ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ནོར་བ་མེད་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་སྐྲུན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཁྱོན་ཡོངས་ནས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་སྐྲུན་པ་བཅས་སུ་དམིགས་ཏེ། འཆར་གཞི་གཅིག་མཐར་ཕྱིན་པར་འགོད་རྒྱུ་རྒྱུན་འཁྱོངས་བྱས་ནས། “བརྒྱད་བརྒྱད་འཐབ་ཇུས”གཏིང་ཟབ་སར་སྤེལ་བ་དང་། ཐོག་མཐའ་བར་གསུམ་དུ་ལས་དོན་ཏན་ཏིག་ངང་སྒྲུབ་པ། ཀུན་གྱི་མདུན་གྲལ་དུ་སྐྱོད་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲེ་ཅང་གི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་གྱིས་གསུངས།
ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་དུ། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱི་ལེན་ཧུང་དང་ཧྲིན་ཀྲང་ཝང་ཧའོ་ཡི་འགྲོ་རོགས་འོག་ཏུ། ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཅིན་ཧྭ་དང་ཧྲའོ་ཞིན་སོགས་ས་ཆར་ཕེབས་ནས། གྲོང་གསེབ་དང་ཚོང་དོན་ཁྲོམ་ར། འགྲེམས་སྟོན་ཁང་། རིག་གནས་གླིང་ཁུལ་སོགས་སུ་རྟོག་ཞིབ་གནང་།
ཟླ9པའི་ཚེས20ཉིན་ནས21ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་མཛད། འདི་ནི་ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་གྲོང་ཁྱེར་ཧུ་ཀྲའེ་སྲང་ལམ་ལིས་ཙུའུ་སྡེ་བ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
འདི་ནི་ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་གྲོང་ཁྱེར་ཧུ་ཀྲའེ་སྲང་ལམ་ལིས་ཙུའུ་སྡེ་བ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
འདི་ནི་ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་གྲོང་ཁྱེར་ཧུ་ཀྲའེ་སྲང་ལམ་ལིས་ཙུའུ་སྡེ་བ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་རྗེས། ཀྲེ་ཅང་གི་ལས་རིམ་ཁག་སོ་སོས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གནང་ནས་དེ་བསྟུན་གྱི་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་ཀྲེ་ཅང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བསྐྲུན་པའི་ཐད་ཀུན་གྱི་མདུན་གྲལ་དུ་བསྐྱོད་དགོས། ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ་དང་། ཚན་རྩལ་གསར་གཏོད་སྟོབས་ཤུགས་དང་དགེ་མཚན་ལྡན་པའི་ཐོན་ཁུངས་སྡེབ་སྒྲིག་བྱེད་པ། ཚན་རྩལ་མདུན་གྲལ་ཁྱབ་ཁོངས་སུ་གང་མགྱོགས་ངང་མཁྲེགས་གཏོར་བྱེད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་རང་བདག་གོ་གནས་ལ་ཤུགས་སྣོན་པ་དང་། གསར་གཏོད་དང་ཐོན་ལས། མ་དངུལ། འཇོན་མིའི་བཅས་ཀྱི་འབྲེལ་ཐག་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། དངོས་ཕུང་དཔལ་འབྱོར་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་རྨང་གཞི་རུ་བཟུང་ནས། སྲོལ་རྒྱུན་ཐོན་ལས་ཀྱིས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་གང་མགྱོགས་སྤྱོད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་རིག་ནུས་ཅན། ལྷད་མེད་ཅན་བཅས་ཀྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་གཞི་གྲངས་དཔལ་འབྱོར་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ཚོད་ལྟ་ཁུལ་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་དང་གཞི་གྲངས་ཐོན་ལས་ཁྱུ་ཚོགས་ཁག་ཅིག་བསྐྲུན་དགོས་ཞེས་གསུངས།
