ཞི་ཅིན་ཕིང་ཕ་རེ་སིར་ཐོན་ནས་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་མཛད།
2024.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0


ཟླ5པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བསྡད་ནས་ཕ་རེ་སིར་འབྱོར་ནས་ཧྥ་རན་སི་སྤྱིམཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁི་ལུང་གིས་གདན་དྲངས་པ་ལྟར་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་།

ས་དེའི་ཟླ5པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཕ་རེ་སིར་འབྱོར་ནས་ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁི་ལུང་གིས་གདན་དྲངས་པ་ལྟར་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་།

ཟླ5ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བསྡད་ནས་ཕ་རེ་སིར་འབྱོར་ནས་ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁི་ལུང་གིས་གདན་དྲངས་པ་ལྟར་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་།

ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཕ་རེ་སིའི་ཨོ་ལི་གནམ་གྲུ་ཐང་དུ་ཐོན་སྐབས། ཧྥ་རན་སིའི་ཙུང་ལི་ཨ་ཐཱ་ཨར་སོགས་ཧྥ་རན་སིའི་སྲིད་གཞུང་གི་མཐོ་རིམ་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས།

ཟླ5པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཕ་རེ་སིར་འབྱོར་ནས་ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁི་ལུང་གིས་གདན་དྲངས་པ་ལྟར་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ངས་ཐེངས་གསུམ་པར་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་ཐུབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ལ། ཞོར་དུ་ཧྥ་རན་སིའི་མི་དམངས་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་བསུ་མ་བྱེད་རྒྱུ་ཡིན། ཤར་ནུབ་ཤེས་རིག་གི་འཐུས་ཚབ་གལ་ཆེན་ཡིན་པའི་ངོས་ནས་ཀྲུང་གོ་དང་ཧྥ་རན་སིས་དུས་ཡུན་རིང་བོར་ཕན་ཚུན་ཡིད་སྨོན་དང་མཉམ་འབྲེལ་བྱས་མྱོང་། ལོ་ངོ་དྲུག་ཅུའི་ཡར་སྔོན་དུ། ཀྲུང་གོ་དང་ཧྥ་རན་སིས་རྒྱལ་ཁབ་གཉིས་ཀྱིས་འཇམ་འཐབ་ཀྱི་གནས་བབ་ལས་ཐོལ་བརྒལ་བྱས་ཏེ། ཚད་རིམ་མཐོ་བའི་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་རེད། ལོ་ངོ་དྲུག་ཅུའི་རིང་ལ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་ནམ་ཡང་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་སྔོན་གྲལ་དུ་བསྐྱོད་ཡོད། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། བརྟན་འཇགས་མིན་པའི་འཛམ་གླིང་ལ་བརྟན་འཇགས་རང་བཞིན་དང་དྲང་ནུས་མང་པོ་བསྣན་ཡོད། འཚམས་འདྲིའི་སྐབས་སུ། ངས་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་གནས་བབ་གསར་པའི་འོག་གི་ཀྲུང་གོ་དང་ཧྥ་རན་སི་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས། དེ་བཞིན་མིག་སྔའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱེད་རྒྱུ་ཡིན། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་ཕན་ཚུན་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཆེ་རུ་བསྐྱེད་པ། འཐབ་ཇུས་ཀྱི་འདུ་ཤེས་གཅིག་མཐུན་གྲུབ་པར་བྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ལོ་རྒྱུས་ཀྱི་དཔལ་འབར་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་དུ་འོད་སྣང་སྩོལ་བ་དང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་མཛེས་སྡུག་གི་འབྱུང་འགྱུར་བསྐྲུན་ནས་འཛམ་གླིང་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་ཡོང་བར་བྱས་རྗེས་འཇོག་འདོད་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་སོགས་འགྲོ་རོགས་མི་སྣ་རྣམས་མཉམ་དུ་ཐོན།

ཀྲུང་གོའི་ཧྥ་རན་སིར་སྡོད་པའི་གཞུང་ཚབ་ཆེན་མོ་ལུའུ་ཧྲ་ཡེ་གནམ་གྲུ་ཐང་དུ་བསུ་མར་ཐོན།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་གསོལ་མགྲོན་ཁང་དུ་འགྲོ་བའི་ལམ་བར་དུ། ཕྱི་སྡོད་རང་མི་དང་ཀྲུང་གོའི་ཕྱི་འགྲིམ་སློབ་མས་རང་རྟོགས་སྒོས་གཞུང་ལམ་གྱི་འགྲམ་གཉིས་སུ་ལངས་ནས་ཀྲུང་གོ་དང་ཧྥ་རན་སིའི་མཛའ་བརྩེ་ཁྲི་ལོར་ཤོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་བ་བདེ་ལེགས་ཡོང་བར་ཤོག་ཅེས་པའི་འཕྲད་བྱང་བཟུང་ནས་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ཕྱར་བ་དང་། འབུད་རྡུང་དཀྲོལ་གསུམ་བྱས་ཤིང་སེང་འབྲུག་ཁ་སྤྲོད་ཀྱི་བྲོ་འཁྲབ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

མི་ཕམ་མགོན་པོས་བསྒྱུར།