ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ལྗང་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྲུན་ཐད་རྟོག་ཞིབ་བྱས།
2024.03.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ལྗང་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྲུན་ལ་བརྟག་དཔྱད་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་ཡོངས་གཞི་གཅིན་ཅན་གྱི་རྩིས་ནུས་མ་ལག་འཛུགས་སྐྲུན་དང་ཤར་གྲངས་ནུབ་རྩིས་དང་ནུབ་གསོག ནུབ་སྦྱོང་སོགས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། གཞི་གྲངས་དཔལ་འབྱོར་སྐྱེད་སྲིང་བྱེད་པ་དང་དར་རྒྱས་སུ་གཏོང་བ། ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱེད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་རྒྱལ་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟིའི་ནུས་ཁུངས་གཞི་གྲངས་ཆེན་མོའི་ལྟེ་གནས་དང་ཀྲུང་གོ་ལེན་ཐུང་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཞི་གྲངས་ཆེན་མོའི་ལྟེ་གནས། ཀྲུང་གོ་གློག་འཕྲིན་རྒྱལ་ཁབ་གྲངས་ཀའི་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་གནས། ཀྲུང་གོ་དབྱི་ཏུང་མཚོ་སྔོན་མཐོ་སྒང་གཞི་གྲངས་ཆེན་མོའི་ལྟེ་གནས་བཅས་ལ་སོང་ནས། ལྗང་མདོག་རྩིས་ནུས་འཕེལ་རྒྱས་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པ་དང་། གྲངས་རིག་རིམ་སྤོར་དང་ལག་རྩལ་གསར་གཏོད། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་འཕྲི། མ་དཔེ་ནང་འདྲེན་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་སྔོན་ལ་ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཁྱད་དུ་འཕགས་པའི་ཆ་རྐྱེན་ལྡན་པས། མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལ་རྒྱབ་བརྟེན་པ་དང་། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་སྟེ། ལྗང་མདོག་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་བརྩོན་ལེན་བྱེད་པའི་གནད་འགག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཚད་གཞིར་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་བའི་དོན་དམ་གནས་ལུགས་ཡིན་པ་ཡིད་ལ་དམ་པོར་འཛིན་པ། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར་གཙོར་འཛིན་པ་དང་། ལྗང་མདོག་རྩིས་ནུས་ཀྱི་ཐོན་སྐྱེད་དང་བརྒྱུད་འདྲེན། འདྲེན་སྤྱོད། ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་འཆར་འགོད་དང་བར་སྟོང་གྲུབ་ཚུལ། ལྗང་མདོག་ཆ་སྡེབས་བཟང་བོར་སྒྲུབ་ནས། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་མཉམ་བསྲེས་གསར་གཏོད་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། གློག་དྲ་བརྟན་འཇགས་དང་ཕན་ནུས་མཐོར་འདེགས་གཏོང་བ་དང་། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཚོང་རྟགས་ཀྱི་རིན་ཐང་ཕྱིར་འདོན་པ། ཚན་ཚན་ཕྲེང་འབྲེལ་སོགས་ལག་རྩལ་བཀོལ་སྤྱོད་བྱེད་པ། ལྗང་གློག་ཁུངས་འཚོལ་བྱེད་པ། ལྗང་མདོག་ར་སྤྲོད་བྱེད་པ། ལྗང་གློག་འཛད་སྤྱོད་ཚོང་ར་སྐྱེད་སྲིང་བྱེད་པ། རིག་ནུས་གློག་དྲ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ། དུས་ཚོད་མི་འདྲ་བའི་སྐབས་ཀྱི་གློག་རིན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཐོན་རྫས་སྔར་ལས་མང་པོར་ལྗང་མདོག་གི་མིང་བྱང་སྦྱོར་དགོས། ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་ཕྲེང་འབྲེལ་རྒྱ་བསྐྱེད་པ་དང་། དྲ་རྒྱའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལྗང་མདོག་རྩིས་ནུས་ཀྱི་སྟོད་སྨད་རྒྱུད་ཐོན་ལས་ཕྲེང་འབྲེལ་ཀྱི་སྤུས་ལེགས་ཁེ་ལས་མཚོ་སྔོན་དུ་བཀོད་སྒྲིག་བྱེད་པར་ཤུགས་སྣོན་པ། ལྗང་མདོག་རྩིས་ནུས་ཐོན་ལས་འདུ་ཚོགས་གསར་སྐྲུན་བྱེད་པ། ལྗང་མདོག་རྩིས་ནུས་བེད་སྤྱོད་ནུས་འདོན་ཆུ་ཚད་མཐོར་འདེགས་བཏང་ནས། གློག་ཤུགས་དང་རྩིས་ནུས། ཚོང་ར་ཕྱོགས་སོ་སོའི་ཕན་ལྡན་འཁོར་རྒྱུག་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ལྗང་མདོག་རྩིས་ནུས་ཀྱི་སྒོ་འབྱེད་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་ཁྲོད་ཟབ་ཞུགས་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ། ཤར་རྒྱུད་ས་ཁུལ་གྱི་ལྗང་མདོག་རྩིས་ནུས་ཀྱི་དགོས་མཁོ་དང་ལེན་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་ནང་འདྲེན་བྱེད་ཤུགས་ཆེར་བསྐྱེད་པ། རིགས་མི་འདྲ་བའི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུ་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཀྱི་མཚན་སྙན་ཆེར་བསྐྱེད་དགོས།

ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ་བཅས་རྟོག་ཞིབ་ལ་ཞུགས། ཝང་ཝེ་ཏུང་དང་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན་འབྲེལ་ཡོད་བརྟག་དཔྱད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།