ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས།
2024.01.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས29ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉིན་ཧྲིལ་བོར་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡི2023ལོའི་ཏང་ཨུ་དང་ཏང་ཙུའུ་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ》ལ་ཉན་པ་དང་། གྲོང་ཁྱེར་དང་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅིས2023ལོར་གཞི་རིམ་གྱི་ཏང་འཛུགས་བྱ་བ་དམ་འཛིན་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་པ་བཅས་ཀྱི་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱས་པར་རིམ་པ་བཞིན་ཉན་པར་མ་ཟད་དཔྱད་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་དཔྱད་བརྗོད་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཅུའུ་གཉིས་པའི་ཅུའུ་ཀྲང་གཞོན་པ་ལིའུ་ཝུན་གྲོས་ཚོགས་ལ་ཞུགས་ནས་རང་ཞིང་གི་ཏང་ཨུ་དང་ཏང་ཙུའུ་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱས་པའི་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱེད་པའི་དཔྱད་གླེང་དཔྱད་ཞིབ་བྱ་བར་མཛུབ་སྟོན་བྱས།

གྲོས་ཚོགས་སྟེང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅིས་རིམ་པ་བཞིན་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱས། ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅིས་ཡིག་ཐོག་ནས་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱས། ཁྲིན་ཀང་གིས་དཔྱད་བརྗོད་སྤེལ་སྐབས་གྲུབ་འབྲས་ལ་ཁས་ལེན་བྱས་ཤིང་། མི་འདང་ས་བསྟན་ནས་བྱ་བར་བླང་བྱ་བཏོན། ཁོས་བསྟན་དོན། འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱེད་པར་དཔྱད་གླེང་ཞིབ་བཤེར་བྱེད་པ་ནི། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་བྱ་བའི་ཐད་ཀྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེ་ཡི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་འཛིན་སྟངས་སྐོར་གྱི་རྣམ་བཤད་གལ་ཆེན་དེ་བསམ་བློའི་དྲག་ཆས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་དང་གོང་དཔེ་འོག་སྟོན་རྒྱུན་འཁྱོངས་བྱེད་པ་དང་། ལྗིད་གཡོལ་ཡང་ལེན་མི་བྱེད་ཅིང་ཆེ་གཡོལ་ཆུང་བརྗོད་མི་བྱེད་པར་གནད་དོན་ལ་ཐད་ཀར་དུ་གདོང་གཏོད་པ་དང་། གནད་དོན་ལ་དམིགས་འཛུགས་པ། གནད་དོན་ཐག་གཅོད་བྱས་ཏེ། ཕན་ཚུན་སྐྱོན་བརྗོད་དང་བྱ་བར་སྐུལ་འདེད་གྱི་ཕན་འབྲས་ཐོན་པར་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཧྲུའུ་ཅིས་དམ་འཛིན་བྱེད་པ་དང་། ཧྲུའུ་ཅི་ནན་མོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ཇེ་ཟབ་དང་ཇེ་ཞིབ་ཏུ་གཏོང་བ། ཆེད་དོན་ཞིབ་འཇུག་ཐེངས་གཅིག་བྱེད་པ་དང་གནད་དོན་གཙོ་བོ་སྐོར་ཞིག་ཐག་གཅོད་བྱེད་པ། བྱ་བའི་གྲོས་ཚོགས་ཐེངས་གཅིག་བསྡུ་བ། ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྐོར་ཞིག་རྩ་འཛུགས་བྱེད་པ། བྱ་བའི་དཔེ་གཞི་སྐོར་ཞིག་འཛུགས་པ། དམངས་ཚིས་དོན་དངོས་ཁག་ཅིག་སྒྲུབ་ནས། གཞི་རིམ་གྱི་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། གྱོད་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་དག་ཐེར་དང་སྤྱོད་ཚུལ་གྱི་གནད་དོན་འབུར་ཐོན་ཆེད་དོན་དག་ཐེར་བྱེད་པའི་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དུས་ནམ་ཡང་ཕྲག་ཏུ་ལེན་པ་དང་དངོས་འབེབས་མཐའ་འཁྱོལ་བྱེད་པ། རང་གཅུན་ནན་མོ་དང་འགན་འཁྲི་ནན་ཁུར། དོ་དམ་ནན་མོ་བཅས་བྱེད་པ། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། རྣམ་པ་གཟབ་ནན་བཅས་ཡུན་རིང་དུ་རྒྱུན་འཁྱོངས་བྱེད་དགོས། བསམ་བློའི་ངོས་ཟིན་དངོས་སུ་ཇེ་མཐོར་བཏང་སྟེ། ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཐོ་ཚད་ནས་འདུ་ཤེས་འཛིན་སྟངས་བྱ་བའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ཐག་གཅོད་ནུས་ལྡན་བྱེད་པར་ཤུགས་སྣོན་པ། ཉེན་ཁ་གལ་ཆེན་འགོག་སྡོམ་བྱེད་པ་སོགས་ཀྱི་གླེང་ཕྱོགས་སྣེ་ཁྲིད་ལ་ཤུགས་སྣོན་པ། སྤྱི་ཚོགས་འགལ་ཟླ་སེལ་བ་དང་སྔོན་འགོག་བྱས་ནས། ཏང་གི་འདུ་ཤེས་འཛིན་སྟངས་བྱ་བའི་འགོ་ཁྲིད་དབང་ཆར་སྟངས་འཛིན་ཡང་དག་བྱེད་དགོས།

