མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས།
2024.03.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་མཇུག་བསྡུ་ལ་ཉེ་དུས། མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས།  ཁྲིན་ཀང་གིས་གཏམ་བཤད་པ་དང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ལིའུ་ཆི་ཧྥན་དང་ཝང་ལིས་མེན་ཚོགས་འདུར་ཞུགས།

ཁྲིན་ཀང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་སུ། རང་ཞིང་གི་འཐུས་ཚབ་ཚོགས་པས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་མཐོན་པོ་བཅངས་ཏེ་གྲོས་རིམ་སོ་སོར་ཧུར་ཐག་གིས་ཞུགས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དེ་བརྒྱུད་རིམ་ཡོངས་དང་གོ་རིམ་སོ་སོར་ཁྱབ་པར་བྱས་ནས་ཏང་གི་འགོ་ཁྲིད་སྔར་ལས་ནུས་ལྡན་དུ་བཏང་། འགོ་རྩོམ་དུས་གཅིག་འདོམས་བྱེད་པར་དོ་སྣང་དང་མཇུག་བསྡུ་དུས་དངོས་འབེབས་བྱེད་པ་དམ་འཛིན་བྱས་ཏེ་བྱ་བར་གྲ་སྒྲིག་སྔར་ལས་བཟང་པོ་བྱས། རྒྱལ་དོན་མཉམ་གྲོས་དང་ངོས་འཛིན་གཅིག་འདྲིལ་བྱས་ཏེ་འཐུས་མིའི་འགན་སྒྲུབ་སྔར་ལས་ཚད་ལྡན་དུ་བཏང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་། མི་དམངས་མང་ཚོགས་ཀྱི་རེ་འདོད་དང་དམ་པོར་སྦྲེལ་ཏེ་ལྷག་བསམ་རྣམ་དག་གིས་གྲོས་གཞི་བཏོན། ཡིད་ཚིམ་པའི་རྣམ་འགྱུར་གྱིས་གྲོས་ཚོགས་ལ་ཞུགས་ཤིང་ཡིད་ཆེས་བརྟན་པོས་ཁས་ལེན་བྱས་ནས་བསམ་པའི་རྣམ་འགྱུར་སྔར་ལས་བཟང་པོར་མངོན། ལས་ཕྱོད་མཐོ་ཞིང་ཟུར་ཚད་མང་བ། དངོས་མཚོན་རང་བཞིན་བཅས་ཀྱིས་མཚོ་སྔོན་གྱི་སྣང་བརྙན་མངོན་པར་བྱས་ཤིང་མཚོ་སྔོན་གྱི་གཏམ་རྒྱུད་བརྒྱུད་སྒྲོག་བྱས་ཏེ། དྲིལ་སྒྲོག་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ། རང་གཅུན་ནན་མོ་དང་རང་གི་བྱེད་ཕྱོགས་མངོན་ནས་སྒྲིག་ཁྲིམས་བརྩི་སྲུང་བྱས་པ་སྔར་ལས་རང་རྟོགས་ཅན་དུ་བཏང་། མཚོ་སྔོན་གྱི་འཐེན་ཐུག་མུ་མཐུད་དར་སྤེལ་བཏང་སྟེ། མཛེས་པའི་མཚོ་སྔོན་ཞེས་པའི་འགྲེམ་ཁང་དེ་མཚོ་སྔོན་དྲིལ་སྒྲོག་བྱེད་པའི་མིང་བྱང་གསོན་པོར་འགྱུར་བར་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་སྔར་ལས་མངོན་གསལ་དུ་བཏང་། ཚོགས་ཆེན་གྱི