འདི་ནི་ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་དབྱི་ཝུའུ་རྒྱལ་སྤྱིའི་ཉོ་འཚོང་ཚོང་ཁང་དུ་རྟོག་ཞིབ་མཛད་སྐབས། ཚོང་པ་རྣམས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
འདི་ནི་ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་དབྱི་ཝུའུ་རྒྱལ་སྤྱིའི་ཉོ་འཚོང་ཚོང་ཁང་དུ་རྟོག་ཞིབ་མཛད་སྐབས། ཚོང་པ་རྣམས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
འདི་ནི་ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་དབྱི་ཝུའུ་རྒྱལ་སྤྱིའི་ཉོ་འཚོང་ཚོང་ཁང་དུ་རྟོག་ཞིབ་མཛད་སྐབས། ཚོང་པ་རྣམས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
ཞི་ཅིན་ཕིང་གིས་ཀྲེ་ཅང་གིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀུན་གྱི་སྔོན་ལ་དཔེ་སྟོན་གྱི་ནུས་པ་འདོན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་དང་ས་ཁུལ་གྱི་ཁྱད་པར། ཡོང་འབབ་ཀྱི་ཧེ་བག་བཅས་ཆུང་དུ་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་རྒྱུན་འཁྱོངས་དང་། སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱེད་པའི་ཁྲོད་དུ་ལས་ཞུགས་ཀྱི་ཤོང་ཚད་སྔར་ལས་ཆེ་རུ་གཏོང་བར་མཐོང་ཆེན་བྱས་ཏེ། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས། ཡོང་འབབ་བགོ་བཤའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་གཏོང་དགོས། གྲོང་གསེབ་དར་སྤེལ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གང་ལེགས་གཏོང་བ།“གྲོང་སྡེ་སྟོང་ཕྲག་གིས་དཔེ་སྟོན་དང་གྲོང་སྡེ་ཁྲི་ཕྲག་བཅོས་སྐྱོང”བྱེད་པའི་བཟོ་སྐྲུན་ཟབ་སྤེལ་བྱེད་དགོས། བདེ་འཇགས་ཀྲེ་ཅང་དང་ཁྲིམས་སྐྱོང་ཀྲེ་ཅང་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་ཉམས་མྱོང་སྔར་ལས་མང་པོ་གསོག་དགོས་ཞེས་ནན་གྱིས་གསུངས།
འདི་ནི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུའུ་ཅི་གྲོང་ཁྱེར་ཧྥིན་ཆའོ་གྲོང་རྡལ་ཧྥིན་ཆའོ་ཉམས་མྱོང་སྒྲིག་གཤོམ་ཁང་དུ་ས་དེའི་མང་ཚོགས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
ཞི་ཅིན་ཕིང་གིས་ཀྲེ་ཅང་གིས་བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུའི་ཐད་མུ་མཐུད་དུ་ལས་ཀ་མང་པོ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྣེ་ཁྲིད་དུ་བྱས་ནས། ཁྱབ་ཁོངས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ་དང་འཛམ་གླིང་ཡོངས་ལ་ལྟ་བའི་མཐོང་རྒྱའི་ངོས་ནས། བཅོས་སྒྱུར་ལ་ཇུས་འགོད་བྱེད་པ་དང་། སྒྲིག་སྲོལ་དང་ལམ་ལུགས། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་ཅན་གྱི་སྒོ་མོ་བརྟན་པོའི་ངང་འབྱེད་དགོས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལས་སྟེགས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཕྱི་ཕྱོགས་ཀྱི་མ་དངུལ་བཀོལ་སྤྱོད་དང་ཕྱི་ཕྱོགས་ཉོ་ཚོང་ཆེན་པོ་བྱེད་པའི་ཐབས་ཤེས་དང་ཐབས་ལམ་གསར་གཏོད་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲེ་ཅང་གིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་བྱེད་པའི་ཐད་འཚོལ་ཞིབ་ཧུར་ཐག་བྱེད་དགོས། དུས་རབས་གསར་པ་དང་རིག་གནས་ཀྱི་ལས་འགན་གསར་པ་སྔར་ལས་ཡག་པོ་འཁུར་བ་དང་། ལོ་རྒྱུས་རིག་གནས་ཀྱི་འཕར་རྩ་སྦྲེལ་མཐུད་བྱེད་པ། རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་རྒྱུ་དང་། དུས་རབས་ཀྱི་བླང་བྱ་མཚོན་ཞིང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་གསར་པ་འཕེལ་རྒྱས་གང་ལེགས་གཏོང་བ། ཀྲུང་ཧྭའི་ཤེས་རིག་གི་དེང་རབས་རྣམ་པ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
འདི་ནི་ཚེས20ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲའོ་ཞིན་གྲོང་ཁྱེར་ཀྲེ་ཏུང་མིས་བཟོས་ཆུ་ལམ་རིག་གནས་གླིང་ག་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
འདི་ནི་ཚེས20ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲའོ་ཞིན་གྲོང་ཁྱེར་ཀྲེ་ཏུང་མིས་བཟོས་ཆུ་ལམ་རིག་གནས་གླིང་ག་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
ཞི་ཅིན་ཕིང་གིས་ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཏང་འཛུགས་ལས་དོན་ལ་ཤུགས་སྣོན་པ་དང་དེ་སྔར་ལས་ཇེ་ལེགས་སུ་གཏོང་དགོས། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་རྒྱུ་དང་། དོན་དངོས་ནས་རྐང་ཚུགས་པར་བྱེད་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕུགས་ལ་དམིགས་པ་དང་རྨང་གཞི་བརྟན་པོ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་དོན་དངོས་ལ་དམིགས་པ་དང་ཕན་འབྲས་དངོས་ཐོན་ཐབས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བཅས་བྱེད་དགོས། ལས་བྱེད་པའི་སློབ་གསོ་ཟབ་སྦྱོང་དང་ལག་ལེན་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་འགན་འཁུར་ཕོད་པའི་རྣམ་པར་བསྟོད་བསྔགས་བྱས་ནས་སྐུལ་འདེད་གཏོང་བ་དང་དེར་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ལས་བྱེད་པར་ལས་གཉེར་དང་ལས་སྐྲུན་བྱེད་པའི་གསོན་ཤུགས་འཕེལ་བར་སྐུལ་སློང་བྱེད་པ། ཉེ་གཙང་གཅིག་གྱུར་གྱི་ཆབ་སྲིད་དང་ཚོང་ལས་ཀྱི་འབྲེལ་བ་གསར་པ་འཛུགས་པ་བཅས་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་ཐེངས་གཉིས་པའི་རྩ་འཛུགས་ཀྱི་མགོ་ཁྲིད་དང་ལས་ཀའི་མཛུབ་སྟོན་ལ་ཤུགས་བསྣན་ནས། རིམ་པ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ། དམིགས་ཡུལ་མི་འདྲ་བ་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་རིགས་དབྱེ་ཁྲིད་སྟོན་བྱེད་པ། གོང་འོག་མཉམ་འགུལ་བྱེད་པ་བཅས་ཀྱི་སྒོ་ནས་བཅོས་སྒྲིག་ལ་དམ་འཛིན་གང་ལེགས་བྱས་མཐར། མང་ཚོགས་ལ་ཕན་པ་དངོས་ཐོབ་པར་བྱེད་དགོས་ཞེས་གསུངས།
