ཞི་ཅིན་ཕིང་གིས་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་།
2024.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བར་མཐོར་འདེགས་སུ་བཏང་བ་ཁྱབ་སྒྲོག་གནང་།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་ཨོ་པིས་ཨང་ལ་བསུ་མ་ཞུ་བའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལིས་ཡོན་གྱིས་ཨོ་པིས་ཨང་དང་ལྕམ་མོ་ཁང་སི་ཐན་ཞི་ཡ་དང་མཉམ་དུ་མཉམ་པར་སྐྱོན་པའི་རྣམ་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་ནི་བློ་གཏད་ཆོག་པའི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡིན་ལ། ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡིན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཤིང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་ཆེས་སེམས་ཁུར་བྱེད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧྥེ་གླིང་རྒྱལ་ཁབ་མཛའ་བརྩེ་ཟོལ་མེད་སྒོས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། གནས་བབ་གསར་པའི་འོག ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་འབྲེལ་བ་སྲ་བརྟན་བཟང་པོ་དང་འཕེལ་རྒྱས་གང་ལེགས་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་འདུན་དང་མཐུན་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡས་རང་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་ལ་སྲུང་སྐྱོབ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ། རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བགྲོད་ལམ་རང་བདག་སྒོས་འཚོལ་ཞིབ་བྱེད་པར་འགྱུར་བ་མེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། ཐིག་དམར་ཀུའེ་ནེ་ཡའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བ་མཐོར་འདེགས་སུ་གཏོང་བ་གོ་སྐབས་སུ་བྱས་ཏེ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་། བཅོས་སྒྱུར་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཡུན་རིང་དུ་གནས་ཐུབ་པར་སྒུལ་ཤུགས་སྣོན་རྒྱུར་འཐད་པ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཐིག་དམར་ཀུའེ་ནེ་ཡས་དཔལ་འབྱོར་སྣེ་མང་ཅན་དང་བཟོ་ལས་ཅན་དུ་སྐུལ་འདེད་གཏོང་བའི་ཐད་ལ་འབད་པ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་བྱ་བ་དེ་ཐིག་དམར་ཀུའེ་ནེ་ཡའི2035ལོའི་རྒྱལ་ཁབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་དང་སྦྲེལ་མཐུད་དམ་ཟབ་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་སྤུས་འདེགས་ནུས་འཕར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་དང་ལྡན་པའི་ཀྲུང་གོའི་ཁེ་ལས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་རུ་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ལ། ཐིག་དམར་ཀུའེ་ནེ་ཡའི་བར་དུ་ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་། ཞིང་ལས་ལག་རྩལ་གྱི་རོགས་སྐྱོར་རྣམ་གྲངས་མུ་མཐུད་སྤེལ་བ། ཀྲུང་གོའི་སྨན་བཅོས་རུ་ཁག་དང་། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་མཛའ་འབྲེལ་སྨན་ཁང་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེའི་རྒྱུན་བསྐྱངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་རྙོག་འཛིང་ཆེ་ཞིང་། ལོ་བརྒྱའི་འགྱུར་ལྡོག་གི་འཕེལ་རིམ་ཇེ་མགྱོགས་སུ་སོང་བ་དང་། མིའི་རིགས་ཀྱི་སྤྱི་ཚོགས་སྔར་བྱུང་མྱོང་མེད་པའི་འགྲན་རྩོད་ལ་འཕྲད་ཡོད་པས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱུ་དེ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་གལ་འགངས་ཆེ་བར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་སོགས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་དགོངས་དོན་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་བཅས་ལ་འཐད་པ་ཡིན། ཧྥེ་གླིང་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་ནི་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་ཕྱོགས་དང་མཉམ་དུ་སྐབས་གསར་པའི་ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་མགོ་ཡག་པོ་ཞིག་བརྩམས་ཏེ། སྲོལ་རྒྱུན་མཛའ་བརྩེ་སྔར་ལས་དར་སྤེལ་དང་། མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མ་འོངས་འཕེལ་རྒྱས་ཀྱི་མཉམ་ལས་འཆར་གཞིར་མཉམ་དུ་གྲོས་མོལ་བྱས་ནས། ཀྲུང་གོ་དང་ཧྥེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་འབྲི་མགོ་རྩོམ་པར་འཐད་པ་ཡིན་ཞེས་ནན་གྱིས་གསུངས།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་།

