ས་དེའི་དུས་ཚོད་ཟླ5པའི་ཚེས7ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བསྡད་དེ་པེ་ཨར་ཀི་ལའེ་ཏིར་འབྱོར་ནས། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་གདན་ཞུས་ལྟར་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་།
ས་དེའི་དུས་ཚོད་ཟླ5པའི་ཚེས7ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བསྡད་དེ་པེ་ཨར་ཀི་ལའེ་ཏིར་འབྱོར་ནས། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་གདན་ཞུས་ལྟར་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་།
ས་དེའི་དུས་ཚོད་ཟླ5པའི་ཚེས7ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བསྡད་དེ་པེ་ཨར་ཀི་ལའེ་ཏིར་འབྱོར་ནས། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་གདན་ཞུས་ལྟར་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་།
ཞི་ཅིན་ཕིང་སྡོད་པའི་ཆེད་བཏང་གནམ་གྲུ་སེར་ཝེ་ཡའི་རྒྱལ་ཁོངས་བར་སྣང་དུ་འབྱོར་བ་ན། སེར་ཝེ་ཡའི་མཁའ་དམག་གི་དམག་འཐབ་གནམ་གྲུ་གཉིས་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་བྱས། ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་པེ་ཨར་ཀི་ལའེ་ཏི་ལེ་ཉིས་ཀུའུ་ལ·ཐི་སི་ལཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་བཟའ་ཟླ་གཉིས་དང་། ཀྲུང་གོར་མཉམ་ལས་བྱེད་པའི་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཙུང་ཐུང་ཟུར་པ་ཉི་ཁི་ལིས་ཆི་བཟའ་ཟླ་གཉིས། གྲོས་དཔོན་པུའུ་ཨར་ནཱ་པིས་ཆི། ཙུང་ལི་ཝུའུ་ཆའེ་ཝེ་ཆི། ཕྱི་འབྲེལ་པུའུ་ཀྲང་ཅིའུ་ལིས་ཆི་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཝུའུ་ཆི་ཆི་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཐུན་མོང་མ་ཡིན་པའི་མགྲོན་བསུའི་མཛད་སྒོ་བསྡུས། སེར་ཝེ་ཡའི་ལོ་ཆུང་བྱིས་པས་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་ལ་མེ་ཏོག་ཕུལ་བ་དང་། ཀྲུང་གོ་དང་སེར་ཝེ་ཡའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ལ། མི་རིགས་ཀྱི་གྱོན་ཆས་གྱོན་པའི་སེར་ཝེ་ཡའི་མང་ཚོགས་ཀྱིས་གླུ་གར་འཁྲབ་སྟོན་བྱས་ཏེ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་སེར་ཝེ་ཡའི་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་ཅི་རིགས་ཀྱི་ཚོད་བགམ་ཐེག་ནས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་བསྐྲུན་ཡོད། 2016ལོར་རྒྱལ་ཁབ་གཉིས་ཀའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་ཀས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྲ་ཞིང་བརྟན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་དེ་བསྟུན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། མི་སྣ་འགྲོ་འོང་བྱེད་ཚད་སྔར་ལས་ཇེ་མང་དུ་ཕྱིན་པ་དང་མཛའ་མཐུན་བློ་རྩ་བརྟན་པོ་མིའི་སེམས་གཏིང་དུ་སིམ་ཡོད། ཀྲུང་གོ་དང་སེར་ཝེ་ཡའི་མཉམ་ལས་དེ་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་བཙུགས་ཡོད་པ་དེ་ནི། རྒྱལ་ཁབ་གཉིས་ཀའི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་ལ་ཀུན་ནས་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ། ཐོག་མའི་བསམ་འདུན་མི་བརྗེད་པར་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། སྒུལ་ཤུགས་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། སྤུས་ཚད་སྔར་ལས་མཐོ་བ་བཅས་ཀྱི་མཉམ་ལས་རྣམ་པ་གསར་པ་བསྐྲུན་འདོད་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲི་འདི་གོ་སྐབས་སུ་བརྩིས་ནས། ཙུང་ཐུང་ཝུའུ་ཆི་ཆི་དང་མཉམ་དུ། ཕྱོགས་གཉིས་ཀའི་འབྲེལ་བ་དང་དེ་བཞིན་མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་གནད་དོན་གཞན་དག་གི་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་གནང་ནས། མཛའ་མཐུན་མཉམ་གླེང་དང་མཉམ་ལས་མཉམ་གྲོས། འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བརར་མཉམ་དུ་འཆར་འགོད་བྱ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད། ད་ཐེངས་ཀྱི་འཚམས་འདྲིར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།
ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་མཉམ་དུ་འབྱོར།
སེར་ཝེར་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་མེན་གྱིས་ཀྱང་གནམ་གྲུ་ཐང་དུ་བསུ་མ་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།