ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ལ་མཇལ་འཕྲད་གནང་།
2024.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོ།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ལ་མཇལ་འཕྲད་གནང་།

ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོ།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་དང་ཡིད་ཆེས་ལྡན་པའི་གྲོགས་པོ་བཟང་པོ་ཡིན་ལ།    ཕན་ཚུན་རོགས་རེས་བྱེད་པའི་གྲོགས་པོ་བཟང་པོ་དང་བདེ་སྡུག་མཉམ་མྱོང་བྱེད་པའི་སྤུན་ཟླ་བཟང་པོ་ཡང་ཡིན།     ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་དང་ནང་གནས་སྒུལ་ཤུགས་ཆེན་པོ།    འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་བཅས་ལྡན་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་མཉམ་ལས་ཀྱི་འབྲེལ་ཐག་ཇེ་དམ་དུ་གཏོང་བ་དང་། འཐབ་ཇུས་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ།    དུས་རབས་གསར་པའི་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་ངང་བསྐྲུན་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་།    འཕེལ་རྒྱས།    དར་རྒྱས་བཅས་ཀྱི་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཅེས་གསུངས།

ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོ།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་བརྩེ་ཡུན་རིང་བ་དང་བརྟན་པོ་ཡིན་པའི་འགག་རྩ་ནི་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱུས་ལོན་དང་ཚད་མཐོའི་ཡིད་ཆེས།    རྒྱབ་སྐྱོར་བརྟན་པོ་བཅས་བྱས་པས་རེད།     ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེན་པོར་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོར་ཡུན་རིང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།     ཀྲུང་གོ་ཕྱོགས་ཀྱིས་ཀྱང་སྔར་བཞིན་ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་།    ཕ་ཁི་སི་ཐན་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཕ་ཁི་སི་ཐན་ཕྱོགས་ཀྱི་འཕེལ་རྒྱས་འཆར་འགོད་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།    ཡུལ་བབ་དང་བསྟུན་ནས་ཞིང་ལས་དང་གཏེར་ལས།    སྤྱི་ཚོགས་དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་ཏེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས“རིམ་སྤོར་པར་གཞི”བསྐྲུན་པ་ལྟེ་བར་བྱས་ནས། འཕར་སྣོན་དང་དམངས་འཚོ།    གསར་གཏོད།    ལྗང་མདོག སྒོ་འབྱེད་བཅས་ཀྱི “བར་ཁྱམས་ཆེན་པོ་ལྔ”མཉམ་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་མཉམ་སྐྲུན་ཁྲོད་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ཕ་ཁི་སི་ཐན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་འདོད་ཡོད།     ཕ་ཁི་སི་ཐན་ཕྱོགས་ཀྱིས་བདེ་འཇགས་དང་བརྟན་པོ།    སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་གཏོད་ནས། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་ལས་གཞི།    སྒྲིག་གཞི་བཅས་ཀྱི་བདེ་འཇགས་ལ་དངོས་སུ་འགན་སྲུང་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་བར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ནང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཇེ་ཆེར་བཏང་ནས། འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་།    འཕེལ་རྒྱས་ཀྱི་གྲོས་རིམ་ལ་དམིགས་ནས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ།    འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ཞ་པ་ཚི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོས་དབུལ་ཐར་དང་རུལ་རྒོལ། འཕེལ་རྒྱས་བཅས་ཀྱི་ཐད་འཛམ་གླིང་གིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་བླངས་ཡོད།   ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བོ་དང་ཕུལ་དུ་བྱུང་བའི་འགོ་ཁྲིད་ནུས་པ་ལ་ཕ་ཁི་སི་ཐན་མི་དམངས་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་སྙིང་ཐག་པ་ནས་གུས་བཀུར་དང་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ལ་དམིགས་ནས་འཛམ་གླིང་གི་ཞི་བདེར་སྐུལ་འདེད་ཧུར་ཐག་བཏང་བ་དང་།    གྲོས་མོལ་བྱེད་པ་ལས་འགྲན་རྒོལ་མི་བྱེད་པའི་འདོད་ཚུལ་འཛིན་བཞིན་ཡོད་ལ།    “རྒྱུད་གཅིག་ལམ་གཅིག”དང་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ།    འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་བཏོན་ནས་དེང་སྐབས་འཛམ་གླིང་ལ་འཕྲད་པའི་གནད་དོན་ཐག་གཅོད་པ་དང་། ཞི་བདེ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་ཀྱི་སྣེ་ཁྲིད་འདོན་སྤྲོད་བྱས་ཡོད་པས། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱིན་ཡོད།     ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཕ་ཁི་སི་ཐན་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད།     ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། ཀྲུང་གོ་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས་མུ་མཐུད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ད་ལོའི་ཟླ3པར་ཕ་ཁི་སི་ཐན་སྲིད་གཞུང་གིས་སླར་ཡང་ཏ་སུའུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལས་ཀྲུང་གོ་ཕྱོགས་ཀྱི་མི་སྣ་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་པར་རྡུང་རྡེག་ནན་མོ་བཏང་བར་མ་ཟད་ཆད་གཅོད་ནན་མོ་བྱས་ལ། བྱེད་ཐབས་ནུས་ལྡན་སྤྱད་དེ་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་ལས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས།    ཀྲུང་གོ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་བཀག་འགོག་བྱེད་ཐུབ་པའི་སྟོབས་ཤུགས་ཅི་ཡང་མེད་པ་དང་། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་བརྩེ་ལ་གཡོ་འགུལ་ཐེབས་ཐུབ་པའི་སྟོབས་ཤུགས་ཅི་ཡང་མེད་པ་ངས་ཡང་བསྐྱར་སྒྲོག་འདོད།     ཕ་ཁི་སི་ཐན་ཕྱོགས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་བློ་གཏད་ཆོག་པའི་གྲོགས་པོ་བྱ་རྒྱུ་ཡིན།     ཀྲུང་གོ་གཅིག་གི་རྩ་དོན་ནི་ཕ་ཁི་སི་ཐན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱིས་ཁས་ལེན་བྱས་པ་ཞིག་ཡིན་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་རེད།     ཕ་ཁི་སི་ཐན་ཕྱོགས་ཀྱིས་ཐའེ་ཝན་དང་བོད། ཞིན་ཅང་།  རྒྱ་མཚོ་ལྷོ་མ་སོགས་དང་འབྲེལ་བའི་སྲོག་ཤིང་ཁེ་ཕན་སྐོར་གྱི་གནད་དོན་ཚང་མའི་ཐད་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཟེར།

ཝང་དབྱི་དང་ཀྲང་ཡིའུ་ཞ་མཇལ་འཕྲད་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།