ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་ཐེངས་གཉིས་པའི་ཀྲུང་དབྱང་གི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གིས་ཟབ་སྦྱོང་གྲོས་ཚོགས་བསྡུས།
2023.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་ཐེངས་གཉིས་པའི་ཀྲུང་དབྱང་གི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གི་ཟབ་སྦྱོང་གྲོས་ཚོགས་ཟླ་དགུ་པའི་ཚེས་དྲུག་ཉིན་པེ་ཅིང་དུ་འཚོགས་པ་དང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ནས། བརྗོད་དོན་སློབ་གསོ་སྤེལ་ཐེངས་གཉིས་པའི་ལྟ་སྐུལ་མཛུབ་སྟོན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གིས་བརྗོད་དོན་སློབ་གསོ་སྤེལ་ཐེངས་དང་པོར་ལྟ་སྐུལ་མཛུབ་སྟོན་བྱས་པ་ལས་བྱུང་བའི་ཉམས་མྱོང་དང་གྲུབ་འབྲས་གང་ལེགས་སྒོས་བེད་སྤྱོད་བྱས་ནས། སྐོར་ཞིབ་མཛུབ་སྟོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་སྟངས་འཛིན་ནན་མོ་བྱས་ཏེ། ལས་ཀའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་། སྐུལ་འདེད་མཛུབ་སྟོན་ལས་ཀའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། དམིགས་འབེན་ལས་འགན་ཁག་ཚང་མ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།

ཀྲུང་དབྱང་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཁག་དང་། དེ་བཞིན་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། བརྗོད་དོན་སློབ་གསོ་སྤེལ་ཐེངས་གཉིས་པའི་ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གི་ཁོངས་མི་ཡོངས་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།