སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་ལ་ས་གནས་སོ་སོ་རུ་ཚུར་སྣང་དྲག་པོ་བྱུང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་པས། སྲུང་སྐྱོབ་གཙོ་བོར་འཛིན་པ་དང་བཅོས་སྐྱོང་བྱེད་དགོས་པའི་འཐབ་ཇུས་ཀྱི་བླང་བྱ་དམ་འཛིན་ཡང་དག་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དེ་སྒུལ་ཤུགས་སུ་བྱས་ནས། རྒྱུན་ཆད་མེད་པར་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་དགོས་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་པའི་ཚུན་ལ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྤུས་ཚད་ཇེ་མཐོར་ཕྱིན་པ་དང་། ཆུའི་བདེ་འཇགས་འགོག་སྲུང་ནུས་པ་རྒྱུན་མཐུད་སྒོས་ཇེ་ཆེར་སོང་ཞིང་། ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་མི་ཉུང་བ་ཞིག་འཛོམས་པར་བྱས་ཡོད་ཅེས་གསུངས།
འགོ་རྩོམ་ས་སྔར་ལས་མཐོ་ས་རུ་ཕྱོགས་ཡོངས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་མཉམ་སྒྲུབ་ཀྱི་རྣམ་པ་རྒྱུན་མཐུད་སྒོས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོ་འཛུགས་དགོས། མིག་སྔར། རྨ་ཆུའི་སྟོད་རྒྱུད་དུ་ཀན་སུའུ་ལན་ཀྲུའུ་ཡིས་རེས་སྐོར་གསར་བའི་རྨ་ཆུའི་བཞུར་རྒྱུན་གཙོ་བོ་དང་ཡན་ལག་བཞུར་རྒྱུན་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། བར་རྒྱུད་དང་སྨད་རྒྱུད་དུ། ཧི་ནན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱིས་རེས་སྐོས་གསར་བའི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་ལག་བསྟར་བྱེད་མགོ་བཙུགས་ཡོད་ཅེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་ཚུར་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཐོན་ལས་མ་ལག་བསྐྲུན་དགོས། རྨ་ཆུའི་འགྲམ་ངོགས་གཉིས་ལ་བལྟས་ན། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཞིང་ལས་ཀྱི་སྟོན་བསྡུའི་རྣམ་པ་མཐོང་ཐུབ་ལ། རླུང་ནུས་ལ་བརྟེན་ནས་གློག་འོད་འགྱེད་པའི་རྟེན་གཞི་ཆེན་མོའི་རིམ་ལྡན་རྣམ་པ་བསྐྲུན་ཞིང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་སྡེ་ཚོགས་མགྱོགས་མྱུར་ངང་གྲུབ་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་མཐུད་སྒོས་རྒྱ་བསྐྱེད་དེ། རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་སྒུལ་ནུས་གསར་བ་བསྣན་ཡོས།
རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་སྒྲུབ་ཁག་ཁུར་བྱས་ནས། འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དེ་སྐས་རིམ་གསར་བར་སླེབས་པ་དང་། ལྗང་མདོག་ཚུར་སྒྱུར་དེ་འཕེལ་རིམ་གསར་བར་སླེབས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཕན་ནུས་གསར་པ་ཡོད་ཅིང་། མི་དམངས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གསར་པ་འབྱུང་བ་བཅས་ལ་སྐུལ་འདེད་བཏང་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་དགོས་ཟེར།
ལྷ་མོ་འཚོས་བསྒྱུར།