ཞི་ཅིན་ཕིང་གིས་ཁོང་ཀོ་ཅིན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.09.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁོང་ཀོ་ཅིན་གྱི་ཙུང་ཐུང་ཆིས་སའེ་ཁི་ཏིས་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁོང་ཀོ་ཅིན་གྱི་ཙུང་ཐུང་ཆི་སའེ་ཁི་ཏིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཆིས་སའེ་ཁི་ཏིས་ཀྲུང་གོར་ཡོང་ནས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ5པར། ང་ཚོས་མཉམ་དུ་ཀྲུང་གོ་དང་ཁོང་ཀོ་ཅིན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བཏང་ཡོད། སྐབས་དེར་ང་ཚོར་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་བ་དེ་དག་དོན་འཁྱོལ་བྱས་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མགྱོགས་མྱུར་ངང་གོང་འཕེལ་བྱུང་ནས་ཕྱོགས་གཉིས་ལ་བདེ་སྐྱིད་བསྐྲུན་ཡོད་པས་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཞིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལག་རྡང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱལ་གྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཁོང་ཀོ་ཅིན་ཡང་རྒྱལ་ཁབ་དར་རྒྱས་གོང་འཕེལ་འགྲོ་བའི་དུས་རིམ་གསར་བར་སླེབས་ཡོད་པས། རྒྱལ་ཁབ་གཉིས་ནི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་གི་ལམ་གྲོགས་ཡིན་པ་དང་། བློ་སེམས་གཅིག་མཐུན་དང་གཉིས་ཕན་མཉམ་རྒྱལ། མཉམ་དུ་ཞི་བདེ་ལ་འཆར་འགོད་བྱེད་པ་བཅས་ཀྱི་གྲོགས་པོ་བཟང་བོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཅིན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་། རང་བདག་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཁོང་ཀོ་ཅིན་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་ཕན་ཚུན་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཅིང་། ཐུན་མོང་འཕེལ་རྒྱས་བརྩོན་ལེན་བྱས་ཏེ། ཞིང་ལས་དང་། གཏེར་ཐོན་ལས་སྣོན། ལས་རིགས་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མུ་མཐུད་དུ་ཁོང་ཀོ་ཕྱོགས་ལ་རོགས་རམ་བྱས་ཏེ་ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྥེ་ཕྱོགས་གཉིས་ཀྱིས་ཐེངས་འདིའི་རྩེ་ཚོགས་སྟེང་ཀྲུང་ཧྥེའི་འབྲེལ་བའི་ངེས་གནས་གསར་བ་གཏན་འཁེལ་བྱེད་རྒྱུ་ཡིན་ལ། ཀྲུང་ཧྥེ་ལག་རྡང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཏེ། མཉམ་དུ་ཀྲུང་ཧྥེའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་བ་འགོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཅིན་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། འཐབ་ཇུས་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་གཏོང་བ་དང། ལག་རྡང་སྦྲེལ་ནས་ཀྲུང་ཧྥེའི་མཉམ་ལས་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་གི་འཕོ་འགྱུར་ཆེན་པོ་ཁྲོད་དུ་ཞི་བདེ་སྙེག་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཆིས་སའེ་ཁི་ཏིས་ཀྱིས་བསྟན་དོན། ཁོང་ཀོ་ཅིན་དང་ཀྲུང་གོ་ཕྱོགས་གཉིས་ནི་སྤུན་ཟླ་ལྟ་བུ་ཡིན་པས་ཕན་ཚུན་གྱི་མཛའ་བརྩེ་ཧ་ཅང་ཟབ། ཕྱོགས་གཉིས་མཉམ་ལས་ཀྱིས་འདྲ་མཉམ་གོང་བཀུར་དང་ཚད་མཐོའི་ཡིད་རྟོན་གཞི་རྩ་རུ་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད། ཁོང་ཀོ་ཅིན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་བྱུང་མགོ་ཁྲིད་ནུས་པར་ཡིད་སྨོན་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཉམས་མྱོང་བཟང་པོར་སློབ་སྦྱོང་དང་དཔེ་ལྟོས་བྱས་ཏེ། ཀྲུང་གོ་དེ་མཉམ་ལས་གྲོགས་པོ་ཆེས་སྔོན་མར་བརྩིས་ནས། མཛའ་བརྩེ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་གཏོང་བའི་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཅིན་གྱིས་རྒྱལ་ཁབ་ཀྱི་བདག་དབང་སྒེར་ཚུགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཅིང་། ཁོང་ཀོ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་ས་ཁོངས་ཀྱི་ཁ་བྲལ་གཏོང་མི་ཆོག་པའི་ཁག་གཅིག་ཡིན་པ་ཁས་ལེན་བྱས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་གི་འཕེལ་རྒྱས་ཀྱི་ཕུགས་འདུན་མངོན་འགྱུར་འབྱུང་བར་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད་པས། ཐེངས་འདིའི་རྩེ་ཚོགས་བདེ་བླག་ངང་འཚོགས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མི་དམངས་རྣམས་ལ་དངོས་ཡོད་གྲུབ་འབྲས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པར་ཡིད་ཆེས་ཡོད་ཟེར།

རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ཁོང་ཀོ་ཅིན་ཕྱོགས་གཉིས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བ་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ། སྒོ་ཁྲལ་ལས་ཁུངས་ཀྱི་ནུས་པ་འཛུགས་སྐྲུན། གསར་འགྱུར་སོགས་ཁྱབ་ཁོངས་མང་པོའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་རྒྱུ་རེད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།