ཟླ9པའི་ཚེས5ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས5ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀུའུ་ཐི་ལེ་སི་དམིགས་བསལ་གདན་ཞུས་སྐུ་མགྲོན་གྱི་ངོས་ནས་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། སྔོན་ཏག་ཏག་ལ་ང་ཚོ་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ངས་ཐོག་དང་པོར་ཧྥེ་གླིང་ལ་འཚམས་འདྲི་བྱས་པ་དང་། ཐན་ཙན་ནི་ཡ་རུ་ཨ་ཧྥེ་རི་ཁར་ལྷག་བསམ་རྣམ་དག་འཛིན་པའི་སྲིད་ཇུས་འདུ་ཤེས་བཏོན་པར་མ་ཟད། དེའི་རྗེས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་སྐབས་རེ་རེར་ཞུགས་པ་ཡིན། ཀྲུང་གོ་ཕྱོགས་ལ་མཚོན་ན་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྒེར་གྱི་ཁེ་ཕན་གང་ཡང་མེད། དུས་རབས་ཕྱེད་ཀའི་གོང་དུ་ཀྲུང་གོས་རང་ངོས་ཀྱི་དཔལ་འབྱོར་དཀའ་ངལ་ཧ་ཅང་ཆེ་བའི་གནས་ཚུལ་འོག་ཨ་ཧྥེ་རི་ཁའི་སྤུན་ཟླ་ཚོའི་རེ་བ་དང་ལེན་བྱས་ཏེ་ཐན་ཙན་ལྕགས་ལམ་བསྐྲུན་རྒྱུར་རོགས་སྐྱོར་ཤུགས་ཆེན་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་གཏམ་རྒྱུད་བྲིས་ཡོད། ད་སོ་མ་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་ངས་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་ཀྱི་བྱ་སྤྱོད་གསར་པ་དང་བྱེད་ཐབས་གསར་པ་ཁྱབ་བསྒྲགས་བྱས་ཤིང་། ཁ་སང་ངས་ད་དུང་ཐན་ཙན་ནི་ཡ་དང་ཙན་པི་ཡ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་དང་མཉམ་དུ་ཐན་ཙན་ལྕགས་ལམ་བསྐྱར་བཀོལ་གྱི་གྲོས་མཐུན་བཀོད་པར་བདེན་དཔང་བྱས་པ་ཡིན། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བརྩེ་རྒྱུན་འཛིན་བྱ་ཆེད་ཡིན། ངས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་རེ་བ་བཏོན་པ་དང་། ཨ་ཧྥེ་རི་ཁ་དང་བཅས་པའི་འཛམ་གླིང་མི་དམངས་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པར་རེ་བ་བྱེད་བཞིན་ཡོད་ལ། དེ་ནི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་འོག་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་རེ་སྨོན་དང་ཡང་མཐུན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁར་མཐོང་ཆེན་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས་ཨ་ཧྥེ་རི་ཁར་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་མངོན་འགྱུར་ཡོང་བར་མཉམ་དུ་རོགས་ཤུགས་འདོན་འདོད་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་དང་དེང་སྐབས་འཛམ་གླིང་གི་གནས་བབ་ལ་བཟུང་བའི་ལྟ་ཚུལ་ངོ་སྤྲོད་གནང་སྟེ་བསྟན་དོན། མ་འོངས་པར་ངེས་གཏན་མིན་པའི་རང་བཞིན་སྣ་ཚོགས་ཡོད་པ་དང་ཐ་ན་གནས་ཚུལ་འཇིགས་སུ་རུང་བ་ཡོད་ཀྱང་མིའི་རིགས་འཕེལ་རྒྱས་དང་ཡར་ཐོན་གྱི་ཁ་ཕྱོགས་ཆེན་པོར་འགྱུར་ལྡོག་འབྱུང་མི་སྲིད། ངས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དེ་བཞིན་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་བཏོན་པ་ཡིན། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཏེ་མིའི་རིགས་མཉམ་འདུག་བྱེད་པའི་གྲུ་གཟིངས་ཆེན་པོ་འདི་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་ཟེར་ལྡན་པའི་མདུན་ལམ་ཕྱོགས་སུ་བསྐྱོད་རྒྱུའི་རེ་བ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་སྔར་ལས་མང་པོ་མཁོ་འདོན་བྱ་རྒྱུ་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་གསར་པ་སྣོན་ངེས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དུ་བསྟར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་སྲོག་ཤིང་གི་ནུས་པ་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་འབྲེལ་གྱིས་བརྟན་སྲུང་བྱེད་པའི་རྩ་དོན་ཞིག་ཡིན་པས་འགྱུར་ལྡོག་གཏོང་མི་སྲིད། མིག་སྔར། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་འདྲེས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་གལ་ཆེན་སྔར་ལས་མངོན་གསལ་དུ་ཕྱིན་ཡོད་པས། སྔར་ལས་ཧུར་བརྩོན་གྱིས་བྱ་བ་སྒྲུབ་དགོས། ཀྲུང་གོ་ཕྱོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་ལས་དོན་ཁྲོད་མུ་མཐུད་དུ་ཧུར་ཐག་གིས་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་འོངས་རྩེ་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། མིས་བཟོས་རིག་ནུས་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན།
ཟླ9པའི་ཚེས5ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།
ཀུའུ་ཐི་ལེ་སི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ང་རང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་གདན་འདྲེན་བྱས་པར་བཀའ་དྲིན་ཞུ་རྒྱུ་ཡིན། ལོ་རྒྱུས་སྟེང་ཨ་ཧྥེ་རི་ཁ་ནི་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གནོད་འཚེ་ཕོག་མཁན་གཙོ་བོ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དེ་ཨ་ཧྥེ་རི་ཁར་བྱུང་བའི་ལོ་རྒྱུས་ཀྱི་དྲང་གཞག་མིན་པ་ཇེ་ཉུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཨ་ཧྥེ་རི་ཁར་ཞི་བདེ་དང་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་བཞིན་ཡོད། ཀྲུང་གོ་ཞི་བདེའི་ངང་འཕེལ་རྒྱས་ཡོང་རྒྱུ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་ལ། མིའི་རིགས་ཡོངས་ཞི་བདེ་དང་ཡར་ཐོན་ཡོང་བར་ཕན་ཐོགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་བྲལག་དུ་གཏོང་བ་དང་། ཐུན་མོང་ཡར་ཐོན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་པ། ཕྱོགས་མང་རིང་ལུགས་མཉམ་དུ་ལག་ལེན་དུ་བསྟར་བ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་མ་འོངས་རྩེ་ཚོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་པས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ནས་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་མིས་བཟོས་རིག་ནུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱུའི་རེ་བ་ཡོད་ཟེར།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།