ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་མཛད།
2024.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་མཛད་སྐབས། ཧུའུ་ནན་གྱིས་རང་ངོས་འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ལ་སྟངས་འཛིན་ནན་མོ་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་རྒྱུ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མུ་མཐུད་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་གཏོད་དང་བདེན་འཚོལ་དངོས་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་མཐོ་ས་དང་སྲོག་ཤིང་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས། སྐམ་སའི་ས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་བཅས་བསྐྲུན་རྒྱུར་མུ་མཐུད་ཤུགས་སྣོན་དགོས་པར་མ་ཟད། དབུས་རྒྱུད་ས་ཁུལ་དར་རྒྱས་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དཔའ་ངར་ཆེར་སྐྱེད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧུའུ་ནན་གྱི་ལེའུ་འབད་པས་རྩོམ་དགོས་ཞེས་ནན་གྱིས་གསུངས།

ཟླ3པའི་ཚེས18ཉིན་ནས་ཚེས21ཉིན་བར་དུ། ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཞའོ་མེན་དང་ཧྲིན་ཀྲང་མའོ་ཝེ་མེན་གྱི་འགྲོ་རོགས་འོག་ཏུ། སྔ་རྗེས་སུ་ཁྲང་ཧྲ་དང་ཁྲང་ཏི་སོགས་སུ་ཕེབས་ཏེ། སློབ་གྲྭ་དང་ཁེ་ལས། ལོ་རྒྱུས་རིག་གནས་ཀྱི་ཁྲོམ་སྲང་། གྲོང་གསེབ་སོགས་སུ་ཕེབས་ནས་གཟིགས་ཞིབ་གནང་།

ཟླ3པའི་ཚེས18ཉིན་ནས་ཚེས21ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཧུའུ་ནན་དགེ་འོས་སློབ་གླིང་དང་པོ་རུ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་ཚེས18ཉིན་གྱི་ཕྱི་དྲོར་ཧུའུ་ནན་དགེ་འོས་སློབ་གླིང་དང་པོའི་ཁྲིན་ནན་དཔེ་ཁང་སློབ་ཁུལ་དུ་གཟིགས་ཞིབ་གནང་། སློབ་གྲྭ་འདིའི་སྔ་མིང་ལ་སུང་རྒྱལ་རབས་ཀྱི་སྐབས་སུ་བཙུགས་པའི་ཁྲིན་ནན་དཔེ་ཁང་ཞེས་ཟེར་ཞིང་། སློབ་གྲྭ་འདིས་ཉེ་རབས་ནས་བཟུང་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་དང་མཁས་པ་གྲགས་ཅན་སྐོར་ཞིག་གསོ་སྐྱོང་བྱས་ཡོད། ཞི་ཅིན་ཕིང་གིས་མའོ་ཙེ་ཏུང་སྐུ་ན་གཞོན་དུས་ཀྱི་བརྗོད་དོན་འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས། སློབ་གླིང་གི་འཕེལ་རྒྱས་ལོ་རྒྱུས་དང་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་སློབ་གླིང་གི་ཚོམས་ཆེན་དུ་དགེ་སློབ་ཀྱི་འཐུས་མི་ཚོ་དང་ལྷན་དུ་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་གནང་། ཁོང་གིས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་ངེས་པར་དུ་སློབ་གསོ་ཡག་པོ་གཉེར་དགོས། དགེ་འོས་སློབ་གླིང་དང་པོ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ས་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་སའི་གནས་མཆོག་ཅིག་ཡིན་པས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་དགོས། སློབ་གྲྭས་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་བྱེད་དགོས་ལ། དགེ་རྒན་གྱིས་དགེ་རྒན་བཟང་བོ་ཞིག་འཁྱོངས་པར་འབད་དགོས་པ་དང་། སློབ་མའི་ཤེས་བྱ་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་གཏོང་རྒྱུར་དོ་སྣང་བྱེད་དགོས་པར་མ་ཟད། ཆབ་སྲིད་བསམ་བློའི་སློབ་ཁྲིད་ཡག་པོ་གཉེར་དགོས་ལ། སློབ་མར་ལེགས་ཉེས་དབྱེ་འབྱེད་ཐད་ཁྲིད་སྟོན་གང་ལེགས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རིན་ཐང་ལྟ་བ་བརྟན་པོ་འཛུགས་པ། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་ནུས་ཤིང་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་འཛིན་ཐུབ་པའི་རིན་ཐང་ལྟ་བ་འཛུགས་པ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་འཁུར་ཕོད་པའི་རྐང་འཛིན་མི་སྣ་གང་མང་གསོ་སྐྱོང་བྱེད་དགོས་ཞེས་གསུངས།

