ཉེ་ཆར། ཞིང་ཆེན་ཡོངས་ཀྱི་སྒྲིག་བཅོས་བསྒྱུར་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ།རང་ཞིང་གི་སྒྲིག་གཞི་བཅོས་བསྒྱུར་གྱི་སྒྲིག་འཛུགས་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབ་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་འགན་སྲུང་ནུས་པ་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅིན་གྱིས་མགོ་འཛིན་བྱས།
ཚོགས་འདུ་ལས་བསྟན་དོན། སྒྲིག་གཞི་བཅོས་བསྒྱུར་ནི་ཇུས་འགོད་རྩེ་གྲས་ཡིན་ལ། དེ་མཚོ་སྔོན་གྱི་བཅོས་བསྒྱུར་དང་འཕེལ་རྒྱས།བརྟན་འཇགས་བཅས་ཕྱོགས་ཡོངས་ལ་འབྲེལ་བ་ཡོད།ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། སྒྲིག་གཞི་བཅོས་བསྒྱུར་ལེགས་པར་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པའི་རྨང་གཞིའི་སྟེང་ཀྲུང་དབྱང་གི་དགོངས་དོན་གྱི་བླང་བྱ་དོན་འཁྱོལ་དམ་འཛིན་བྱས་ཏེ། སྒྲིག་གཞི་བཅོས་བསྒྱུར་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་སྔར་བས་འཚམ་པ་དང་། མཚོ་སྔོན་གྱིས་རྒྱབ་ཁབ་སྤྱི་ཡོངས་ཁྲོད་བཟུང་བའི་གོ་གནས་དང་ནུས་པ་སྔར་བས་མངོན་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་གཙོ་ཐིག་དམ་པོར་འཛིན་པ་དང་། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་ཡུན་རིང་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་རྒྱུར་དམིགས་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུར་ཞིབ་ལྟ་དང་འཆར་འགོད་བྱེད་པ་དང་། སྒྲིག་གཞིའི་འགན་ནུས་ཀྱི་ཐོག་ནས་ཏང་གིས་བྱ་བ་གལ་ཆེན་ལ་མགོ་ཁྲིད་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་གྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཚམ་པའི་སྒྲིག་གཞིའི་འགན་ནུས་མ་ལག་དང་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་ལྟེ་བ་དམ་འཛིན་བྱེད་པ་དང་། ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་དང་། མི་འདང་སར་ཁ་གསབ། ཞན་སར་ཤུགས་སྣོན་བཅས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་པ་དང་ཕན་འབྲས་ཆེ་རུ་གཏོང་དགོས། གཞི་རིམ་གནད་དུ་འཛིན་པ་རྒྱུན་འཁྱོངས་ཀྱི་ཁ་ཕྱོགས་དམ་པོར་འཛིན་པ་དང་། གཞི་རིམ་ལས་ཁུངས་ཀྱི་སྒྲིག་ཁོངས་ཐོན་ཁོངས་བཀོད་སྒྲིག་བྱེད་ཚུལ་གཅིག་གྱུར་ལེགས་བསྒྱུར་བྱེད་པ། དམངས་འཚོའི་གནད་དོན་ལམ་ལུགས་དང་རྐྱེན་སྲོལ་གྱི་གནད་དོན་སེལ་ནས།ཐོན་ཁུངས་ཞབས་ཞུའི་དོ་དམ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་ནུས་པ་ལེགས་བསྒྱུར་གྱི་རྩ་དོན་དམ་འཛིན་བྱས་ཏེ། དོན་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་དང་། སྒྲིག་གཞི་སྡེབ་སྒྲིག་དང་། ལས་འགན་སྒྱུར་བ། ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི་བཅས་ཞིབ་ཕྲའི་བྱ་བ་གཅིག་གྱུར་འཆར་འགོད་ལེགས་པོ་བྱེད་པ། འགན་ནུས་འབྲེལ་བ་མཐུན་སྦྱོར་དང་། ལས་འགན་གསལ་འབྱེད། འགན་ནུས་སྒྲུབ་པའི་ནུས་པ་དང་ཆུ་ཚད་མུ་མཐུད་མཐོར་འདེགས་གཏོང་དགོས།
