ཞི་ཅིན་ཕིང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
2024.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཡོངས་རྫོགས་བར་གྱི་འབྲེལ་བ་འཐབ་ཇུས་འབྲེལ་བའི་རིམ་ངོས་སུ་མཐོར་འདེགས་བཏང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་སྤྱིའི་ངེས་གནས་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་རུ་མཐོར་འདེགས་བྱས་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་དུ་དེང་རབས་ཅན་གྱི་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་སྤེལ་རྒྱུ་ཡིན་པ་ཁྱབ་བསྒྲགས་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་མཛད་སྒོར་ཞུགས།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་ཁྲང་ཨན་སྲང་ལམ་གྱི་གཞོགས་གཉིས་སུ། བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ང་གསུམ་གྱི་དར་ཆ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་དར་ཆ་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གལ་ཆེན་གནང་། པར་འདི་ནི་འགོ་རྩོམ་མཛད་སྒོའི་སྡོན་དུ། ཞི་ཅིན་ཕིང་གིས་རྩེ་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་མཉམ་པར་ལེན་བཞིན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་རྩེ་ཚོགས་ལ་ཞུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ང་གཅིག་གི་གཙོ་འཛིན་དང་སྲིད་གཞུང་གི་དཔོན་པོ། ཙུང་ཐུང་གི་འཐུས་ཚབ་གཉིས། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བཅས་དང་མཉམ་དུ་འདྲ་པར་བསྐྱོན།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གལ་ཆེན་གནང་། པར་འདི་ནི་ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་མཉམ་དུ་ཚོགས་རར་ཞུགས་པའི་ཚུལ་རེད།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གལ་ཆེན་གནང་། པར་འདི་ནི་ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་མཉམ་དུ་ཚོགས་རར་ཞུགས་པའི་ཚུལ་རེད།

《ཞི་བདེ་སྟེ་ལས་སྐལ་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་དང་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་རྣམས་མཉམ་དུ་ཚོགས་རར་ཕེབས་ནས་ཀྲུའུ་ཞིའི་སྟེགས་བུར་བཞུགས།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གལ་ཆེན་གནང་།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་བརྗོད་དོན་གསུང་བཤད་གལ་ཆེན་གནང་།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

ཟླ9པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་ཁ་བྱང་ལ《ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས》ཞེས་པའི་གཙོ་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་རྩེ་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོར་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། འབྲས་བཟང་གི་དུས་སྐབས་འདིར་། གྲོགས་པོ་གསར་རྙིང་ཚོ་དང་པེ་ཅིང་ནས་ལྷན་འཛོམས་བྱུང་སྟེ། དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱི་ཇུས་ཆེན་ལ་མཉམ་གྲོས་བྱེད་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་དེ་དུས་ཚོད་དང་རི་ཆུ་བརྒལ་ཞིང་གཅིག་རྒྱུད་གཅིག་འཛིན་བྱས་ཡོད། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་པའི་ལོ་ངོ་ཉེར་བཞིའི་རིང་དང་ལྷག་པར་དུ་དུས་རབས་གསར་པའི་ཚུན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤུན་ཟླ་གཅེན་གཅུང་ཚོས་ལྷག་བསམ་ཟོལ་མེད་ཀྱི་འདུ་ཤེས་གཞིར་བཟུང་ནས། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཁྲོད་དཔུང་བ་མཉམ་གཤིབ་དང་ལག་གདང་མཉམ་སྦྲེལ་གྱིས་ཕན་ཚུན་གྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བརྟན་པོ་བྱས་ཡོད། དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བའི་གོ་རིམ་ཁྲོད་དར་རྒྱས་གོང་འཕེལ་བཏང་སྟེ། གྲུབ་འབྲས་བཟང་བོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མང་ཚོགས་མང་པོར་ཕན་བཏགས་ཡོད། གནོད་འཚེ་ཆེན་པོ་དང་རིམས་ནད་ཆེན་པོའི་མདུན་དུ་སྐྱིད་སྡུག་མཉམ་མྱོང་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བྲིས་ཡོད། ནམ་ཡང་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་བསྐྲུན་ཡོད། ལོ་ངོ་བདུན་ཅུའི་རིང་གི་འབད་འཐབ་བརྒྱུད་དེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་སླེབས་ཡོད་ལ། མ་འོངས་པར་ཁ་ཕྱོགས་ནས། ཀྲུང་གོས་ཀྲུང་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཡོངས་བར་གྱི་འབྲེལ་བ་འཐབ་ཇུས་འབྲེལ་བའི་རིམ་ངོས་སུ་མཐོར་འདེགས་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་སྤྱིའི་ངེས་གནས་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་ཧྥེའི་ལས་སྐལ་གཅིག་མཐུན་ཚོགས་པ་རུ་མཐོར་འདེགས་གཏོང་རྒྱུའི་གྲོས་འགོ་བཏོན་པ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གཞན་གྱིས་འཕྲོག་ཐབས་མེད་པའི་དབང་ཆ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན། ཨ་ཧྥེ་རི་ཁ་ཡང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི2063ལོའི་གྲོས་རིམ་ནང་བཀོད་པའི་དེང་རབས་ཅན་གྱི་དམིགས་འབེན་ལ་ཁ་ཕྱོགས་ནས་བརྟན་བརླིང་ངང་མདུན་སྐྱོད་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་དུ་དེང་རབས་ཅན་གྱི་ཕུགས་འདུན་འཚོལ་སྙེག་བྱེད་ན། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་ཚ་རླབས་སློང་ངེས་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་འབྲི་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་ལག་རྡང་སྦྲེལ་ནས་དེང་རབས་ཅན་དྲུག་ལ་སྐུལ་འདེད་གཏོང་དགོས་ཏེ།