ཟླ3པའི་ཚེས18ཉིན་ནས་ཚེས21ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཚེས18ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་འཇར་མན་གྱིས་མཉམ་དུ་མ་དངུལ་བཏང་བའི་ཁེ་ལས་པ་ཟི་ཧྥུའུ་ཧྲན་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་ཀུང་ཟིར་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།

དེའི་རྗེས་སུ་ཞི་ཅིན་ཕིང་གིས་པ་ཟི་ཧྥུའུ་ཧྲན་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་ཀུང་ཟིར་གཟིགས་ཞིབ་གནང་། དེ་ནི་ལིས་གློག་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། ཕྱིར་འཚོང་བཅས་བྱེད་པའི་ཀྲུང་གོ་དང་འཇར་མན་གྱིས་མཉམ་དུ་མ་དངུལ་བཏང་བའི་ཁེ་ལས་ཤིག་རེད། ཞི་ཅིན་ཕིང་གིས་ས་གནས་དེ་གས་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་རྗེས། ཁེ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་ལ་ཞིབ་གཟིགས་གནང་ནས། རྒྱུ་ཆའི་ནུས་པ་ཚད་ལེན་ཚོད་ལྟ་བྱས་པའི་གནས་ཚུལ་དང་གློག་རྫས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་གནང་། ཁོང་གིས་ཚན་རྩལ་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཁེ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་བ་དང་མི་ཕམ་པའི་གནས་སུ་ལངས་ཐུབ་པའི་འགག་རྩ་ཞིག་ཡིན་པས། དམངས་གཉེར་ཁེ་ལས་དང་མ་རྩ་མཉམ་འཇོག་ཁེ་ལས་ཀྱིས་དེའི་ཐད་བྱས་རྗེས་ཆེན་པོ་བཞག་ཆོག ཀྲུང་གོས་སྒོ་མོ་འབྱེད་རྒྱ་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཡིན་ཞིང་། ང་ཚོས་འཛམ་གླིང་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ལ། ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་གང་མང་ཀྲུང་གོར་ཡོང་ནས་དངུལ་གཏོང་དང་རང་ཉིད་འཕེལ་རྒྱས་གཏོང་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ཅེས་ནན་གྱིས་གསུངས།

ཟླ3པའི་ཚེས18ཉིན་ནས་ཚེས21ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཚེས19ཉིན་གྱི་སྔ་དྲོར། ཁྲང་ཏི་གྲོང་ཁྱེར་ཡོན་ཅང་གཙང་བོའི་འགྲམ་དུ་གནས་པའི་སྲང་ལམ་དུ་ཕེབས་ཏེ། སྲང་ལམ་དེ་གའི་ཚོང་བདག་དང་ཡུལ་སྐོར་པ་དང་ལྷན་དུ་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་གནང་བའི་རྣམ་པ་རེད།

