ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་བྱ་བར་ཤུགས་སྣོན་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བར་ཚུར་སྣང་དྲག་པོ་བྱུང་།
2024.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་བྱ་བར་ཤུགས་སྣོན་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། སྤྱི་ཚོགས་ལས་རིགས་སོ་སོ་རུ་ཚུར་སྣང་དྲག་པོ་བྱུང་། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་མོ་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་སྲུང་སྐྱོང་ཡག་པོ་བྱས་ཏེ། དུས་རབས་གསར་པར་རིག་གནས་དང་རང་བྱུང་ཤུལ་བཞག་ལ་གསོན་ཤུགས་གསར་པ་དང་གཟི་འོད་གསར་པ་འཕྲོ་རུ་འཇུག་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་སྲུང་སྐྱོང་ཡག་པོ་བྱས་ནས། དུས་རབས་གསར་པར་རིག་གནས་དང་རང་བྱུང་ཤུལ་བཞག་ལ་གསོན་ཤུགས་གསར་པ་དང་གཟི་འོད་གསར་པ་འཕྲོ་རུ་འཇུག་དགོས།    རྒྱ་ཆེའི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ལས་དོན་པས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལས་འཛམ་གླིང་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་ཡག་པོ་བྱེད་པའི་དོན་སྙིང་གལ་ཆེན་གསལ་བཤད་གནང་ཡོད།

རྩ་ཆེའི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཤུལ་བཞག་རེ་ཞུ་ལེགས་གྲུབ་བྱུང་བ་གོ་སྐབས་སུ་བྱས་ཏེ། རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོབ་ལ་སྔར་ལས་ཤུགས་བསྣན་ཏེ། ཤུལ་བཞག་སྲུང་སྐྱོབ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།     ཚང་མས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་མོ་བྱས་ནས། རིག་གནས་དང་རང་བྱུང་ཤུལ་བཞག་སྔར་ལས་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ཡིན་ཟེར།

ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་བྱ་བར་མུ་མཐུད་དུ་ཤུགས་བསྣན་ཏེ། དུས་རབས་གསར་པར་གསོན་ཤུགས་གསར་པ་དང་གཟི་མདངས་གསར་པ་རབ་ཏུ་རྒྱས་པར་བྱས་ནས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པོར་སྐོང་རྒྱུ་ཡིན་ཟེར།

འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་དང་རང་བྱུང་འཕེལ་འགྱུར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ།    དཔལ་ཡོན་མི་འདྲ་བའི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་ལག་བསྟར་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།

ཤ་བོ་རིན་མཚོས་བསྒྱུར།