ལག་རྡང་སྦྲེལ་ནས་འདྲ་མཉམ་ལུགས་མཐུན་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ན། དེང་རབས་ཅན་གྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ་དང་། རྒྱལ་ཁབ་རང་ཉིད་ཀྱི་དངོས་ཡོད་དང་བསྟུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་སོ་སོས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་སོ་སོའི་ཁེ་དབང་འདྲ་མཉམ་དང་གོ་སྐབས་འདྲ་མཉམ་ལ་ཁག་ཐེག་བྱེད་དགོས།

ལག་རྡང་སྦྲེལ་ནས་སྒོ་འབྱེད་མཉམ་རྒྱལ་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། གཉིས་ཕན་མཉམ་ལས་ནི་རྒྱལ་ཁབ་རང་གི་ཡུན་རིང་དང་རྩ་བའི་ཁེ་ཕན་ལ་འཚམ་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་ཕྱོགས་དང་མཉམ་དུ་བཟོ་ལས་དང་། ཞིང་ལས། རྨང་གཞིའི་སྒྲིག་ཆས། ཉོ་ཚོང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་དམིགས་འབེན་བཀོད་དེ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དོན་འཁྱོལ་བྱེད་པའི་མ་དཔེ་མཉམ་དུ་བསྐྲུན་འདོད་ཡོད།

ལག་རྡང་སྦྲེལ་ནས་མི་དམངས་བླ་མེད་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། མིའི་རང་དབང་དང་ཕྱོགས་ཡོངས་ཀྱི་གོང་འཕེལ་མངོན་འགྱུར་བྱེད་རྒྱུ་ནི་དེང་རབས་ཅན་གྱི་ཆེས་མཇུག་མཐའི་དམིགས་འབེན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་འཇོན་མི་སྐྱེད་སྲིང་དང་དབུལ་སེལ། ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཧུར་ཐག་གིས་སྤེལ་བ་དང་། མི་དམངས་ཀྱི་དེང་རབས་ཅན་འཕེལ་རིམ་ཁྲོད་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་བབཏང་ནས། དེང་རབས་ཅན་གྱིས་མི་དམངས་ཡོངས་ལ་ཕན་འདོགས་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། 