ཚེས19ཉིན། ཞི་ཅིན་ཕིང་གིས་ཁྲང་ཏི་གྲོང་ཁྱེར་དུ་གཟིགས་ཞིབ་གནང་། ཡོན་ཅང་གཙང་བོའི་འགྲམ་དུ་གནས་པའི་ཁྲང་ཏི་གཙང་བོའི་སྲང་ལམ་ལ་ལོ་རྒྱུས་རིང་བོ་ལྡན། 1943ལོའི་ཁྲང་ཏི་གཡུལ་འགྱེད་ཁྲོད་གཏོར་སྐྱོན་ཐེབས་ནའང་། ཁྲང་ཏི་གྲོང་ཁྱེར་གྱིས་ཉེ་བའི་ལོ་འདི་དག་གི་རིང་ལ། སྔོན་ཆད་ཀྱི་སྲང་ལམ་རྙིང་པའི་རྣམ་པ་སླར་གསོ་བྱས་ནས། ས་ཆ་དེ་ཉིད་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པའི་ཁྲོམ་གཞུང་ཞིག་ཏུ་བསྒྱུར་ཡོད། ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་ཁྲང་ཏི་གཙང་པོའི་སྲང་ལམ་དུ་ཕེབས་ཏེ། ཁྱད་ལྡན་ཟས་རིགས་དང་ཁྱད་ལྡན་ཐོན་རྫས། ཁྱད་ལྡན་བཟོ་རྩལ་ཐོན་རྫས་བཅས་ལ་ཞིབ་གཟིགས་གནང་ནས། ཚོང་བདག་དང་ཡུལ་སྐོར་པ་དང་ལྷན་དུ་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་གནང་བར་མ་ཟད། གཟུགས་འདས་ཤུལ་བཞག་རིག་དངོས་རྩལ་ནུས་འགྲེམས་སྟོན་ལ་གཟིགས་ནས། ཁྲང་ཏི་གྲོང་ཁུལ་རྙིང་པའི་སྲང་ལམ་སླར་གསོ་བེད་སྤྱོད་དང་གྲོང་ཁྱེར་གྱི་འཆར་འགོད། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་། ཞི་ཅིན་ཕིང་གིས་སྣ་མང་ཕུན་སུམ་ཚོགས་པའི་ས་གནས་སོ་སོའི་ཁྱད་ལྡན་སྲོལ་རྒྱུན་རིག་གནས་ཀྱིས་འོད་སྟོང་རབ་ཏུ་འབར་བའི་ཀྲུང་ཧྭའི་ཤེས་རིག་བསྐྲུན་ཡོད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་སྐུལ་འདེད་ནུས་ལྡན་བཏང་ཡོད།  ཁྲང་ཏི་ནི་རིག་གནས་རྒྱུན་འཛིན་བྱེད་ས་ཞིག་ཡིན་པས། འདི་གའི་དར་སྐུད་དང་མཐོ་གདངས། ལས་གཞས་སོགས་གཞི་རྟེན་འོས་འཚམ་ལ་བརྟེན་ནས་རྒྱུན་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ། དུས་བསྟུན་ངང་འཕེལ་རྒྱས་ཡག་པོ་ཡོང་བར་བྱེད་དགོས་ཞེས་གསུངས།

འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲང་ཏི་གྲོང་ཁྱེར་ཏེན་ཁྲིན་ཆུས་ཞེ་ཅཱ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕིང་སྡེ་བའི་ཞིང་ཁ་རུ།  མྱུ་གུ་འདེབས་གསོ་དང་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་གི་འཕེལ་རིམ་ལ་ཞིབ་གཟིགས་གནང་བའི་རྣམ་པ་རེད། 

