ཟླ6པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་པའོ་མུའུ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་ཁོ་མོ་མོ་ཞི་ཁོ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། མོ་ཞི་ཁོ་ནི་ལཱ་ཏེན་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཚོང་རའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་དང་མོ་ཞི་ཁོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན། མིག་སྔར་ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་བཟང་པོ་སྲུང་འཛིན་བྱས་ཡོད་ལ། ཕན་ཚུན་གསབ་རེས་རང་བཞིན་དང་གཉིས་ཕན་རང་བཞིན་རྒྱུན་ཆད་མེད་པར་མངོན་གསལ་དུ་འགྲོ་བཞིན་ཡོད་པ་དང་། སྔ་འཛིན་ཕྱི་གཏོད་ཀྱི་གལ་ཆེའི་དུས་སྐབས་སུ་གནས་ཡོད། ངས་ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཞིན་པའོ་མུའུ་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།
ཤ་བོ་གསེར་མཚོས་བསྒྱུར།