ལག་རྡང་སྦྲེལ་ནས་སྣ་མང་དཀྱེལ་ཡངས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་འབྱུང་རྒྱུ་ནི་རེ་སྙེག་གཙོ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་མི་གཞུང་བརྗེ་རེས་དམ་ཟབ་བྱེད་པ་དང་། དཔལ་ཡོན་མི་འདྲ་བས་ཕན་ཚུན་བརྩི་བཀུར་དང་དཀྱེལ་ཡངས་མཉམ་སྤྱོད་བྱེད་པ་དར་སྤེལ་བཏང་ནས། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོར་གྲུབ་འབྲས་ཕུན་སུམ་ཚོགས་པ་ལེན་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ལག་རྡང་སྦྲེལ་ནས་སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ནི་དུས་རབས་གསར་པའི་དེང་རབས་ཅན་གྱི་མངོན་གསལ་མཚོན་རྟགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་བར་དུ་ལྗང་མདོག་འཕར་སྣོན་བྱེད་ཐབས་གསར་སྐྲུན་བྱེད་པ་དང་། ནུས་ཁུངས་ཀྱི་ཁྱབ་ནུས་རང་བཞིན་གྱི་ཁྱད་པར་ཇེ་ཆུང་དུ་གཏོང་བ་དང་། ཐུན་མོང་དུ་ཡོད་ནའང་ཁྱད་པར་ལྡན་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཧྲིལ་བོའི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ལག་རྡང་སྦྲེལ་ནས་ཞི་བའི་བདེ་འཇགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། དེང་རབས་ཅན་དེ་ཞི་བདེ་བརྟན་བརླིང་གི་འཕེལ་རྒྱས་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་རོགས་བྱས་ནས་རང་བདག་གིས་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་དང་། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ་དེ་སྔོན་ལ་ཨ་ཧྥེ་རི་ཁ་རུ་དོན་ཐོག་ཏུ་འཁྱོལ་བར་མཉམ་དུ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་འཛམ་གླིང་སྤྱིའི་མི་འབོར་གྱི་སུམ་ཆའི་གཅིག་ཟིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དེང་རབས་ཅན་མེད་ན་འཛམ་གླིང་གི་དེང་རབས་ཅན་མེད། མ་འོངས་པའི་ལོ་གསུམ་གྱི་རིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་དེང་རབས་ཅན་གྱི་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་ལག་བསྟར་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དེང་རབས་ཅན་ལ་ཁྲིད་སྟོན་བྱེད་འདོད་ཡོད།

གཅིག དཔལ་ཡོན་དཔེ་ལྟའི་གྲོགས་པོའི་འགུལ་སྐྱོད།  ཀྲུང་གོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་སྟེགས་བུ་བསྐྲུན་པ་དང་། ཀྲུང་ཧྥེ་འཕེལ་རྒྱས་ཤེས་བྱའི་དྲ་རྒྱ་དང་ཀྲུང་ཧྥེ་ཞིབ་འཇུག་ལྟེ་གནས་ཉེར་ལྔ་བཙུགས་ཏེ། ཨ་ཧྥེ་རི་ཁའི་སྲིད་ཏང་གི་མི་སྣ་སྟོང་གཅིག་ཀྲུང་གོར་ཡོང་ནས་བརྗེ་རེས་བྱེད་པར་གདན་ཞུ་བྱེད་འདོད་ཡོད།

གཉིས། ཉོ་ཚོང་དར་རྒྱས་ཀྱི་གྲོགས་པོའི་འགུལ་སྐྱོད། ཀྲུང་གོས་རང་འགུལ་གྱིས་ཕྱོགས་གཅིག་པུས་ཚོང་ར་སྒོ་འབྱེད་རྒྱ་བསྐྱེད་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་གསུམ་ནང་དུ་འདུ་བའི་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་བརྒྱ་ཆའི་བརྒྱའི་ཁྲལ་བསྡུ་ཐོན་རྫས་ལ་སྒོ་ཁྲལ་མི་བསྡུ་རྒྱུའི་གཏན་ཁེལ་བྱས་ནས། ཀྲུང་གོའི་ཚོང་ར་ཆེན་པོ་དེ་ཨ་ཧྥེ་རི་ཁའི་གོ་སྐབས་ཆེན་པོ་རུ་འགྱུར་བར་བྱེད་འདོད་ཡོད། ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཚད་རྒྱ་བསྐྱེད་པ་དང་། གློག་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་ཧྥེའི་སྤུས་ཚད་མཐོར་འདེགས་འཆར་གཞི་ལག་བསྟར་བྱེད་རྒྱུ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁའི་བར་ཐུན་མོང་འཕེལ་རྒྱས་ཀྱི་གྲོགས་པོའི་འབྲེལ་བའི་སྒྲོམ་གཞིའི་གྲོས་མཐུན་བཀོད་དེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཉོ་ཚོང་དངུལ་གཏོང་ཐད་དུས་ཡུན་རིང་བོ་དང་གཏན་འཇགས། སྔོན་དཔག་ཐུབ་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།

