ཞི་ཅིན་ཕིང་གིས་ཀྲ་ཏི་ཡི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་མུའུ་ཧན་མོ་ཏིར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2024.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ5པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མུའུ་ཧན་མོ་ཏི་ཀྲ་ཏི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ཀྲ་ཏི་བར་འཕེལ་རྒྱས་ཀྱི་གནས་བབ་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་།    ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་སོང་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་།    རྒྱལ་སྤྱིའི་མཉམ་ལས་སྔར་ལས་དམ་ཟབ་ཏུ་ཕྱིན་ཡོད།     ངས་ཀྲུང་གོ་དང་ཀྲ་ཏིའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཙུང་ཐུང་མུའུ་ཧན་མོ་ཏི་དང་མཉམ་དུ་འབད་བརྩོན་བྱས་ནས། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཉམ་ལས་གྲོགས་པོའི་འབྲེལ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་པོའི་སྒོ་ནས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ཤ་བོ་རིན་མཚོས་བསྒྱུར།