ཧུའུ་ནན་ནི་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་བཅུ་གསུམ་གྱི་གྲས་ཡིན་ལ། ཆུ་འབྲས་འདེབས་རྒྱ་དང་ཐོན་ཚད་ཀྱི་བསྡོམས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཉིན་དེའི་ཕྱི་དྲོར་ཞི་ཅིན་ཕིང་ཁྲང་ཏི་གྲོང་ཁྱེར་ཏེན་ཁྲིན་ཆུས་ཞེ་ཅཱ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕིང་སྡེ་བར་ཕེབས་ཏེ། ས་གནས་དེ་གའི་འབྲུ་རིགས་ཐོན་སྐྱེད་མུའུ་ཁྲི་ཡི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་བསྐྱོད་དེ། མྱུ་གུ་འདེབས་གསོ་དང་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་གི་འཕེལ་རིམ་ལ་ཞིབ་གཟིགས་གནང་ནས། སྤུས་ཚད་མཐོ་བའི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་ལ་གསན་པར་མ་ཟད། འབྲུ་འདེབས་ཁྱིམ་ཆེན་དང་ཞིང་ལས་ལག་རྩལ་མི་སྣ། གཞི་རིམ་ལས་བྱེད་པ་བཅས་དང་མཉམ་དུ་འགྲོ་སོང་དང་ཡོང་འབབ་སྐོར་ནས་རྩིས་ཞིབ་མོ་བརྒྱབ། ཞི་ཅིན་ཕིང་གིས་རང་རྒྱལ་ལ་མི་གྲངས་དུང་ཕྱུར14ལྷག་ཡོད་པས། འབྲུ་རིགས་བདེ་འཇགས་དེ་ངེས་པར་དུ་ང་ཚོ་རང་ཉིད་ཀྱི་འགན་ལེན་ལ་བརྟེན་དགོས་ཤིང་། ཀྲུང་གོ་པའི་ཟས་ཕོར་ནང་དུ་ཀྲུང་གོ་པ་རང་ཉིད་ཀྱིས་རྨོས་པ་ལས་བྱུང་བའི་འབྲུ་རིགས་ལྡུག་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་པ། སོན་བཟང་དང་གོ་སྐབས་བཟང་པོ། བྱེད་ཐབས་བཟང་པོ་བཅས་ཁྱབ་བརྡལ་གཏོང་ཤུགས་ཇེ་ཆེར་གཏོང་བ། ཞིབ་རྨོ་ཞིབ་འདེབས་ཐད་ཤུགས་སྣོན་པ་བཅས་བྱས་ནས། མུའུ་རེའི་འབྲུ་རིགས་ཀྱི་ཐོན་འབབ་དང་སྤུས་ཚད་སྔར་ལས་ཇེ་ལེགས་སུ་བཏང་སྟེ། འབྲུ་རིགས་བཏབ་ནས་ཕྱུག་འགྱུར་ཡོང་བར་བྱེད་པ་དང་། ཞིང་ཁྱིམ་སྔར་ལས་གང་མང་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་པར་བསྡུ་འགུག་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ཁ་མིན་དོན་གྱིས་བབ་བརླིང་དང་ཏན་ཏིག་ངང་བསྐྱོད་དགོས་ཞེས་ནན་གྱིས་གསུངས།

དེའི་རྗེས་ཞི་ཅིན་ཕིང་འབྲུ་འདེབས་ཁྱིམ་ཆེན་ཏའེ་ཧུང་ཚང་དུ་ཕེབས་ཏེ། ཞིང་ལས་འཕྲུལ་ཆས་དང་དཔྱིད་འདེབས་དངོས་ཟོག་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ཞིབ་གཟིགས་གནང་ནས། སྡེ་བའི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ། ས་གནས་དེ་གའི་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་གཞི་རིམ་གྱི་བཅོས་སྐྱོང་ཕན་ནུས་ཇེ་ཆེར་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་། ཁོང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། མི་ཉུང་འཕྲི་དང་འགྲོ་ལུགས་སྟབས་བདེ། ལས་ཁུངས་ཁུ་བསྡུ་བྱས་ནས། ལས་དོན་དེ་རྒྱུན་སྲིང་ལྷོད་མེད་སྒོས་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས། ཁོང་གིས་གཞི་རིམ་ལས་བྱེད་པས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་བཅོས་སྐྱོང་ཐད་ཇུས་ཤུགས་མཉམ་འདོན་བྱས་ནས། ཞིང་པ་མང་ཚོགས་ཀྱིས་ཁས་ལེན་པའི་གྲུབ་འབྲས་དངོས་ཟམ་མི་ཆད་པར་བསྐྲུན་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕིང་སྡེ་བ་དེ་ནས་ཞལ་གྱེས་སྐབས། སྡེ་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་སྐྱེལ་མ་ཞུ་སྐབས། ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོས་ཚང་མར། ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་ལ་མཐོང་ཆེན་གང་ལེགས་བྱེད་བཞིན་ཡོད་པས། གནད་འཁེལ་ནུས་ལྡན་གྱི་སྲིད་ཇུས་དང་བྱེད་ཐབས་སྤྱད་དེ་མི་དམངས་ཀྱི་སེམས་ཁུར་བྱེད་ས་དང་དགོས་མཁོར་ཨ་ལན་གསལ་བོ་བཏབ་ནས། གྲོང་གསེབ་དར་སྤེལ་གཏོང་བའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་མངོན་འགྱུར་བྱེད་ཐུབ་པ་ཤ་སྟག་ཡིན་ཞེས་གསུངས་པ་ན།  སྡེ་བའི་ནང་དུ་དགའ་འབོད་ཀྱི་སྒྲ་ཡུན་རིང་གྲགས།