གསུམ། ཐོན་ལས་ཕྲེང་འབྲེལ་གྱི་མཉམ་ལས་གྲོགས་པོའི་འགུལ་སྐྱོད། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་དུ་ཐོན་ལས་མཉམ་ལས་འཕར་སྣོན་ཁྱུ་ཚོགས་གསར་སྐྲུན་བྱེད་པ་དང་། ཀྲུང་ཧྥེ་དཔལ་འབྱོར་མཉམ་ལས་ཟབ་མོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ། ཨ་ཧྥེ་རི་ཁའི་ཁེ་ལས་འབྲིང་ཆུང་གི་ནུས་འདོན་འཆར་གཞི་བཀོལ་སྤྱོད་བྱེད་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞི་གྲངས་ལག་རྩལ་མཉམ་ལས་ལྟེ་གནས་མཉམ་སྐྲུན་བྱེད་པ་དང་། གཞི་གྲངས་དཔེ་སྟོན་ལས་གཞི་ཉི་ཤུ་འཛུགས་སྐྲུན་བྱེད་རྒྱུ་ཡིན།

བཞི། མཉམ་སྦྲེལ་མཉམ་མཐུད་ཀྱི་གྲོགས་པོའི་འགུལ་སྐྱོད། ཀྲུང་གོས་ཨ་ཧྥེ་རི་ཁ་རུ་རྨང་གཞི་སྒྲིག་ཆས་མཉམ་སྦྲེལ་ལས་གཞི་སུམ་ཅུ་ལག་བསྟར་བྱེད་པ་དང་། མཉམ་དུ་སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། སྐམ་མཚོ་མཉམ་འབྲེལ་དང་མཉམ་ལས་འཕེལ་རྒྱས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་གསར་སྐྲུན་བྱེད་འདོད་ཡོད། ཨ་ཧྥེ་རི་ཁའི་སྐམ་སའི་རང་དབང་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་རོགས་འདེགས་བྱེདཔ་དང་། དངོས་སྐྱེལ་དང་དངུལ་རྩའི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཨ་ཧྥེ་རི་ཁའི་ཁོངས་བརྒལ་འཕེལ་རྒྱས་ཐད་རམ་འདེགས་བྱེད་འདོད་ཡོད།

ལྔ། འཕེལ་རྒྱས་མཉམ་ལས་ཀྱི་གྲོགས་པོའི་འགུལ་སྐྱོད། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་དུ་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོའི་སྒྲོམ་གཞིའི་ནང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། ཆུང་ཞིང་མཛེས་པའི་དམངས་ཚིས་ལས་གཞི་སྟོང་གཅིག་ལག་བསྟར་བྱེད་འདོད་ཡོད། ཀྲུང་གོ་དང་འཛམ་གླིང་དངུལ་ཁང་གི་གྲོགས་པོའི་འབྲེལ་བའི་ཐེབས་རྩར་མ་དངུལ་གཏོང་བ་དང་། 2026ལོའི་ན་གཞོན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང2027ལོའི་ཨ་ཧྥེ་རི་ཁའི་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་ཚོགས་བསྡུ་བར་རྒྱབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕན་འདོགས་པར་སྐུལ་འདེད་གཏོང་འདོད་ཡོད།

དྲུག འཕྲོད་བསྟེན་བདེ་ཐང་གི་གྲོགས་པོའི་འགུལ་སྐྱོད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཀྲུང་ཧྥེ་སྨན་ཁང་མནའ་འབྲེལ་འཛུགས་པ་དང་། མཉམ་འབྲེལ་གསོ་རིག་ལྟེ་གནས་འཛུགས་འདོད་ཡོད། ཨ་ཧྥེ་རི་ཁར་སྨན་བཅོས་མི་སྣ་སྟོང་གཉིས་མངག་གཏོང་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་དང་འདར་ནད་འགོག་རྒོལ་བྱེད་པའི་ལས་གཞི་ཉི་ཤུ་ལག་བསྟར་བྱེད་པ། ཀྲུང་གོའི་ཁེ་ལས་ཀྱིས་སྨན་རྫས་ཐོན་སྐྱེད་ཐད་མ་དངུལ་གཏོང་བར་སྐུལ་འདེད་བཏང་ནས། མུ་མཐུད་དུ་ཨ་ཧྥེ་རི་ཁའི་རིམས་ནད་ཐད་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་རྒྱུ་ཡིན་ལ། ཨ་ཧྥེ་རི་ཁའི་རིམས་འགོག་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་སྤྱི་ཐུན་འཕྲོད་བསྟེན་ནུས་པ་མཐོར་འདེགས་གཏོང་རྒྱུ་ཡིན།

