ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་བྱ་བར་ཤུགས་སྣོན་པའི་ཐད་མཛུབ་སྟོན་གལ་ཆེན་གནང་།
2024.08.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་བྱ་བར་ཤུགས་སྣོན་པའི་ཐད་མཛུབ་སྟོན་གལ་ཆེན་གནང་།   པེ་ཅིང་གི་དཀྱིལ་ཐིག་སྟེ་ཀྲུང་གོའི་ཡིད་སྨོན་བྱེད་སའི་རྒྱལ་སའི་སྒྲིག་ལམ་གྱི་ཕུལ་བྱུང་མཛད་པ་ཞེས་པ་དང་། པ་ཏན་ཅི་ལིན་བྱེ་ཐང་གི་བྱེ་རི་དང་མཚེའུའི་ཚོགས། ཀྲུང་གོའི་ཧོང་ཧེ་དང་པོ་ཧེ་རྒྱ་མཚོའི་དུས་བྱ་བབ་སྡོད་བྱེད་ས(དུས་ཐེངས་གཉིས་པ)”བཅས《འཛམ་གླིང་ཤུལ་བཞག་མིང་ཐོའི》ཁྲོད་ཚུད་པ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་དང་།    མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ལ། འཛམ་གླིང་དཔལ་ཡོན་གྱི་སྐྱེད་ཚལ་ལ་མཛེས་སྡུག་ལྡན་པའི་ཚོན་མདངས་བསྣན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བ་གོ་སྐབས་སུ་བྱས་ཏེ། རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོབ་ལ་སྔར་ལས་ཤུགས་བསྣན་ཏེ། དངོས་གནས་ཤུལ་བཞག་སྲུང་སྐྱོབ་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་སྲུང་སྐྱོབ་ཡག་པོ་བྱེད་དགོས།     རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་བྱེད་པའི་བྱ་བར་མུ་མཐུད་དུ་ཤུགས་བསྣན་ཏེ། དུས་རབས་གསར་པར་གསོན་ཤུགས་གསར་པ་དང་གཟི་མདངས་གསར་པ་རབ་ཏུ་རྒྱས་པར་བྱས་ནས། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་དགོས་མཁོ་སྔར་ལས་ལེགས་པོར་སྐོང་དགོས།     རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་ལག་བསྟར་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།

ཉིན་འགའི་སྔོན་ལ། རྒྱ་གར་གྱི་དྷི་ལེ་གསར་པར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས46པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། རང་རྒྱལ་གྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་འདོན་རྣམ་གྲངས“པེ་ཅིང་གི་དཀྱིལ་ཐིག་སྟེ་ཀྲུང་གོའི་ཡིད་སྨོན་བྱེད་སའི་རྒྱལ་སའི་སྒྲིག་ལམ་གྱི་ཕུལ་བྱུང་མཛད་པ་ཞེས་པ་དང་། པཱ་ཏན་ཅི་ལིན་བྱེ་ཐང་གི་བྱེ་རི་དང་མཚེའུའི་ཚོགས། ཀྲུང་གོའི་ཧོང་ཧེ་དང་པོ་ཧེ་རྒྱ་མཚོའི་དུས་བྱ་བབ་སྡོད་བྱེད་ས(དུས་ཐེངས་གཉིས་པ)”བཅས《འཛམ་གླིང་ཤུལ་བཞག་མིང་ཐོའི》ཁྲོད་ཚུད་པ་དང་།     རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་གི་བསྡོམས་གྲངས་སྣ59ཟིན་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།

ཤ་བོ་རིན་མཚོས་བསྒྱུར།