ཟླ་བཅུ་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས། གྲོས་ཚོགས་ལས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“བཅོས་སྒྱུར་བཞི་དང་མཉམ་ལས་གཅིག”གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བ་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ནས། འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་དགོས་པ་ནན་གྱིས་བསྟན།
ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་དབྱང་དང་། ཀྲའོ་ཡུའེ་ཞ། པད་ཁོ། ཀྲུའུ་ཞང་ཧྥིན་བཅས་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལོའུ་ཀང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྟེང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནུས་ཁུངས་ཞིབ་འཇུག་སོ་ཡི་སོ་ཀྲང་གཞོན་པ་ཀྲང་ཡིའུ་ཧྲིན་དང་། རྒྱལ་ཁབ་ནུས་ཁུངས་ཅུའུ་ནུས་ཁུངས་གསར་བ་དངབསྐྱར་སྤྱོད་ནུས་ཁུངས་ཟི་ཡི་ཟི་ཀྲང་གཞོན་པ་ཝང་ཏ་ཕིན། རྒྱལ་ཁབ་བསྐྱར་སྤྱོད་ནུས་ཁུངས་ཆ་འཕྲིན་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲའོ་ཙིན་ཧའེ། ཉི་འོད་ནུས་ཁུངས་གསར་བའི་ཐོན་ལས་ཀྱི་ཆེད་མཁས་གྲགས་ཅན། ཐེན་ཧི་འོད་ནུས་མཚོ་སྔོན་རྟེན་གཞི་ཆེན་མོའི་སྤྱི་འདོམས་པ་ཐོང་པེན་བཅས་ཀྱིས་རྒྱལ་ཡོངས་དང་ཡང་ན་འཛམ་གླིང་ཧྲིལ་བོའི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གནས་བབ་དང་། འཐབ་ཇུས་བཀོད་སྒྲིག། ལྷད་མེད་གློག་གི་ལྷད་མེད་འཛིན་ཡིག སྒྲིག་ཆས་སྒྲིག་བཟོ་སོགས་ཀྱི་ཐད་ནས་བསམ་ཚུལ་བཏོན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྙན་ཞུ་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་ཁེ་ལས་ཀྱིས་ཡིག་ཐོག་གི་བརྗེ་རེས་སྤེལ།
གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་མཚོ་སྔོན་དུ་རྟོག་ཞིབ་མཛད་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་འཕེལ་རྒྱས་ཐད་ཐུགས་རེ་ཟབ་མོ་བཏོན་ཡོད། དག་གཙང་ནུས་ཁུངས་ནི་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མིག་སྔའི་གནས་བབ་ལ་བརྡར་གཅོད་ཡང་དག་བྱས་ཏེ། “ཡར་བརྩོན་མེད་ན་རྗེས་ལུས་དང་ཡར་བརྩོན་དལ་ནའང་རྗེས་ལུས་ཡིན་པའི་”དགོས་གལ་རང་བཞིན་གཙིགས་སུ་བཟུང་ནས། སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་འགུལ་གྱིས་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ། རྣམ་གྲངས་དམ་འཛིན་བྱེད་པར་མ་ཟད་གཅིག་འདོམས་ལྷག་ཏུ་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་དགུས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དག་གཙང་ནུས་ཁུངས་ཐོན་ལས་ནི་དུས་དང་བར་སྟོང་བརྒལ་ཞིང་། ས་ཁུལ་བརྒལ་བ། ལས་རིགས་བརྒལ་བ། ཁྱབ་ཁོངས་བརྒལ་བ་བཅས་ཀྱི་གསར་དར་ཐོན་ལས་ཤིག་ཡིན་པས། མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་མཚོ་སྔོན་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་ཐེངས་གསུམ་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་གཞིར་བཟུང་སྟེ། མཉམ་སྐྲུན་རྐྱེན་སྲོལ་གཙོ་གཞི་རུ་བྱས་ནས། ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་ལ། ནུས་ཁུངས་བཅོས་སྒྱུར་ལ་སྐུལ་འདེད་ཟབ་མོ་གཏོང་དགོས། རྩེ་རིམ་འཆར་འགོད་ལ་ཤུགས་སྣོན་བྱས་ཏེ། འཆར་གཞི་དང་། རྟེན་གཞི། རྣམ་གྲངས། སྲིད་ཇུས། ཁེ་ལས་བཅས“གནས་ལྔ་གཞི་གཅིག”གི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་དགོས། གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་མི་འདང་ས་དང་ཉམ་ཞན་སར་ཁ་གསབ་བྱེད་པ་དང་། ཁུངས་དྲ་ཐེག་ནུས་བཅས་ཀྱི་གཞི་གཅིག་ཅན་ལ་སྐུལ་འདེད་ཤུགས་དྲག་གཏོང་དགོས། བྱ་བའི་གཅིག་འདོམས་ནུས་པ་ཇེ་དྲག་ཏུ་བཏང་སྟེ། “དག་གཙང་ནུས་ཁུངས”བརྒྱུད་དེ། མཐོ་ས་དང་། “གནས་བཞི”འཛུགས་སྐྲུན་གྱི་མཉམ་སྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཆར་གཞི་དངོས་འབེབས་ཞིབ་ཚགས་དང་། གློག་ཁུངས་ཕན་ཚུན་གསབ་རེས་བྱེད་པ། གློག་དྲ་ཕན་ཚུན་འབྲེལ་མཐུད། ཐེག་ཚད་སྙོམ་སྒྲིག་ཇེ་དྲག་ཏུ་གཏོང་བ། གསོག་ནུས་སྣ་མང་གསར་གཏོད། རྐྱེན་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ། ལྗང་མདོག་ཐཱན་ཉུང་མཉམ་སྤྱོད་བཅས་ཀྱི་སྟེང་ཤུགས་བསྣན་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་དེ་སྐས་རིམ་གསར་བར་བསྐྱོད་དུ་འཇུག་པ་དང་། གྲུབ་འབྲས་གསར་བ་ལེན་དགོས།
གྲོས་ཚོགས་ལས་བླང་བྱ་བཏོན་དོན། ལངས་གནས་ཇེ་མཐོ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གཞན་བརྟེན་བསམ་བློ་འདོར་བ། བསམ་བློ་བཅིངས་འགྲོལ་དང་བསམ་ཕྱོགས་རྒྱ་སྐྱེད་བཏང་སྟེ། དག་གཙང་ནུས་ཁུངས་ཐོན་ལས་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་བ་དང་། སྒུལ་ཤུགས་གསར་བར་འགྱུར་བར་བྱེད་དགོས། དམིགས་འབེན་ཁྲིད་ཕྱོགས་དང་། གནད་དོན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་འབུར་དུ་ཐོན་པར་བྱས་ཏེ། བཅོས་སྒྱུར་གྱི་བྱེད་ཐབས་སྤྱད་ནས་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་དང་མི་འདང་ས་སེལ་ཐབས་བྱེད་དགོས། ཚོང་རའི་ཁོར་ཡུག་ལེགས་པོ་ཅིག་བསྐྲུན་ཏེ། རང་འགུལ་གྱི་ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་། རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་གཏོང་བ། གནད་དོན་འབད་པས་ཐག་གཅོད་པ་བཅས་བྱས་ནས། ཚོང་འགུག་ནང་འདྲེན་དང་། ཚོང་གཉེར་ཚོང་བདེ་ཡོང་བར་བྱེད་དགོས། ལས་བྱེད་པའི་གསོ་སྦྱོང་དང་འཇོན་མི་གསོ་སྐྱོང་ལ་ཤུགས་བསྣན་ཏེ། མཉམ་ཤུགས་གཅིག་བསྡུས་ཀྱིས་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ནན་ནན་ཏིག་ཏིག་སྒོས་དངོས་འབེབས་གང་ལེགས་བྱེད་དགོས།
གྲོས་ཚོགས་ལས། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་དང་། ཐེངས་ཉེར་གཅིག་པ་ལས་གྲོས་ཐད་བཅད་པའི་ལས་དོན་དངོས་འབེབས་གནས་ཚུལ་ལ་ཉན་པ་དང་། 《མཚོ་སྔོན་ཞིང་ཆེན་དམངས་ཚིས་དོན་དངོས་རྣམ་གྲངས་དེ་དམངས་ཆེན་འཐུས་མིས་འདེམ་ཤོག་འཕངས་ནས་ཐག་གཅོད་པའི་ལམ་ལུགས་བྱ་བའི་ཚོད་ལྟའི་ལག་བསྟར་བསམ་འཆར》དང《སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་ལས་བཅོས་སྒྱུར་ལེགས་བཅོས་བྱེད་པའི་ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།