བདུན། ཞིང་དར་དམངས་ཕན་གྱི་གྲོགས་པོའི་འགུལ་སྐྱོད། ཀྲུང་གོས་ཨ་ཧྥེ་རི་ཁར་སྒོར་ཐེར་འབུམ་གཅིག་གི་བྲེལ་མྱུར་འབྲུ་རིགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་། མུའུ་འབུམ་གཅིག་གི་ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ། ཞིང་ལས་ཆེད་མཁས་པ་ལྔ་བརྒྱ་མངགས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་ཚན་རྩལ་མནའ་འབྲེལ་འཛུགས་འདོད་ཡོད། སྤྱི་ཕན་ལས་གཞི་ལྔ་བརྒྱ་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་ཕན་ཚུན་རྒྱལ་ཁབ་ཏུ་སོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་རུ་ལས་ཞུགས་ལས་རྐང་ས་ཡ་གཅིག་ཙམ་འདོན་སྤྲོད་བྱེད་འདོད་ཡོད།

བརྒྱད། མི་གཞུང་བརྗེ་རེས་ཀྱི་གྲོགས་པོའི་འགུལ་སྐྱོད། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་དུ་མ་འོངས་པའི་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་འཆར་གཞི་ལ་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་ལག་རྩལ་སློབ་གླིང་མཉམ་སྐྲུན་དང་ལུའུ་པན་བཟོ་ཁང་བཅུ་འཛུགས་སྐྲུན་བྱེད་འདོད་ཡོད། གཙོ་བོར་ཨ་ཧྥེ་རི་ཁའི་བུད་མེད་དང་ན་གཞོན་ལ་ཁ་ཕྱོགས་ནས། ཟབ་སྦྱོང་མིང་ཐོ་ཁྲི་དྲུག་འདོན་སྤྲོད་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་གནས་དར་གོས་ཚོང་ལམ་འཆར་གཞི་དང་རྒྱང་སྒྲོག་བརྙན་འཕྲིན་གྱི་གསར་གཏོད་མཉམ་ལས་འཆར་གཞི་མཉམ་དུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། 2026ལོ་དེ་ཀྲུང་ཧྥེ་མི་གཞུང་བརྗེ་རེས་ལོ་རུ་གཏན་ཁེལ་བྱེད་རྒྱུ་ཡིན།

དགུ ལྗང་མདོག་འཕེལ་རྒྱས་ཀྱི་གྲོགས་པའི་འགུལ་སྐྱོད། ཀྲུང་གོས་ཨ་ཧྥེ་རི་ཁ་རུ་དག་གཙང་ནུས་ཁུངས་ལས་གཞི་སུམ་ཅུ་ལག་བསྟར་བྱེད་པ་དང་། གནམ་གཤིས་ཀྱི་སྔོན་དུས་ཉེན་བརྡའི་ལས་སྒོའི་སྟེགས་བུ་འཛུགས་སྐྲུན་བྱེད་པ། གནོད་འགོག་གནོད་སྐྱོབ་གནོད་སེལ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་མཉམ་ལས་སྤེལ་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཉིང་རྡུལ་ལག་རྩལ་ཞི་སྤྱོད་གླེང་སྟེགས་འཛུགས་པ་དང་། འཁོར་སྐར་རྒྱང་ཚོར། ཟླ་བའི་གོ་ལ་དང་བར་སྣང་ལྟ་དཔྱད་བཅས་ཀྱི་མཉམ་ལས་སྤེལ་ནས། ཨ་ཧྥེ་རི་ཁས་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་འདོད་ཡོད།