ཨོ་པིས་ཨང་གིས་བཤད་རྒྱུར། ཀྲུང་གོ་ནི་རླབས་ཆེ་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཅིག་དང་། ཐིག་དམར་ཀུའེ་ནེ་ཡའི་སྤུན་ཟླ་བཟང་པོ་དང་བློ་གཏད་ཆོག་པའི་འཐབ་ཇུས་ཟླ་གྲོགས་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ54འགོར་བའི་རིང་། ཕྱོགས་གཉིས་ཀྱི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་ངང་འཕེལ་རྒྱས་སུ་སོང་ཡོད་ལ། ད་ལྟ་ལོ་རྒྱུས་ཀྱི་ཆེས་ལེགས་པའི་དུས་སྐབས་སུ་གནས་ཡོད། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་མཉམ་ལས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་བཙུགས་ཡོད་པས་བཙན་འགེལ་བྱས་པ་ཞིག་གཏན་ནས་མིན། ཀྲུང་གོའི་ཧྥེ་གླིང་རོགས་སྐྱོར་སྨན་བཅོས་རུ་ཁག་དང་། རོགས་བྱས་ནས་བཙུགས་པའི་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་མཛའ་འབྲེལ་སྨན་ཁང་སོགས་རྣམ་གྲངས་གལ་ཆེན་གྱིས་ས་གནས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་།  ཧྥེ་གླིང་དང་ཀྲུང་གོའི་མཛའ་བརྩེའི་མཚོན་རྟགས་སུ་གྱུར་ཡོད། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོ་ཕྱོགས་དང་སྒོ་འབྱེད་གང་ལེགས་བྱས་ཏེ། ཀྲུང་གོའི་ཁེ་ལས་ཐིག་དམར་ཀུའེ་ནེ་ཡར་ཡོང་ནས་དངུལ་གཏོང་མཉམ་ལས་བྱེད་པ་དང་། ཐིག་དམར་ཀུའེ་ནེ་ཡས་དཔལ་འབྱོར་སྣེ་མང་ཅན་དང་བཟོ་ལས་ཅན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པ། རྒྱལ་ཁབ་ཀྱི་ཡུན་རིང་བདེ་ཐང་འཕེལ་རྒྱས་མངོན་འགྱུར་བྱེད་རོགས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པ།  འཛམ་གླིང་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་བདེ་འཇགས་གྲོས་གཞི། འཛམ་གླིང་དཔལ་ཡོན་གྲོས་གཞི་བཅས་ནི། མིའི་རིགས་ཀྱི་ཞེ་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ཕན་ཐོགས་ཡོད། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོ་ཕྱོགས་ཀྱིས་ས་གནས་ཀྱི་གནད་དོན་གཙོ་བོ་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་།  འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབད་པ་བྱེད་སྟངས་ལ་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླེང་སྟེགས་དང་། གསེར་གྱོམ་རྒྱལ་ཁབ་སོགས་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་རྒྱུ་ཡིན། འཛམ་གླིང་སྟེང་ཀྲུང་གོ་གཅིག་མ་གཏོགས་མེད་ལ། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པར་འདོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་ཐུབ་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པས། རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པར་མ་ཟད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཡོངས་སུ་གཅིག་གྱུར་བྱེད་པའི་ཐད་བཏོན་པའི་འབད་བརྩོད་ཡོད་ཚད་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ངེས་ཡིན་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དངུལ་གཏོང་དང་། དཔལ་འབྱོར་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། འཛམ་གླིང་འཕེལ་རྒྱས་གྲོས་གཞི་དངོས་འབེབས་བྱེད་པ་སོགས་ཁྱབ་ཁོངས་མང་པོའི་ཐད་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་། གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐིག་དམར་ཀུའེ་ནེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་ཨོ་པིས་ཨང་དང་ལྕམ་མོ་ཁང་སི་ཐན་ཞི་ཡ་གཉིས་ལ་དགའ་བསུའི་བྱེད་སྒོ་སྤེལ།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་། གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་ཨོ་པིས་ཨང་དང་ལྕམ་མོ་ཁང་སི་ཐན་ཞི་ཡ་གཉིས་ལ་དགའ་བསུའི་བྱེད་སྒོ་སྤེལ།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་། གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་ཨོ་པིས་ཨང་ལ་བསུ་མ་ཞུ་བའི་བྱེད་སྒོ་སྤེལ།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་། གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་ཨོ་པིས་ཨང་ལ་བསུ་མ་ཞུ་བའི་བྱེད་སྒོ་སྤེལ།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་དང་གྲོས་མོལ་གནང་། གྲོས་མོལ་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མའི་ཕྱི་རོལ་ཐང་ཆེན་དུ་ཨོ་པིས་ཨང་ལ་བསུ་མ་ཞུ་བའི་བྱེད་སྒོ་སྤེལ།

ཨོ་པིས་ཨང་སླེབས་མ་ཐག གུས་ཞབས་དམག་བསྟར་རུ་དཔུང་གིས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་བྱོན་པ་ན། དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས21གྲགས། ཨོ་པིས་ཨང་གིས་ཞི་ཅིན་ཕིང་གི་འགྲོ་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད། ཕྲེང་བསྒྲིགས་རྣམ་པར་ཞིབ་གཟིགས་མཛད།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོངས་ཁང་དུ་ཨོ་པིས་ཨང་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།