སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཁ་ཕྱོགས་གསལ་སྟོན་གནང་བ་དང་འབད་འབུངས་ཡར་བརྩོན་ཐད་སྐུལ་ལྕག་གནང་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྲུང་སྐྱོབ་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མུ་མཐུད་དུ་ཤུགས་སྣོན་པ། སྙིང་རུས་རྒྱུན་འཁྱོངས་བཅས་བྱས་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་ལེགས་པའི་སྒོ་ནས་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས་ཞེས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཀྱི་འཐབ་ཇུས་དངོས་སུ་ལག་བསྟར་བྱས་ནས་ལོ་ངོ་བརྒྱད་ཙམ་འཁོར་བའི་རིང་ལ། འབྲི་ཆུ་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བར་བརྟེན། ཆོད་སེམས་དང་ཤེད་ཤུགས་སྔར་བྱུང་མ་མྱོང་བ་མངོན་ཡོད་ཅེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་རྒྱང་རིང་བོ་བཅངས་ནས་བལྟས་པ་ཡིན་ན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་ཆ་ནས་འབྲི་ཆུ་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་ངེས་པར་དུ་བརྟེན་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་བརྒྱུད་དེ། འབབ་རྒྱུད་ས་ཁུལ་སོ་སོས་ཆུ་ཚད་མཐོ་བའི་སྒོ་ནས་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་གང་ལེགས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཚན་རིག་ཞིབ་འཇུག་ལེགས་ཆ་དང་འཇོན་མིའི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆ་རུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་གསུངས། ཧྲང་ཧེ་འབྲི་ཆུའི་ཟུར་གསུམ་གླིང་གི་ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་ཀྱིས། ཚན་ཞིབ་གལ་ཆེན་གྱི་རྨང་གཞིའི་སྒྲིག་ཆས་ཉེར་ལྔ་དང་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་སུམ་སྟོང་ལྷག་གཅིག་སྡུད་བྱས་ཡོད། ཀྲེ་ཅང་དུ་ལག་བསྟར་བྱེད་བཞིན་པའི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་རྨང་གཞི་བསྐྱར་བཟོ་དང་ཐོན་ལས་ཕྲེང་འབྲེལ་རིམ་སྤོར་བཟོ་སྐྲུན་བྱ་སྤྱོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱིས་ཤར་ནུབ་འཕྲེད་གཅོད་དང་ལྷོ་བྱང་འབྲེལ་མཐུད། གཙང་པོ་དང་རྒྱ་མཚོའི་འགྲིམ་འགྲུལ་གེགས་མེད་ཡོང་བ་བཅས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས་ཞེས་གསུངས། ཐོན་ལས་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོ་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མདུན་ཕྱོགས་བར་དང་། འབབ་རྒྱུད་ཀྱི་ས་གནས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཆུ་ཚད་མཐོ་བའི་་མཐུན་སྦྱོར་མཉམ་འགུལ་ལ་བརྟེན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས།
ཕུགས་ཀྱི་གནས་བབ་དོན་གཉེར་དང་ཕུགས་ཕན་ཐབས་ཇུས་འཐེན་པ། ཡུན་རིང་བདེ་འཇགས་ཀྱི་རྨང་གཞི་འཛུགས་པ་བཅས་བྱེད་པར། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཅིས་ཀྱང་སྐྱོད་ལམ་གསར་བའི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་འགན་འཁྲི་འཁུར་ཕོད་པ། བྱ་སྤྱོད་དངོས་སྤེལ་བ་བཅས་བྱས་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབད་པས་རྩོམ་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།