བཅུ། བདེ་འཇགས་མཉམ་སྐྲུན་གྱི་གྲོགས་པོའི་འགུལ་སྐྱོད། ཀྲུང་གོས་ཨ་ཧྥེ་རི་ཁའི་བར་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ་ལག་བསྟར་བྱེད་པའི་གྲོགས་པོའི་འབྲེལ་བ་འཛུགས་པ་དང་། ཨ་ཧྥེ་རི་ཁར་དམག་དཔུང་གི་འཇོན་མི་སྟོང་དྲུག་དང་ཉེན་རྟོག་ཁྲིམས་འཛིན་མི་སྣ་སྟོང་གཅིག་སྐྱེད་སྲིང་བྱེད་པ། ན་གཞོན་དཔོན་དམག་ལྔ་བརྒྱ་ཀྲུང་གོར་འཚམས་འདྲིར་ཡོང་བར་གདན་ཞུ་བྱེད་འདོད་ཡོད། ཀྲུང་གོ་དང་ཨ་་ཧྥེ་རི་ཁའི་དམག་དཔུང་གི་མཉམ་འཁྲབ་མཉམ་སྦྱོང་དང་མཉམ་འབྲེལ་སྐོར་སྐྱོད་སྤེལ་བ་དང་། ཨ་ཧྥེ་རི་ཁའི་ས་འོག་འབར་མདེལ་གྱི་ཉེན་ཁ་སེལ་བར་རམ་འདེགས་བྱེད་པའི་འགུལ་སྐྱོད་སྤེལ་ནས། མི་སྣ་དང་ལས་གཞིའི་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུ་ཡིན།

གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་ལག་བསྟར་བྱེད་ཆེད། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་རྒྱབ་སྐྱོར་ཆེན་པོ་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་ཆ་ཚང་བྱས་པ་དེས་ཀྲུང་གོར་འགྱུར་ལྡོག་ཆེན་པོ་འབྱུང་དུ་འཇུག་ངེས་པ་དང་། ཨ་ཧྥེ་རི་ཁ་རྒྱལ་ཁབ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དེང་རབས་ཅན་གྱི་ཕུགས་འདུན་འཚོལ་སྙེག་བྱེད་པའི་ཐད་གོ་སྐབས་གསར་པ་འདོན་སྤྲོད་བྱེད་པ་དང་སྒུལ་ནུས་གསར་པ་སྣོན་ངེས་ཡིན། ཨ་ཧྥེ་རི་ཁར་ལམ་གཅིག་ན་ད་གཟོད་གྲོགས་པོ་བཟང་བོ་ཡིན་ཞེས་པའི་གཏམ་དཔེ་ཞིག་ཡོད། དེང་རབས་ཅན་གྱི་བགྲོད་ལམ་སྟེང་གཅིག་ཀྱང་མེད་མི་རུང་བ་དང་། རྒྱལ་ཁབ་གཅིག་ཀྱང་རྗེས་སུ་ལུས་མི་རུང་། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ་དང་། དེང་རབས་ཅན་གྱི་སྐྱོད་ལམ་སྟེང་ལག་རྡང་སྦྲེལ་ནས་མཉམ་སྐྱོད་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་བསྒྱུར་བར་རམ་འདེགས་བྱེད་པ། མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་མཛེས་རིས་གསར་པ་བྲིས་ནས། འཛམ་གླིང་ཞི་བདེ་དང་བདེ་འཇགས། དར་རྒྱས། ཡར་ཐོན་གྱི་འོད་སྟོང་འབར་བའི་མདུན་ལམ་དུ་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་དགོས།

ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞི་རྒྱལ་ཁབ་སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅཱ་ཚི་ཝ་ཉི། ནི་ཀྲེ་རི་ཡའི་ཙུང་ཐུང་ཐིས་ནུས་པུའུ། ཐན་ཙན་ནི་ཡའི་ཙུང་ཐུང་ཧཱ་སང་། རྩེ་ཚོགས་ཀྱི་ཆེད་ཞུས་སྐུ་མགྲོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡེ་བཅས་ཀྱིས་འགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