ལིའུ་ཝུན་གྱིས་བསྟན་དོན། 2023ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་དང་རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ཤིང་། གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱར་སྐུལ་འདེད་གཏོང་བར་ཆེད་དུ་བཀོད་སྒྲིག་བྱས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་པ་དང་ཏང་འཛུགས་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་བ། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པ། སྤྱི་ཡོངས་སྐུལ་སྤེལ་ལ་གཅིག་གྱུར་འཆར་འགོད་བྱེད་པ། སློབ་གསོའི་དོ་དམ་ཇེ་ནན་དུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་དར་ཆ་ཡོམ་འགོག་རྒུད་སྐྱོབ་ཀྱི་མཁའ་དབྱིངས་སུ་མཐོན་པོར་བསྒྲེངས་ནས། གཞི་རིམ་ཏང་འཛུགས་ཐད་གྲུབ་འབྲས་གསར་བ་བླངས་ཡོད། 2024ལོར་གཞི་རིམ་ཏང་འཛུགས་བྱ་བས་རྒྱལ་དོན་གྱི་ཆེ་ཕྱོགས་དང་ཏང་གི་ཇུས་གཞི་ཆེན་པོར་དམིགས་ཏེ། སྔར་ལས་ལྷག་པར་ཆབ་སྲིད་འཛུགས་སྐྲུན་ཤུགས་དྲག་ཏུ་གཏོང་བ་དང་། སྤྱི་ཡོངས་ཀྱི་ཕན་ནུས་ཇེ་མཐོར་གཏོང་བ། མི་འདང་ས་དང་ཉམ་ཞན་སར་ཁ་གསབ་བྱེད་པ། ཏང་འཛུགས་འགན་འཁྲི་ནན་དཀྲི་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཇེ་དྲག་ཏུ་བཏང་ནས། གཞི་རིམ་ཏང་འཛུགས་ཀྱི་ལས་འགན་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

《མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་པོ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་འགན་སྒྲུབ་སྤྱོད་གཙང་གི་གནས་ཚུལ་ཡར་ཞུ་བྱེད་ཐབས》གཞིར་བཟུང་སྟེ། འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གི་ཏང་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཡོན་འགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ།  ཞིང་ཆེན་ཏང་ཨུ་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། གྲོང་ཁྱེར་དང་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཏང་གི་འཐུས་མི་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་ལ་ཞུགས།

                                                                                        རིག་འཛིན་སྒྲོལ་མས་བསྒྱུར།