ཟླ7པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སཱ་མན་ཧྲ.མོ་སི་ཐེན་ལ་གློག་འཕྲིན་བཏང་ནས། ཁོ་མོས་ཨོ་སི་ཁྲུ་ལི་ཡཱའི་ཙུང་ཏུའུ་ཡི་འགན་ཁུར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་གཉིས་ནི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་དང་འཛམ་གླིང་སྣེ་མང་ཅན་གྱི་བརྒྱུད་རིམ་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཡིན། བདེ་ཐང་དང་གཏན་འཇགས་འཕེལ་རྒྱས་ཀྱི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འབྲེལ་བ་དེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བ་དང་ཡུན་རིང་གི་ཁེ་ཕན་དང་མཐུན་པ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས། དར་རྒྱས་བཅས་ལ་ཕན་པ་ཡོད། ངས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འབྲེལ་བ་འཕེལ་རྒྱས་་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡཱ་དང་མཉམ་དུ་འབད་འཐབ་བྱས་ནས། ཕན་ཚུན་བརྩི་བཀུར་དང་གཉིས་ཕན་མཉམ་རྒྱལ། མཐུན་པ་ཡོངས་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་རྩ་དོན་གཞིར་བཟུང་ནས། སྔར་ལས་ཆ་ཚང་བརྟན་འཇགས་དང་སྔར་ལས་གྲུབ་འབྲས་ལྡན་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
རིན་ཆེན་མཚོས་བསྒྱུར།