ཨ་ཧྥེ་རི་ཁའི་འགོ་ཁྲིད་མི་སྣས་ཀྲུང་གོས་ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་གཙོ་སྒྲུབ་བྱས་པར་བཀའ་དྲིན་ཞུས་པ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་པའི་ཚུན་དང་ལྷག་པར་དུ2018ལོའི་པེ་ཅིང་རྩེ་ཚོགས་ཀྱི་ཚུན་དུ་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་མཐོན་པོ་བྱས་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་རྡང་སྦྲེལ་ནས་དེང་རབས་ཅན་གྱི་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་ལག་བསྟར་བྱེད་པའི་གྲོས་གཞི་ལ་བསྔགས་བརྗོད་མཐོན་པོ་བྱས། ཁོ་ཚོས་བསྟན་དོན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་དེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ནུས་ལྡན་སྟེགས་བུ་ཡིན་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་གཟི་བརྗིད་དཔེ་མཚོན་དུ་ཡང་གྱུར་ཡོད། གླེང་སྟེགས་མཉམ་ལས་ཀྱི་རྨང་གཞི་ནི་མཛའ་བརྩེ་དང་བརྩི་བཀུར། གཉིས་ཕན་མཉམ་རྒྱལ་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཐད་ཆབ་སྲིད་ཀྱི་ཟུར་སྣོན་ཆ་རྐྱེན་གང་ཡང་མེད་པ་དང་། ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་མཉམ་སྦྲེལ་མཉམ་མཐུད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་རེ་བར་གྱུར་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འདུ་ཤེས་འདྲ་མཚུངས་ཡིན། ཨ་ཧྥེ་རི་ཁ་ཕྱོགས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་བསྔགས་བརྗོད་མཐོན་པོ་བྱེད་པ་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་དང་མཉམ་དུ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་སོ་སོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། ཨ་ཧྥེ་རི་ཁས་ཀྲུང་གོ་གཅིག་གི་སྲིད་ཇུས་དང་བརྩི་བཀུར་དང་དེ་ལག་བསྟར་བྱེད་པ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་ཐད་ཀྱི་འབད་བརྩོན་ཡོད་ཚད་ལ་རྒྱབ་སྐྱོར་བརྟན་པོ་བྱེད་བཞིནན་ཡོད་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཝན་དང་འགྲོ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ཨ་ཧྥེ་རི་ཁས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་ཨ་ཧྥེ་རི་ཁ་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་བསྐྲུན་པར་ཡིད་ཆེས་ཡོད། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་ཀྲུང་ཧྥེ་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཛིན་བྱེད་པ་དང་། ཐེངས་འདིའི་རྩེ་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་བྱེད་པ། མཉམ་དུ་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་ཧྥེའི་ལས་སྐུལ་གཅིག་མཐུན་ཚོགས་པ་བསྐྲུན་ནས། མཉམ་དུ་ཞི་བདེ་དང་བདེ་འཇགས། དར་རྒྱས། ཡར་ཐོན་གྱི་འོད་སྟོང་འབར་བའི་མདུན་ལམ་དུ་བསྐྱོད་འདོད་ཡོད་ཟེར།

རྩེ་ཚོགས་སྟེང《དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་ཧྥེའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པའི་སྐོར་གྱི་པེ་ཅིང་བསྒྲགས་གཏམ》དང《ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་གི2025ལོ་ནས2027ལོའི་འགུལ་སྐྱོད་འཆར་གཞི》ལ་གྲོས་འཆམ་བྱུང་།

ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་ཁོངས་གཏོངས་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་དཔོན་པོ། འཐུས་ཚབ་ཚོགས་པའི་ཚོགས་གཙོ། རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་སོགས་ཀྲུང་ཕྱིའི་ལས་རིགས་སོ་སོའི་མི3200ལྷག་མགོ་རྩོམ་མཛད་སྒོར་ཞུགས།

དབྱིན་ལིས་དང་ལིས་ཧྲུའུ་ལེ། ཧི་ལིས་ཧྥིན། ཝང་ཞའོ་ཧུང་སོགས་མཛད་སྒོར་ཞུགས།

ཝང་དབྱི་ཡིས་མཛད་སྒོར་མགོ་འཛིན་བྱས།

ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་དེ2000ལོར་བཙུགས་པ་དང་། མིག་སྔར། ཀྲུང་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ང་གསུམ། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་བཅས་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་དང་རྩ་འཛུགས་ང་ལྔ་ཡོད། མགོ་རྩོམ་མཛད་སྒོའི་རྗེས་སུ་ད་དུང་སོ་སོར་རྒྱལ་སྲིད་སྐྱོང་ལུགས་དང་། བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན། ཞི་བདེ་བདེ་འཇགས་དང་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བཅས་བརྗོད་དོན་དུ་བྱས་པའི་རིམ་པ་མཐོ་བའི་གྲོས་ཚོགས་བཞི་བསྡུ་རྒྱུ་རེད།