ཟླ10པའི་ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གསོལ་སྟོན་བཤམས་ནས། ཀྲུང་གོར་“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་རྒྱལ་སྤྱིའི་སྐུ་མགྲོན་ཚོར་དགའ་བསུ་ཞུས། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ། སྐུ་མགྲོན་ཚོ“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བའི་ཚུལ་རེད།
ཟླ10པའི་ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གསོལ་སྟོན་བཤམས་ནས། ཀྲུང་གོར་“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་རྒྱལ་སྤྱིའི་སྐུ་མགྲོན་ཚོར་དགའ་བསུ་ཞུས། འདི་ནི་གསོལ་སྟོན་སྟེང་བསྐྱོན་པའི་མཉམ་པར་རེད།
ཟླ10པའི་ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གསོལ་སྟོན་བཤམས་ནས། ཀྲུང་གོར་“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་རྒྱལ་སྤྱིའི་སྐུ་མགྲོན་ཚོར་དགའ་བསུ་ཞུས། ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་གསོལ་སྟོན་ལ་ཞུགས།
ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ། སྐུ་མགྲོན་ཚོ“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་ངོ་བཅུ་འཁོར་བའི་རིང་ལ། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་ལས་རོགས་རེས་བྱས་པ་དང་། མཉམ་དུ་ཞི་བདེ་མཉམ་ལས་དང་སྒོ་འབྱེད་དཀྱེལ་ཡངས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཛམ་གླིང་ཡོངས་ཕན་ཚུན་སྦྲེལ་མཐུད་དང་བརྗེ་རེས་ཡོང་བའི་ཆེད་དུ། མཉམ་དུ་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་ཕུལ་ནས། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལ་ལས་སྟེགས་གང་མང་བསྐྲུན་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་སྒུལ་ཤུགས་བསྣན་ཡོད། ང་ཚོས་དངོས་གཉེར་མཉམ་ལས་ཀྱི་ལས་གཞི་སྟོང་ཕྲག་ཁ་ཤས་སྤེལ་ཏེ། དོན་དངོས་དང་མཐུན་ལ་ལྗིད་ཏིག་ཏིག་གི་གྲུབ་འབྲས་བླངས་ཡོད་ཅིང་། འཛམ་གླིང་ཡོངས་འབྲེལ་མཐུད་གང་ལེགས་བྱེད་པ་དང་མཛེས་སྡུག་ལྡན་པའི་ངང་ཚང་མ་མཉམ་དུ་གནས་དགོས་པའི་ཐད་ཐུན་མོང་གི་བསམ་འདུན་བཀོད། གྲུབ་འབྲས་དེ་དག་ནི་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཁེ་ལས། མི་དམངས་བཅས་ཀྱིས་ལས་ལ་བརྩོན་ཞིང་བློ་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་བསྒྲུབས་པ་ཡིན་པས། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཟབ་ཞུགས་མཁན་དང་འཛུགས་སྐྲུན་པ་ཡོངས་ལ་གུས་འདུད་ཞུས་པ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འཚོལ་སྙེག་བྱེད་ཀྱིན་པ་ནི་འཕེལ་རྒྱས་ཡིན་པ་དང་མཉམ་རྒྱལ་བླ་རུ་བཀུར་ཡོད་ཅིང་། བརྒྱུད་སྤྲོད་བྱེད་ཀྱིན་པ་ནི་རེ་བ་ཡིན། འབད་བརྩོན་ལྷོད་མེད་དང་འབད་འཐབ་ལྷོད་མེད་བྱས་ན་གཞི་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཐུབ་པ་དང་། གཞི་ནས་བསྐལ་བརྒྱར་བརྟན་པའི་བྱས་རྗེས་ཆེན་པོ་འཇོག་ཐུབ། འདི་ནི་ང་ཚོ་མི་རབས་འདིའི་ཆབ་སྲིད་པས་དེང་རབས་ཀྱི་མི་དང་རྗེས་རབས་པར་འཁུར་དགོས་པའི་འགན་འཁྲི་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་གྲུབ་འབྲས་ཀྱིས་ཕྱུག་པའི་ལོ་བཅུ་འདས་ཡོད་ཅིང་། དེ་ནི་སྙིང་སྟོབས་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་པ་དང་མ་འོངས་པའི་ལོ་བཅུའི་གྲུབ་འབྲས་ཀྱི་ཕྱོགས་སུ་སྐྱོད་བཞིན་པ་ཞིག་ཀྱང་ཡིན་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་དེ་འདྲའི་ཞི་བདེ་མིན་པ་དང་། འཛམ་གླིང་གི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དེ་འགྲན་སློང་མང་བོ་རབ་དང་རིམ་པར་འཕྲད་བཞིན་ཡོད་ནའང་། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ལ་ཁ་ཕྱོགས་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་འགོག་ཐབས་མེད་པ་ཞིག་ཡིན་པ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་ལྟོས་འགོག་ཐབས་མེད་ལ། རྒྱལ་ཁབ་སོ་སོས་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་བསམ་འདུན་འགོག་ཐབས་མེད་པ་ཞིག་ཡིན་པ་བཅས་ལ་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད། ང་ཚོས་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ནས། འཕེལ་རྒྱས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། སྤུས་ཚད་མཐོ་བའི་ངང་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་ན། གཞི་ནས་དུས་རབས་ལ་འོད་སྟོང་བསྩོལ་ཐུབ་ཅིང་། ང་ཚོས་མཉམ་དུ་འབད་བརྩོན་བྱས་ན། གཞི་ནས་མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཐུབ་ཅེས་གསུངས།
གསོལ་སྟོན་གྲོལ་རྗེས། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་སྐུ་མགྲོན་རྣམས་དང་མཉམ་དུ། 《དར་གོས་ཚོང་ལམ་སྟེང་མཉམ་དུ་བསྐྱོད》ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་ཏེ། “རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་རིག་དང་འོད་སྟོང་འཕྲོ་བའི་རིག་གནས་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་གྱིན་པ་དང་། རིག་གནས་མི་འདྲ་བ་སོ་སོ་མཉམ་གནས་མཉམ་འདྲེས་ཀྱི་མཛེས་ཉམས་ལ་མྱོང་རོལ་གནང་།
ཝང་དབྱི་དང་དབྱིན་ལིས། ལིས་ཧྲུའུ་ལེ། ཧི་ལིས་ཧྥུན། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།