མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
2024.03.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་བཅས་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཞིབ་བཤེར་ཁང་གི་འགན་ཁུར་བློ་མཐུན་གྱིས་ཆེད་དོན་ཟུར་ཁྲིད་བྱས་ནས། གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་གི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ་ཕྱོགས་ཡོངས་དང་ཆ་ཚང་བ། དོན་ཟབ་གོ་སླ་སྒོས་འགྲེལ་བཤད་བྱས་པར་མ་ཟད། སློབ་སྦྱོང་དང་ལག་བསྟར་གྱི་ངོས་འཛིན་་དང་མྱོང་ཚོར་མཉམ་སྤྱོད་བྱས་ཏེ། ཚང་མར་གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་གི་གོ་དོན་ཕུན་སུམ་ཚོགས་པར་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་དུ་བཅུག

ཁྲིན་ཀང་གིས་འགོ་འཛིན་བྱེད་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ལམ་ལུགས་ཇེ་བརྟན་དུ་བཏང་བ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཉིན་རེ་བཞིན་ཤུགས་བསྣན། ཏང་གི་སྒྲིག་ཁྲིམས་ལ་སྲུང་སྐྱོང་བྱེད་ན་ཐོག་མར་ཆབ་སྲིད་སྒྲིག་ཁྲིམས་ལ་སྲུང་སྐྱོང་བྱེད་པ་དང་། སྲོག་ཤིང་ནི་ཏང་ལ་བློ་དཀར་བར་བྱེད་རྒྱུ་དེ་ཡིན། འགོ་ཁྲིད་ལས་བྱེད་པས་ཐེངས་འདིའི་སློབ་སྦྱོང་གོ་སྐབས་སུ་བརྩིས་ནས། འགོ་ཁྲིད་དེ་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ནས། ཏང་ཀྲུང་དབྱང་གི་གྲོས་གཞི་དང་ལེན་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐག་གཅོད་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་བཀག་འགོག་བྱས་པ་མཐའ་གཅིག་ཏུ་མི་སྒྲུབ་པ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་བརྩི་སྲུང་བྱེད་ན་ངེས་པར་དུ་གུས་སྐྲག་གི་འདུ་ཤེས་ཡོད་དགོས་པ་དང་། རྩ་འཛུགས་ལ་བརྩི་མཐོང་དང་མི་དམངས་ལ་བརྩི་མཐོང་། བཅའ་ཁྲིམས་སྒྲིག་ལམ་ལ་བརྩི་སྲུང་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་དེ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་སྤྱོད་ཚུལ་གྱི་ཚད་གཞིར་བརྩི་བ་དང་། འཐབ་རྩོད་ཀྱི་དགོངས་དོན་དར་སྤེལ་གཏོང་བ། འཐབ་རྩོད་གྱི་ནུས་པ་མཐོར་འདེགས་བཏང་ནས། མི་བཟང་དྲགས་པ་དང་དཀའ་ངལ་ལ་སྐྲག་པ། ལྷོད་གཡེང་དུ་གཏོང་བ་བཅས་ཀྱི་སྣང་ཚུལ་ལ་འཐབ་རྩོད་བྱེད་དགོས། ཏང་གི་སྒྲིག་ཁྲིམས་གཟབ་ནན་མངོན་གསལ་བྱེད་ན་ངེས་པར་དུ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གཟབ་ནན་གྱི་ཚད་གཞི་འཛུགས་པ་དང་གཟབ་ནན་གྱི་སྒྲིག་ཁྲིམས་ལག་བསྟར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཟབ་ནན་གྱི་དགོངས་གཞི་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ཇེ་ཟབ་ཏུ་གཏོང་བ། འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གྱིས་སྤྱོད་ཚུལ་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་གཙོ་གནད་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ལོ་ཧྲིལ་བོའི་འཆར་གཞི་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ། གཙོ་གཞིའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྲུན་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སྒྲིག་ཁྲིམས་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང་ཁག་ཁུར་འབད་འཐབ་ལ་སྐུལ་སློང་བྱེད་པ་གཉིས་གཅིག་གྱུར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་སྡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།