གྲོས་ཚོགས་ལས། ཏང་གི་མགོ་ཁྲིད་གོ་རིམ་ཧྲིལ་བོར་ཁྱབ་པ་དང་། གོ་རིམ་དང་ནང་དོན་སྟེང་ནས་ཏང་ཨུའི་མགོ་ཁྲིད་ཕྱོགས་ཡོངས་ནས་མངོན་པ།རིམ་པ་བཞིན་བྱ་བའི་འགན་འཁྲི་ནན་ཏུ་གཏོང་བ་དང་། བཀོད་སྒྲིག་འཐུས་ཚང་དང་གནད་འཁེལ་དོན་འཁྱོལ་ལེགས་པོ་བྱེད་དགོས།གཅིག་གྱུར་བྱ་ཐབས་མགོ་མཇུག་ཡོངས་ལ་ཁྱབ་པ་དང་། གཅིག་གྱུར་དགོངས་དོན་རྒྱུན་འཁྱོངས། ཞིང་ཆེན་དང་གྲོང་ཁྱེར། རྗོང་དང་ཡུལ་ཚོ་བཅས་རིམ་པ་བཞིའི་བཅོས་བསྒྱུར་གཅིག་གྱུར་དང་། མཛུབ་སྟོན་ལ་ཤུགས་སྣོན། སྐུལ་འདེད་ནན་གཏོང་དང་རིམ་ལྡན་སྦྲེལ་མཐུད་བྱས་ཏེ་ལས་འགན་སོ་སོ་དུས་ལྟར་འགྲུབ་པར་ཁག་ཐེག་བྱེད་དགོས། བརྟན་པོའི་སྙིང་བོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། རྨང་གཞིའི་ལས་དོན་ལེགས་པོར་བསྒྲུབ་པ་དང་། གནད་ཚུལ་དང་གནད་དོན་གསར་བ་དུས་ལྟར་ཐག་གཅོད། བཅོས་བསྒྱུར་དང་འབྲེལ་བའི་སྡེ་ཁག་གི་ཏང་ཡོན་ལས་བྱེད་པས་རང་རྟོགས་ཀྱིས་རྩ་འཛུགས་བཀོད་སྒྲིག་དང་ལེན་བྱེད་པར་སྣེ་ཁྲིད་དང་། བཅོས་བསྒྱུར་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། སྒྲིག་ལམ་དམ་པོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ། སྒྲིག་གཞིའི་སྒྲིག་ཁོངས་ཀྱི་སྒྲིག་ལམ་དང་།ལས་བྱེད་པའི་མི་དོན་སྒྲིག་ལམ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་དང་གསང་སྲུང་སྒྲིག་ལམ་བཅས་དོན་འཁྱོལ་ནན་མོ་བྱས་ནས། བབ་བསྟུན་བྱེད་པ་དང་། མི་མངོན་པའི་གནད་དོན་སེལ་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡེ་ཞ་ཡིས་མཚོ་སྔོན་ཞིང་ཆེན་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞིའི་ནང་དོན་གཙོ་བོ་སྒྲོག་འདོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་ཚོགས་འདུར་ཞུགས།
ཚོགས་འདུ་དེ་བརྙན་ལམ་རྣམ་པས་བསྡུས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དང་རྩ་འཛུགས་མི་དོན་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དག་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་ནས་ཚོགས་འདུར་ཞུགས།གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཧྲུའུ་ཅི། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྒྲིག་ཁོངས་གཞུང་ལས་ཁང་གི་ཀྲུའུ་རིན་སོགས་ཡན་ལག་ཚོགས་ར་ནས་ཚོགས་འདུར་ཞུགས།
ལྷ་མོ་འཚོས་བསྒྱུར།