲུན་བྱེད་པའི་བདེན་ལུགས་ཀྱང་ཡིན་པས། ཀྲི་ཅང་གིས་བློ་རྩ་སྔར་ལས་བརྟན་པོ་དང་རང་རྟོགས་སྒོས་མཚོ་ནུབ་ཁུལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མཚོ་སྔོན་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ཐད་ནས་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ཐད་ལ་སྔར་ལས་ཤུགས་སྣོན་པ། ཐོན་ལས་རིམ་སྤོར་བྱེད་པའི་ཐད་ནས་སྔར་ལས་ནུས་སྤེལ་བྱེད་པ། ཚན་རིག་སློབ་གསོའི་གྲུབ་འབྲས་བསྐྲུན་པའི་ཐད་ནས་སྔར་ལས་རྒྱ་སྐྱེད་པ། དམངས་ཁྲོད་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་ནས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། ཁ་གཏད་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་ཀྱི་དཔེ་སྟོན་པར་གཞི་གསར་སྐྲུན་བྱེད་དགོས།
ཁྲིན་ཀང་གིས་ཀྲི་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཀྲི་ཅང་མི་དམངས་ཀྱིས་ལོ་ངོ་མང་པོའི་རིང་ལ་མཚོ་སྔོན་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་ངོ་བཅུ་གསུམ་རིང་ལ། ཀྲི་ཅང་གིས་ནམ་ཡང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩིས་ནས། མཚོ་སྔོན་ལ་མ་དངུལ་ཐད་ནས་རོགས་སྐྱོར་བྱས་པ་དང་། བློ་གཅིག་སེམས་གཅིག་གིས་རོགས་སྐྱོར་བྱས་ལ། བདེན་འཛིན་དངོས་སྒྲུབ་ཀྱིས་རོགས་སྐྱོར་བྱས་པ་དང་། ས་གནས་གཉིས་བར་གྱི་བརྗེ་རེས་དམ་ཟབ་ཏུ་བཏང་བ་དང་དགེ་མཚན་མཐོར་འདེགས་བཏང་བ་མ་ཟད། བརྩེ་སེམས་ཟབ་མོ་གྲུབ་པར་བྱས། ཀྲུང་གོའི་གསར་བརྗེའི་འགོ་ཁུངས་ས་ཆ་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྔོན་སྐྱོད་ས་ཆ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མགོ་འབུས་བྱེད་ས་བཅས་ཡིན་པའི་ཆ་ནས། ཀྲི་ཅང་གིས་བརྒྱད་བརྒྱད་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། སྔོན་སྐྱོད་གཉིས་ལ་བརྟེན་ནས་སྒེའུ་ཁུང་གལ་ཆེན་གསར་སྐྲུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲི་ཅང་གི་ལེའུ་ཧུར་ཐག་གིས་འབྲི་དགོས་པ་ཕྱིར་བཏོན་པ་དང་། མཚོ་སྔོན་ལ་མིག་དཔེ་བསྟན་ཡོད་ལ། ཐེངས་འདིར་ཀྲི་ཅང་དུ་ལྟ་ཞིབ་བྱས་པ་ནི་མཚོ་སྔོན་གྱིས་བརྗོད་དོན་སློབ་གསོ་སྤེལ་བའི་ལག་ལེན་ཟབ་མོ་ཡིན་པ་དང་། ཀྲི་ཅང་གི་སྔོན་ཐོན་འདུ་ཤེས་དང་གསར་གཏོད་ཉམས་མྱོང་ལ་སློབ་སྦྱོང་བྱེད་རྒྱུ་དེ་མཚོ་སྔོན་འཕེལ་རྒྱས་ལ་མཚོན་ན་ཧ་ཅང་གལ་ཆེ། གྲོས་མཐུན་འགོད་རྒྱུ་དེ་གོ་སྐབས་སུ་བརྩི་བ་དང་། མཚོ་སྔོན་དང་ཀྲི་ཅང་གི་བརྗེ་རེས་མཉམ་ལས་འགོ་ཚུགས་ས་གསར་བའི་སྟེང་འགྲེང་ཡོད་ལ། རེ་བ་ཡིན་ན་ཀྲི་ཅང་གིས་མུ་མཐུད་དུ་ཤེས་ལྡན་མི་སྣ་དང་ཚན་རྩལ་སོགས་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་ཐད་བསམ་བློ་རང་བཞིན་དང་བྱེད་ཐབས་རང་བཞིན་གྱི་རྒྱབ་སྐྱོར་མང་པོ་འདོན་སྤྲོད་བྱེད་པ། སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེར་གཏོང་བ་དང་། ཚྭ་མཚོའི་ཐོན་ཁུངས་དང་དག་གཙང་ནུས་ཁུངས། རིག་གནས་ཡུལ་སྐོར། ཞིང་ཕྱུགས་ཐོན་རྫས་ཁྱབ་གདལ་སོགས་ཀྱི་མཉམ་ལས་རྨང་གཞི་ལ་དམིགས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་ཀྲི་ཅང་གི་དགེ་མཚན་གཉིས་དཔུང་གཤིབ་མཉམ་སྐྱོད་དང་གཉིས་ཕན་མཉམ་རྒྱལ་བྱེད་ཐུབ་པར་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད་ནས་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པ་དང་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།
ཀྲི་ཅང་དུ་ལྟ་ཞིབ་བྱེད་སྐབས། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་ཡུན་ཆི་གྲོང་རྡལ་དང་ཧང་ཀྲིག་ཧའེ་ཁང་ཝེ་ཧྲི་གྲངས་ཀའི་ལག་རྩལ་མ་རྐང་ཚད་ཡོད་ཀུང་ཟི། ཀྲིག་ཅང་ཅི་ལིས་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ལ་ལྟ་ཞིབ་བྱས།
ཀྲི་ཅང་ཞིང་ཆེན་དང་ཧང་ཀྲིག་གྲོང་ཁྱེར་གྱི་འགོ་ཁྲིད་ལིའུ་ཅེ་དང་ཝང་ཁྲིན། ཞུས་ཝུན་ཀོང་། ཝང་ཁྲིན་ཀའོ། ཡའོ་ཀའོ་ཡོན་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།