་ལས་འགན་བདེ་ལེགས་ངང་ཡོངས་འགྲུབ་བྱས་ཏེ། བྱ་བར་འཕེལ་རིམ་གསར་བ་དང་མཐོ་འདེགས་གསར་བ་ཡོད་པར་བྱས་ཤིང་། ཕྱོགས་སོ་སོའི་ཐད་སྔར་ལས་ལྷག་པའི་དཔྱད་འཇོག་བྱས། གྲོས་ཚོགས་ཀྱི་རྗེས་གྲབས་ཚན་ཆུང་གིས་དཀའ་ཁག་ལ་མ་འཛེམས་པ་དང་། རྒྱུ་ཆ་མཁོ་སྤྲོད་ཚན་ཆུང་གིས་ལས་སྣོན་བྱས་པ་དང་།  འཐུས་མིའི་གྲོས་གཞི་འབྲེལ་གཏུག་ཚན་ཆུང་གིས་བྱ་བ་གོ་རིམ་ལྡན་པར་བྱས་ཤིང་།  གསར་འགྱུར་དྲིལ་སྒྲོག་ཚན་ཆུང་གིས་གནས་ཚུལ་གསར་བསྒྲགས་དང་། བདེ་འཇགས་བདེ་སྲུང་ཚན་ཆུང་གིས་འགན་སྒྲུབ་མཐའ་འཁྱོལ་བྱས་ཤིང་། སྨན་བཅོས་བདེ་ཐང་ཚན་ཆུང་གིས་སེམས་ཤུགས་གཅིག་འདོན་བྱས་པས། ཞབས་ཞུ་འགན་སྲུང་བྱ་བ་དམ་ཟབ་ཞིབ་ཚགས་ཡིན་ལ་ལས་དོན་ཁག་སོ་སོར་བསྟོད་བསྔགས་བྱེད་རིན་ཡོད་ཅེས་བསྟན།

ཁྲིན་ཀང་གིས་དམིགས་འབེན་གསལ་སྟོན་བྱས་ཡོད་པས་གནད་འགག་དངོས་འབེབས་ལ་རག་ལས་ཡོད། འཐུས་མི་ཡོངས་ཀྱིས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོགས་ཆེན་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་དགོས་ལ། ཚོགས་ཆེན་གྱི་དགོངས་དོན་ཚང་མས་ཤེས་པར་བྱས་ཏེ་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ལས་གནས་ལ་རྐང་བཙུགས་ནས་འཐུས་མིའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྐུལ་སློང་དང་ཤུགས་རྐྱེན་ཐེབས་པར་བྱས་ནས་ནུས་ཤུགས་ཡོད་རྒུས་འགན་འཁྲིའི་ལས་དོན་ཡག་པོར་བསྒྲུབ་དགོས། དམངས་ཆེན་འཐུའ་མིའི་འགན་འཁྲི་མུ་མཐུད་དུ་ལེགས་པོར་སྒྲུབ་སྟེ། རྒྱུན་འཁྱོངས་ལྷོད་མེད་སྒོས་སློབ་སྦྱོང་དང་། དུས་ནམ་ཡང་ཉམས་མྱོང་དང་གྲུབ་འབྲས་བསགས་ནས་རྗེས་ཕྱོགས་སྔར་ལས་ལྷག་པའི་སྒོ་ནས་འགན་སྒྲུབ་བྱེད་པར་རྨང་གཞི་འདིང་དགོས། མང་ཚོགས་ལ་འབྲེལ་གཏུག་དམ་ཟབ་བྱས་ཏེ་མང་ཚོགས་དང་བརྗེ་རེས་བྱེད་པའི་སྟེགས་བུ་བཙུགས་ནས་མི་དམངས་ཀྱི་ཆེད་དུ་སྐད་ཆ་ལེགས་པོར་བཤད་དགོས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ལྟར་རང་ཞིང་གི་འཐུས་མིས་གྲོས་གཞི་སྤྲོད་པ་དང་། གྲོས་གཞི་སྒྲུབ་པའི་གནས་ཚུལ་གྱི་རྗེས་ཆོད་པར་བྱས་ཏེ། དངོས་སུ་དོན་འཁྱོལ་དང་ཕན་འབྲས་ངོ་མ་ལོན་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།