ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ཕེ་ཆིན་དང་ཚའོ་ཆི་ཡུང་སོགས་ཕ་ཡུལ་ཉིང་པའོ་ནས་ཡིན་པའི་ཞང་ཀང་གི་ཁེ་ལས་པར་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་།
ཞི་ཅིན་ཕིང་གིས་ལོ་ངོ་དུ་མའི་རིང་ལ། ཁྱོད་ཚོས་མེས་པོ་རྣམས་ཀྱི་རྒྱལ་གཅེས་དང་ཕ་ཡུལ་ལ་གཅེས་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། གསར་གཏོད་ལས་སྐྲུན་འབད་པས་བྱས་པ་དང་སློབ་ཞུགས་ལས་དོན་ལ་ཞལ་འདེབས་ཕུལ་བ་དང་རོགས་སྐྱོར་བྱས་ནས། ཕ་ཡུལ་འཛུགས་སྐྲུན་དང་རྒྱལ་ཁབ་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་བཏོན་ཡོད་པར་མ་ཟད། བྱ་སྤྱོད་དངོས་ཀྱི་སྟེང་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་རྒྱལ་གཅེས་ཀྱི་བསམ་པ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ལ་འགྲེལ་བཤད་གང་ལེགས་བརྒྱབ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་འཐབ་བྱེད་དགོས། ཁྱོད་ཚོས་རང་རང་སོ་སོའི་ལེགས་ཆ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཁྱོན་ཡོངས་ཁྲོད་འབད་པས་ཞུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།