ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ།
2024.01.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས27ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་ནས། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ། 

ཟླ1ཚེས27ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་ནས། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ། གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག  ཞུམ་མེད་མདུན་སྐྱོད་ཀྱི་སྤོབས་པ་ཆེན་པོ་དང་རྒྱུན་སྲིང་ལྷོད་མེད་ཀྱི་འབད་འཐབ་ལ་བརྟེན་ནས། སེམས་ཤུགས་གཅིག་མཐུན་དང་འབད་འབུངས་ཡར་བརྩོན་བྱས་ཏེ། དུས་རབས་གསར་བའི་སྲིད་གྲོས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་རྩོམ་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་ལ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་དང་དྲུང་ཡིག་ཆེན་མོ་ཞེ་པའོ་ཨིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན། ལིའུ་ཆི་ཧྥན། ཝང་ལིས་མེན། ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན་བཅས་ཀྲུའུ་ཞིའི་སྟེགས་བུ་རུ་བསྡད་ཡོད།

གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གྱ་དགུ་ཡོད་ལ། ཨུ་ཡོན་སུམ་བརྒྱ་དང་ཞེ་བདུན་གྲོས་ཚོགས་ལ་དངོས་སུ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་འདུའི་སྟེང་རིམ་པ་བཞིན་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་སྐབས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ཀྱིས་དྲང་ནུས་གཅིག་ཏུ་བསྡུས་པ་དང་ངར་ཤུགས་ཆེ་རུ་བསྐྱེད་ཡོད། ཐེངས་འདིའི་ཚོགས་ཆེན་ནི་དར་ཆ་མཐོན་པོར་བསྒྲེངས་པའི་ཚོགས་ཆེན་ཞིག་དང་། དཀྱིལ་སྙིང་ལ་སྲུང་སྐྱོབ་བྱས་པའི་ཚོགས་ཆེན་ཞིག བློ་སྡུད་ཤུགས་སྒྲིལ་བྱས་པའི་ཚོགས་ཆེན་ཞིག སྤྱོད་གཙང་སྲོལ་བཟང་གི་ཚོགས་ཆེན་ཞིག་བཅས་ཡིན་པ་དང་། གྲོས་མོལ་དམངས་གཙོའི་ལམ་ལུགས་ཀྱི་དགེ་མཚན་དང་སྐྱེ་སྟོབས་གསོན་ཤུགས་གསལ་བོར་མངོན་ཡོད། གྲོས་ཚོགས་ཀྱི་སྐབས་སུ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཀང་དང་། ཧྲིན་ཀྲང་ཝུའུ་ཞའོ་ཅུན་སོགས་འགོ་ཁྲིད་བློ་མཐུན་གྲོས་ཚོགས་འཚོགས་འགོ་རྩོམ་པ་དང་གྲོལ་བའི་གྲོས་ཚོགས་ལ་ཞུགས་པ་དང་། མཉམ་འབྲེལ་ཚན་ཆུང་དང་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་ནས། ཨུ་ཡོན་ཚོ་དང་མཉམ་དུ་ཇུས་བཟང་ལ་གྲོས་སྡུར་དང་འཕེལ་རྒྱས་ལ་ཇུས་འགོད་བྱས་ཤིང་མ་འོངས་པའི་ཇུས་གཞི་གླེང་། སྲིད་གྲོས་ཨུ་ཡོན་ཡོངས་དང་ཚོགས་ཞུགས་བློ་མཐུན་ཚོས་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བསམ་པའི་རྣམ་པ་བཟང་བོ། འགན་འཁྲིའི་ཁག་ཁུར་ཆེན་པོས་སྲིད་གཞུང་བྱ་བའི་སྙན་ཞུ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། སྙན་ཞུ་གཞན་པ་དང་གྲོས་ཆོད་བཅས་ལ་གྲོས་སྡུར་ནན་མོ་བྱས་པ་དང་། གྲོས་ཚོགས་ཀྱི་བརྗོད་དོན་གཙོར་བཟུང་ནས་གྲོས་མོལ་སྲིད་གླེང་གང་ལེགས་དང་སེམས་ཤུགས་གཅིག་སྡུད་རྒྱ་ཆེར་བྱས་ཏེ། འདེམ་བསྐོའི་ལས་འགན་ཡོངས་འགྲུབ་བྱས་ནས། ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་འགན་བསྟར་བྱེད་པའི་བླ་མེད་བརྩེ་སེམས་མངོན་པར་བྱས་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན།   ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོའང་ཡིན།   ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱར་རྒྱུས་ལོན་ཡང་དག་བྱེད་པ་དང་།  ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་དམ་དུ་དམིགས་ནས་སྲིད་གྲོས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ།   མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་འགུལ་སྐྱོད་དངོས་སུ་བསྒྱུར་དགོས།    གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་འཛིན་པའི་ཁྲོད་དོན་འཁྱོལ་དམ་འཛིན་བཟང་བོ་བྱེད་དགོས།    ཏང་གི་འགོ་ཁྲིད་ནི་མི་དམངས་སྲིད་གྲོས་དར་རྒྱས་གོང་འཕེལ་འགྲོ་བའི་རྩ་བའི་འགན་སྲུང་ཡིན་པ་ནམ་ཡང་ཡིད་ལ་དམ་པོར་བཅངས་ཏེ་ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར།   གྲོས་མོལ་དམངས་གཙོ་བཅས་ནུས་ལྡན་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་པ།  བློ་ཐག་རྦད་ཆོད་སྒོས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ།  སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ངོས་ཟིན་དང་བསམ་བློའི་ངོས་ཟིན།   གཞུང་ལུགས་ངོས་ཟིན།   བརྩེ་བའི་ངོས་ཟིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་སྲིད་གྲོས་འགན་སྒྲུབ་ཀྱི་བྱ་བ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་པ་དང་།  ཡར་དོན་འཁྱོལ་དང་མར་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་དུ་བཟང་བོར་ལེན་དགོས།    གཉིས་ནས་འགན་སྒྲུབ་ཕན་འབྲས་ཇེ་དྲག་ཏུ་གཏོང་བའི་ཁྲོད་དོན་འཁྱོལ་དམ་འཛིན་བཟང་བོ་བྱེད་དགོས།   དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་རྩ་དོན་གཙོ་བོ་དེར་རྒྱུས་ལོན་ཟབ་མོ་བྱེད་པ་དང་།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ཞེས་པའི་ཆབ་སྲིད་ཆེན་པོ་དེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པའི་དུས་རབས་གསར་པའི་བདེན་ལུགས་དེ་ནམ་ཡང་ཡིད་ལ་དམ་པོར་བཟུང་སྟེ་རྒྱལ་དོན་ཆེན་པོ་དང་ཞིང་ཆེན་གྱི་ལས་དོན་གཙོ་བོ།   མི་དམངས་ཀྱི་དོ་ཁུར་གལ་ཆེན་བཅས་ཡིད་ལ་དམ་པོར་བཅངས་པ་དང་།    རྒྱུན་ཆད་མེད་པར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ།   ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ།   བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ།   གྲོས་གསེབ་དར་སྤེལ་གཏོང་བ་སོགས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་མོལ་སྲིད་གླེང་རྒྱ་ཆེར་སྤེལ་བ།   དམངས་གཙོ་ལྟ་སྐུལ་ནུས་ལྡན་བྱེད་པ།   སེམས་ཞིབ་མོས་བྱ་བར་འཆར་འགོད་དང་ཤུགས་ཆེན་པོས་ལས་དོན་ཡག་པོར་སྒྲུབ་པ།   