ཚེས21ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་རྗེས། ཧུའུ་ནན་གྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།

ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་ཐད་འབད་བརྩོན་སྔར་ལས་ཆེན་པོ་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ལ་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་རྩེ་གྲས་ནང་འདྲེན་གང་ལེགས་བྱེད་པ། འགག་རྩའི་ཁྱབ་ཁོངས་ཀྱི་རང་བརྟེན་གསར་གཏོད་ནུས་པ་མངོན་སུམ་གྱིས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོའི་གོ་གནས་ལ་ཤུགས་སྣོན་པ་དང་། གསར་གཏོད་མུ་འབྲེལ་གྱི་མ་དངུལ་དང་ཤེས་ལྡན་མི་སྣའི་ཕྲེང་འབྲེལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་ངང་ཐོན་སྐྱེད་ནུས་ཤུགས་དངོས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། དགེ་མཚན་ལྡན་པའི་ཐོན་ལས་ལ་དམ་པོར་དམིགས་པ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་གྱི་མཁྲེགས་གཏོར་བྱེད་ཤུགས་ཇེ་ཆེར་གཏོང་བ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་མུ་མཐུད་སྟོབས་ལྡན་དུ་གཏོང་བ། ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་རིམ་པའི་ཐོན་ལས་འདུས་ཚོགས་བསྐྲུན་པ་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བཅོས་སྒྱུར་ཟབ་སྤེལ་ཐད་གནད་དོན་གྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འགག་རྩའི་གནད་དོན་དང་། འཕེལ་རྒྱས་ཁོར་ཡུག་དང་དམངས་ཚིས་ཁྱབ་ཁོངས་ཀྱི་འགག་རྩའི་གནད་དོན། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་འགལ་བའི་གནད་དོན་གལ་ཆེན། གླེང་ཐེངས་མང་བའི་གནད་དོན་བཅས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་དུས་ལྟར་སེལ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་སྣོན་དགོས། ཧུའུ་ནན་གྱིས་བཅོས་སྒྱུར་མ་ལག་འདུས་གྲུབ་ལ་ཤུགས་སྣོན་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ཁྲོད་སྔར་ལས་ལེགས་པའི་ངང་ཞུགས་པ། དབུས་རྒྱུད་ས་ཁུལ་དར་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་ཁྱོན་ཡོངས་ནས་མཉམ་འདྲེས་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཟབ་ཞུགས་བྱེད་པ། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཚད་གཞི་མཐོ་བའི་སྒོ་ནས་འཛུགས་སྐྲུན་ཡག་པོ་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ལག་བསྟར་ཁུལ་བསྐྲུན་རྒྱུར་ཤུགས་སྣོན་པ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན། ཧུའུ་ནན་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ནས། ས་བོན་དང་རྨོ་ཞིང་གི་གཙོ་གནད་གཉིས་དམ་འཛིན་ཡག་པོ་བྱས་ཏེ། འདེབས་འཛུགས་ལས་རིགས་དང་ཞིང་ལས་འཕྲུལ་ཆས་ཀྱི་འགག་རྩའི་ལག་རྩལ་མཁྲེགས་གཏོར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས།  ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཁྱད་ལྡན་ཞིང་ལས་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཧུར་ཐག་གིས་འཕེལ་རྒྱས་བཏང་ནས། ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་སྔར་ལས་སྟོབས་ལྡན་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་ཕྱོགས་གཉིས་ནས་འཁོར་རྒྱུག་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་བཀོད་སྒྲིག་ལ་སྤྱི་འདོམས་བཅས་བྱེད་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོ་བསྣན་ནས། གོམས་སྲོལ་བསྒྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་བཟང་གིས་མི་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གཞི་རིམ་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་དང་། དུས་རབས་གསར་པའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། གཞི་ཁྱོན་ཆེན་པོས་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་ཚད་མཐའ་ནན་སྲུང་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཧུའུ་ནན་གྱིས་རིག་གནས་ཀྱི་ལས་འགན་གསར་པ་སྔར་ལས་ལེགས་པའི་སྒོ་ནས་འཁུར་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་རྒྱུ་དང་། གསར་བརྗེའི་སྲོལ་རྒྱུན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྲོལ་རྒྱུན་བཟང་པོ་དར་སྤེལ་་གཏོང་བ། མུ་མཐུད་དུ་གསར་བརྗེའི་ཁྲག་རྒྱུན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། དུས་རབས་ཀྱི་སྲོལ་གསར་དང་རྣམ་པ་གསར་པ་སྐྱེད་སྲིང་བཅས་བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱེད་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ནང་རྐྱེན་ནུས་ལྡན་སྒོས་འཚོལ་ཞིབ་བྱེད་རྒྱུ་དང་། རིག་གནས་ཀྱི་ལས་རྣམ་གསར་པ་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ནས། རིག་གནས་ཐོན་ལས་ཀྱི་འཕར་གཞི་གསར་པ་སྔར་ལས་གང་མང་གྲུབ་པར་བྱེད་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཧུའུ་ནན་གྱི་ས་གཞི་ཆེན་པོའི་རི་སྔོ་ཆུ་དྭངས་དང་དགུང་སྔོན་ས་གཙང་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ། རང་བྱུང་མཛེས་ལྗོངས་དང་མི་གཞུང་རིག་གནས་ཀྱི་ཉམས་འགྱུར་དེ་ཡུལ་སྐོར་ལས་རིགས་ཀྱི་རྒྱུན་སྲིང་རྣམ་པར་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་པ་དང་དེ་སྔར་ལས་ཇེ་ལེགས་སུ་གཏོང་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་། ཡུན་ཕན་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་མཐར་ཕྱིན་བྱེད་པ། ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུར་རྩ་འཛུགས་ལེགས་པོ་བྱས་ནས། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ལ་སློབ་སྦྱོང་བྱེད་པ་དང་སྒྲིག་ཁྲིམས་ཤེས་རྟོགས་བྱེད་པ། སྒྲིག་ཁྲིམས་གསལ་རྟོགས་བྱེད་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་ཁྲིད་སྟོན་གང་ལེགས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་དབང་ཆའི་ལྟ་བ་ཡང་དག་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དང་དབང་ཆ་དྲང་གཞག་ངང་སྤྱོད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ། མི་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་གི་སྒོ་ནས་དབང་ཆ་སྤྱོད་པ་བཅས་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་གནང་རོགས་མཛད།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་བྱེད་རོགས་བྱས།

ཟླ3པའི་ཚེས18ཉིན་ནས་ཚེས21ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཚེས20ཉིན་གྱི་སྔ་དྲོར། ཁྲང་ཧྲ་རུ་ཁྲང་ཧྲ་བཅའ་སྡོད་དམག་དཔུང་གི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པའི་རྣམ་པ་རེད།

ཟླ3ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲང་ཧྲ་རུ་ཁྲང་ཧྲ་བཅའ་སྡོད་དམག་དཔུང་གི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཚབ་ཞུས་ཏེ། ཁྲང་ཧྲ་བཅའ་སྡོད་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན། ཀྲང་ཡིའུ་ཞ་ཡིས་མཇལ་འཕྲད་གནང་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།