ཟླ9པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་མཛད་ཚར་ནས་ཕྱིར་པེ་ཅིང་དུ་ལོག་པའི་ལམ་བར་དུ། ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་དུ་ཕེབས་ནས་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་དབྱི་ཁྲིན་ཁུལ་དུ་ཡོད་པའི་ཀོན་ཧྲི་སེ་འབྲུ་གླིང་སེ་འབྲུ་འདེབས་འཛུགས་ར་བ་རུ་སེ་འབྲུའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།
འདི་ནི་ཞི་ཅིན་ཕིང་གིས་དབྱི་ཁྲིན་ཁུལ་དུ་ཡོད་པའི་ཀོན་ཧྲི་སེ་འབྲུ་གླིང་སེ་འབྲུ་འདེབས་འཛུགས་ར་བ་རུ་སེ་འབྲུའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།
འདི་ནི་ཞི་ཅིན་ཕིང་གིས་དབྱི་ཁྲིན་ཁུལ་དུ་ཡོད་པའི་ཀོན་ཧྲི་སེ་འབྲུ་གླིང་སེ་འབྲུ་འདེབས་འཛུགས་ར་བ་རུ་ཡུལ་མི་རྣམས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
ཟླ་དགུ་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཕྱིར་པེ་ཅིན་དུ་ལོག་པའི་ལམ་བར་དུ། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཝུའུ་དང་ཧྲིན་ཀྲང་ཀྲིག་ནའེ་ཞང་གི་འགྲོ་རོགས་འོག་ཏུ་ཙའོ་ཀྲོང་གྲོང་ཁྱེར་དུ་རྟོག་ཞིབ་མཛད། ཙའོ་ཀྲོང་ནི་རང་རྒྱལ་གྱི་སེ་འབྲུ་གཅིག་སྡུད་སྒོས་འདེབས་སའི་གཞི་ཁྱོན་ཆེ་ཤོས་དང་སྣ་ཁ་མང་ཤོས། ཐོན་ལས་འབྲེལ་ཐག་ཆ་ཚང་ཤོས་བཅས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། ཞི་ཅིན་ཕིང་དབྱི་ཁྲིན་ཁུལ་དུ་ཡོད་པའི་སེ་འབྲུ་གླིང་གི་སེ་འབྲུའི་ས་བོན་ཐོན་ཁུངས་མཛོད་ཁང་དུ་ཕེབས་ནས། སེ་འབྲུ་འདེབས་འཛུགས་ཀྱི་ལོ་རྒྱུས་དང་ས་བོན་རྒྱུ་ཆའི་ཐོན་ཁུངས་འཚོལ་བསྡུ་ཉར་ཚགས། ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་ལ་གཟིགས་ཞིབ་གནང་ནས། སེ་འབྲུ་འདེབས་འཛུགས་གླིང་དུ་ཕེབས་ཏེ། ཡུལ་མི་ཚོར་ད་ལོའི་སེ་འབྲུ་འདེབས་འཛུགས་དང་ཡོང་འབབ་ཀྱི་གནས་ཚུལ་སྐོར་ནས་འདྲི་རྟོག་གནང་། ཞི་ཅིན་ཕིང་གིས་ས་གནས་དེ་གས་སེ་འབྲུ་ལས་སྣོན་དང་སེ་འབྲུ་འདེབས་གསོ་ཤུགས་ཆེན་བྱས་པ་ལ་བརྟེན་ནས། ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད་པ་རྟོགས་རྗེས། དགའ་ཚོར་ཆེན་པོ་སྐྱེས་ནས་གསུངས་རྒྱུར། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་རའི་དགོས་མཁོ་ཆེ་རུ་འཕེལ་བཞིན་ཡོད་པའི་དབང་གིས། སེ་འབྲུ་ཐོན་ལས་ལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན། སྤུས་རྟགས་ཡག་པོ་བསྐྲུན་པ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཐོན་ལས་ཕྲེང་འབྲེལ་ཇེ་རིང་དུ་གཏོང་བ། ཐོན་ལས་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཕྱོགས་བསྡུས་ཕན་འབྲས་མངོན་སུམ་གྱིས་ཆེ་རུ་གཏོང་བ་བཅས་བྱས་ནས། ཡུལ་མི་སྔར་ལས་མང་བོ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་པར་མ་ཟད། ཡུལ་མི་ཚོའི་འཚོ་བ་སེ་འབྲུའི་འབྲས་བུ་བཞིན་ཇེ་ཡག་ནས་ཇེ་ཡག་ཏུ་འགྱུར་ཐུབ་པའི་སྨོན་འདུན་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་བྱེད་རོགས་གནང་།
ལིས་ཀན་ཅེ་དང་ཧི་ལིས་ཧྥུན། ཝང་ཞའོ་ཧུང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་གོང་གསལ་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དང་། བརྗོད་དོན་སློབ་གསོ་ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཁག་ལྔ་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།