རང་འགན་གཙང་སྒྲུབ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོ་རུ་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱེད་པ་དང་བྱས་རྗེས་འཇོག་དགོས། གསུམ་ནས་མཐུན་སྒྲིལ་འབད་འཐབ་ལ་སྐུལ་མ་གཏོང་བའི་ཁྲོད་དོན་འཁྱོལ་དམ་འཛིན་བཟང་བོ་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་རྒྱ་ཆེར་བྱེད་པ་དེ་འགན་འཁྲི་སྒྲུབ་པའི་ལྷུ་ཚིགས་གཙོ་བོར་བརྩིས་ནས་གྲོས་མོལ་བརྗེ་རེས་གཏིང་ཟབ་བྱེད་པ་དང་བསམ་འཆར་གང་ལེགས་སྒོས་མཚོན་པ། ཐུན་མོང་ངོས་འཛིན་གཅིག་སྡུད་རྒྱ་ཆེར་བྱེད་པའི་ཆུ་ཚད་དངོས་སུ་ཇེ་མཐོར་བཏང་སྟེ། སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་ཅན་གྱི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་བྱེད་པ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་བསམ་བློ་དེ་མཚོ་སྔོན་ལོ་རྒྱུས་སྟེང་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་བཟང་བོར་གནས་པའི་ཚན་རིག་བརྡར་གཅོད་སྟེང་གཅིག་སྡུད་བྱེད་པ་དང་། བྱ་སྤྱོད་དེ་ཞིང་ཆེན་ཏང་ཨུའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ཇུས་འགོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས་ལ། གྲོས་མོལ་ལ་བརྟེན་ནས་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ་དང་། ཐུན་མོང་ངོས་འཛིན་ལ་བརྟེན་ནས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ། མཐུན་སྒྲིལ་ལ་བརྟེན་ནས་མཉམ་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སེམས་འདུན་གཅིག་ཏུ་བསྒྲིལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བའི་སེམས་ཤུགས་གཅིག་སྡུད་བྱེད་དགོས། བཞི་ནས་འབད་འཐབ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཁྲོད་དོན་འཁྱོལ་དམ་འཛིན་བཟང་བོ་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་དངོས་འཚོལ་བདེན་གཉེར་གྱི་འགན་སྒྲུབ་སྤྱོད་ཚུལ་དར་སྤེལ་ཆེན་པོ་བཏང་ནས་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་རང་རྟོགས་ངང་ལག་བསྟར་བྱས་ཏེ“ལས་སྒྲུབ”ཀྱི་སྙིང་རུས་ངོ་མ་བསྐྱེད་པ་དང་། “ལས་བརྩོན”གྱི་འཇོན་ཐང་ཇེ་ཆེར་གཏོང་བ། “གཟབ་ནན”གྱི་སྣང་ཚུལ་གསར་བ་བསྐྲུན་དགོས་ལ། ཡིད་ཆེས་བརྟན་པོས་བྱ་བར་བརྩོན་པ་དང་། དམིགས་ཚད་གཏན་འཁེལ་གྱིས་བྱ་བར་བརྩོན་པ། ཏན་ཏན་ཏིག་ཏིག་གིས་བྱ་བར་བརྩོན་པ་བཅས་བྱས་ནས་སྒྲུབ་ཕོད་པ་དང་སྒྲུབ་ཤེས་པ། དངོས་སུ་སྒྲུབ་པ་བཅས་སྲིད་གྲོས་མི་སྣའི་དར་སྲོལ་གསར་བར་འགྱུར་དུ་འཇུག་དགོས། སྲིད་གྲོས་ཀྱི་བྱ་བ་དེ་དམ་པོ་དང་དངོས་གནས། གཟབ་ནན་བཅས་ཡིན་པར་སྐུལ་འདེད་བཏང་སྟེ་འགན་སྒྲུབ་ཀྱི་ནུས་པ་དང་དོན་དམ་གྱི་བྱ་སྤྱོད་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་རྩོམ་ཆེད་སྲིད་གྲོས་ཀྱི་རྒྱུགས་ལན་ཡག་པོ་སྤྲོད་དགོས།

དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཕིན་ཡིའུ་ཏུང་། ཀྲང་ཙིག་ཅུན། ཀྲ་ཆིན་ཅིག དབྱང་ཁི་ཞང་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།