ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་པ།
2024.06.19 ཁུངས། ཀློག་གྲངས། 38

ཟླ6པའི་ཚེས18ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་མཛད། ཁོང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་གྱི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དུ་ཕེབས་ཏེ། གནས་དེས་སློབ་གསོའི་བྱ་བའི་ཤར་ནུབ་རྒྱུད་རོགས་རེས་དང་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བའི་སློབ་གསོ་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།











ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།