ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧང་ག་རིའི་ཙུང་ལི་ཨོའར་པན་ལ་མཇལ་འཕྲད་གནང་།
ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧང་ག་རིའི་ཙུང་ལི་ཨོའར་པན་ལ་མཇལ་འཕྲད་གནང་།
ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧང་ག་རིའི་ཙུང་ལི་ཨོའར་པན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཟླ་གཉིས་ཀྱི་གོང་དུ་ངས་གྲུབ་འབྲས་ཐོབ་པའི་ངང་ཧང་ག་རིར་རྒྱལ་དོན་འཚམས་འདྲི་བྱས་ཤིང་། ང་ཚོས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་དེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་དེས་ད་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་ལོ་རྒྱུས་ཀྱི་དོན་སྙིང་གསར་པ་བསྣན་ཡོད་ལ། ཀྲུང་གོ་དང་ཧང་ག་རིའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཤུགས་ཆེན་བསྣན་ཡོད། གཟའ་འཁོར་རྗེས་མར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན། འདིས་ཀྲུང་གོ་དང་ཧང་ག་རིའི་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་དང་སྒུལ་ནུས་གསར་པ་བསྣོན་ངེས་རེད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། འཐབ་ཇུས་ཐད་ཀྱི་འབྲེལ་གཏུག་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་བྱས་ནས་ཀྲུང་གོ་དང་ཧང་རིའི་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པ་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཧང་ག་རིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་བར་ས་བབ་ཐད་ཀྱི་ཆབ་སྲིད་ཀྱི་འགལ་བ་དང་རྩ་བའི་ཁེ་ཕན་གྱི་འགལ་བ་མེད། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པས་བརྟན་པོ་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས། སང་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་གྲོགས་པོའི་ངེས་གནས་ཡང་དག་པ་དང་མཉམ་ལས་ཀྱི་གཙོ་རྒྱུན་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས། ཧང་ག་རི་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མཉམ་འགུལ་བཟང་པོ་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཟླ7པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧང་ག་རིའི་ཙུང་ལི་ཨོའར་པན་ལ་མཇལ་འཕྲད་གནང་།
ཨོའར་པན་གྱིས་བསྟན་དོན། ཟླ་བ་གཉིས་ཀྱི་གོང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་འཚམས་འདྲི་གནང་བ་རེད། ཟླ་བ་གཉིས་ཀྱི་རིང་ལ་ཕྱོགས་གཉིས་ཀྱིས་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་པ་དང་། མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ནས་ཧང་ག་རི་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། མིག་སྔའི་ཟིང་ཟིང་གི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་ཀྲུང་གོས་ཞི་བདེར་དགའ་ཞེན་བྱེད་པ་མ་ཟད། དགེ་མཚན་ལྡན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་ལ། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་ནི་འཛམ་གླིང་ཞི་བདེ་ལ་སྐུལ་འདེད་གཏོང་བའི་བརྟན་ལྷིང་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ནུས་པ་དང་ཤུགས་རྐྱེན་ལ་ཚད་མཐོའི་བསྔགས་བརྗོད་དང་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་འདྲིས་དང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། “ཚོགས་པ་ཆུང་བ”དང་ཕྱོགས་ཁག་མི་འདྲ་བའི་འགྲན་རྒོལ་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་གོ་སྐབས་སུ་བྱས་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་ཧུར་ཐག་སྒོས་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱིས་གཙོ་བོ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་འབྲེལ་འདྲིས་གཏིང་ཟབ་བྱས། ཨོའར་པན་གྱིས་ཉེ་ཆར་ཝུའུ་ཁི་ལན་དང་ཨུ་རུ་སིར་འཚམས་འདྲི་བྱས་པའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་། ཞི་ཅིན་ཕིང་གིས་ཨོའར་པན་གྱིས་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱས་པར་མ་ཟད་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ལྟ་ཚུལ་དང་འདོད་ཚུལ་རྒྱས་བཤད་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྔ་མོ་ནས་དམག་འཁྲུག་མཚམས་འཇོག་པ་དང་། ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་མཐུན། མིག་སྔའི་གཙོ་གནད་ནི“གཡུལ་ས་ཕྱི་ལ་མི་ཤོར་བ་དང་། དམག་འཁྲུག་རིམ་འཕར་མི་བྱེད་པ། ཕྱོགས་སོ་སོས་མེ་མདའ་མི་འཕེན་པ”བཅས་རྩ་དོན་གསུམ་ལ་བརྩི་སྲུང་བྱས་ནས་གནས་བབ་མགྱོགས་མྱུར་ངང་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་གཉིས་ཀྱིས་ཐད་ཀར་གླེང་མོལ་དང་གྲོས་མོལ་སླར་གསོ་བྱེད་པར་ཆ་རྐྱེན་བསྐྲུན་ནས་རོགས་རམ་བྱེད་དགོས། རྒྱལ་ཁབ་ཆེན་པོ་ཚང་མས་དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤེལ་བྱེད་པ་ལས་ལྡོག་ཕྱོགས་ཀྱི་ནུས་ཚད་འདོན་སྤེལ་མ་བྱས་ཚེ་འགལ་བ་དེ་གཞི་ནས་མཚམས་འཇོག་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁ་ཏ་བསླབ་བྱ་ཧུར་ཐག་སྒོས་གཏོང་པ་དང་། ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཧང་ག་རི་གཉིས་ཀྱི་གཞི་རྩའི་འདོད་ཚུལ་དང་འབད་བརྩོན་བྱེད་ཕྱོགས་གཅིག་མཐུན་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་སོ་སོ་དང་མུ་མཐུད་དུ་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།